2022ལོའི་ཟླ6པའི་ཚེས18ཉིན་གྱི་མཚོ་སྔོན་གྱི་པྲོག་གསར་རིམས་ནད་ཀྱི་གནས་ཚུལ་གསར་ཤོས།

རང་རེའི་དྲ་བའི་འཕྲིན། ཟླ6པའི་ཚེས18ཉིན། མཚོ་སྔོན་དུ་གསར་དུ་བྱུང་བའི་ས་གནས་ཅན་གྱི་པྲོག་གསར་ནད་པ་མེད། ས་གནས་ཅན་གྱི་ནད་རྟགས་མེད་པའི་ནད་འགོས་མཁན་གསར་བ་བྱུང་མེད།

ཟླ6པའི་ཚེས18ཉིན་གྱི་ཆུ་ཚོད24བར་དུ། མཚོ་སྔོན་ཞིང་ཆེན་དུ་ཁྱོན་བསྡོམས་པྲོག་གསར་གློ་ཚད་བྱུང་བའི་ས་གནས་ཅན་གྱི་ནད་པ147ཡོད་ཅིང་། སྨན་ཁང་ནས་ཕྱིར་བུད་པའི་ནད་པ་ཁྱོན་བསྡོམས147ཡོད་པ་རེད།

པྲོག་གསར་གློ་ཚད་རིམས་འགོག་བྱ་བའི་བདེ་ཐང་གསལ་འདེབས།

དང་པོ། པྲོག་གསར་གློ་བའི་གཉན་ཚད་ཀྱི་འགོག་ཁབ་རྒྱག་རྒྱུ།

པྲོག་གསར་གློ་ཚད་ཀྱི་འགོག་ཁབ་རྒྱག་རྒྱུ་དེ་ནི་རིམས་ནད་ཀྱི་ཉེན་ཁ་ཇེ་ཆུང་དང་ནད་ཡམས་འགོས་རྗེས་ནད་རྟགས་ཇེ་ཡང་དུ་གཏོང་བའི་ཆེས་སྟབས་བདེ་བའི་བྱེད་ཐབས་ནུས་ལྡན་ཞིག་ཡིན། པྲོག་གསར་གློ་ཚད་ཀྱི་འགོག་ཁབ་རྒྱག་པའི་ཆ་རྐྱེན་ལྡན་པའི་མི་སྣ་ཡོད་ཚད་ལ་པྲོག་གསར་གློ་ཚད་ཀྱི་འགོག་ཁབ་ངེས་པར་དུ་རྒྱག་དགོས་ཤིང་། འགོག་ཁབ་རྒྱག་དགོས་པ་ལ་ཅི་ནུས་གང་ནུས་གང་མགྱོགས་ངང་རྒྱག་དགོས། 

གཉིས་པ། བདེ་ཐང་འཚོ་བའི་བྱེད་ཐབས་རྒྱུན་འཁྱོངས་བྱེད་པ།

ལག་པ་བཀྲུ་པ་དང་ཁ་ཐུམ་རྒྱག་པ། རླུང་རྒྱུ་རུ་འཇུག་པ། འདུ་འཛོམས་ཇེ་ཉུང་དུ་གཏང་བ། ཟ་མ་སོ་སོར་བསྡད་ནས་ཟ་མའི་ལམ་ལུགས་སོགས་མི་སྒེར་གྱི་འཕྲོད་བསྟེན་གོམས་གཤིས་ལེགས་པོ་རྒྱུན་འཁྱོངས་བྱ་དགོས། གལ་ཏེ་དྲོད་སྐྱེས་པ་དང་གློ་ལུ་བྱེད་པ། ལུས་པོ་ཐང་ཆད་པ། སྣ་འཚིབ་པ། སྣ་ཆུ་བཞུར་བ། མིད་པ་ཚ་བ། ཟ་མའི་བྲོ་བ་མི་ཤེས་པ། མིག་འབྲས་སྐྱི་མོའི་གཉན་ཚད། ཤ་གནད་ན་བ། ཁོག་བཤལ་པ་སོགས་ཀྱི་ནད་རྟགས་བྱུང་ཚེ། མྱུར་དུ་ཉེ་སའི་སྒོ་བསྟེན་ཁང་དུ་སོང་ནས་ནད་ལ་སྟོན་དགོས་ཤིང་། དེར་མ་ཟད་རང་འགུལ་སྒོས་ཉིན14རིང་གི་འགུལ་སྐྱོད་དང་འབྲེལ་འདྲིས་བྱེད་ཡུལ་ཡར་ཞུ་བྱ་དགོས། 

རིམས་ནད་འགོན་ཟོན་གྱི་རྒྱུན་ལྡན་བླང་བྱ་གཞིར་བཟུང་སྟེ་མུ་མཐུད་དུ་ཁ་ཐུམ་རྒྱག་པ་དང་ལག་པ་བཀྲུ་པ། རླུང་རྒྱུ་རུ་འཇུག་པ། ལྷན་དུ་མི་འདུས་པ། འདུ་རུབ་མི་བྱེད་པ། གསོལ་སྟོན་མི་བཤམས་པ། ཟ་མ་ཟ་དུས་སོ་སོར་སྡོད་པའི་ལམ་ལུགས་དང་རྨིད1ཡན་གྱི་བདེ་འཇགས་འབྲེལ་འདྲིས་བར་ཐག་འཇོག་པ་སོགས་འཕྲོད་བསྟེན་གོམས་གཤིས་ལེགས་པོ་ཞིག་ཆགས་སུ་འཇུག་རྒྱུ། ཉེན་ཁ་ཆེ་བའི་ས་ཁུལ་དུ་ཡུལ་སྐོར་ལ་སོང་མྱོང་བའི་མི་སྣར་ཉིན14ལ་སྨན་པའི་ལྟ་རྟོག་དང་བཀར་འཇུག་དང་ལེན་བྱེད་དགོས། ཉེན་ཁ་ཆེ་བའི་ས་ཁུལ་གྱི་གྲོང་ཁྱེར་གྱི་ཉེན་ཁ་ཆུང་བའི་ས་ཁུལ་ནས་མཚོ་སྔོན་དུ་འོངས་པའི་མི་སྣས་རང་འགུལ་སྒོས་གཞིས་ཁུལ་ལ་ཡར་ཞུ་བྱེད་པ་དང་ཉིང་སྐྱུར་དཔྱད་ཞིབ་བརྟག་དཔྱད་བྱ་དགོས།

བཞི་པ།  རྒྱུན་ལྡན་ཅན་གྱི་རིམས་འགོག་ཚོད་འཛིན་བྱེད་ཐབས་རྒྱུན་འཁྱོངས་བྱེད་པ།

ཚོང་ར་དང་གསོལ་ཁང་། ཆང་ཁང་། གློག་བརྙན་ཁང་། ལུས་རྩལ་ཁང་སོགས་ཐུན་མོང་གི་ཡུལ་དུ་དྲོད་གྲང་ཚད་ལེན་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ་ལག་བསྟར་བྱེད་པ། ཁ་ཐུམ་རྒྱག་པ་དང་རླུང་རྒྱུ་དུག་སེལ་སོགས་རིམས་འགོག་བྱེད་ཐབས་ལག་བསྟར་བྱེད་པ་དང་ཆབས་ཅིག བདེ་ཐང་གི་རྩ་གཉིས་ཨང་རིས་བཤེར་བའི་ལམ་ལུགས་ལག་བསྟར་བྱ་དགོས་ཤིང་། བདེ་ཐང་བཤེར་ཨང་དང་འགྲོ་སྐྱོད་བཤེར་ཨང་ལ་རྩད་གཅོད་ཞིབ་བཤེར། འགོག་ཁབ་བརྒྱབ་ཡོད་མེད་ཀྱི་གནས་ཚུལ་ལ་རྩད་གཅོད་ཞིབ་བཤེར་བྱ་དགོས། 

ལྔ་བ། བཟའ་བཏུང་གི་འཕྲོད་བསྟེན་བདེ་འཇགས་ལ་ཡིད་འཇོག་བྱེད་པ།

ཚད་ལྡན་གྱི་སྒོ་རྩིས་ཁང་དང་ཚོང་ར་སོགས་ནས་ཐོན་རྫས་ཉོ་བ་དང་འདེམས་ཉོ་བྱེད་སྐབས་ཐད་ཀར་དུ་ལག་པས་རེག་ཐུག་བྱེད་མི་རུང་ཞིང་ཁ་ཐུམ་རྒྱག་པ་རྒྱུན་འཁྱོངས་བྱ་དགོས། ཟས་རིགས་རློན་པ་དང་བཙོས་མ་སོ་སོར་བཀར་རྒྱུ། བཙོས་ཐག་ཆོད་པ། ཉོ་འཚོང་། ཟས་རིགས་བདག་དོམ་བཅས་ལ་ཟ་མ་མ་ཟོས་པའི་ཡར་སྔོན་དུ་ལག་པའི་གཙང་སྦྲ་རྒྱུན་འཁྱོངས་བྱ་དགོས། སོ་སོར་བསྡད་དེ་ཟ་མ་ཟ་བའི་ལམ་ལུགས་ལས་རི་སྐྱེས་ཟས་རིགས་གཏན་ནས་བསྟེན་མི་རུང་།


གཡང་སྐྱིད་ཀྱིས་བསྒྱུར།