ཁྱིམ་ཐོ་སྐོར་གྱི་འགྲོ་ལུགས14“青松办”ཞེས་པའི་སྐད་འཕྲིན་གྱི་མ་ལག་ཆུང་ངུ་སྟེང་ནས་བསྒྲུབ་ཆོག

རང་རེའི་དྲ་བའི་འཕྲིན། ཞིང་ཆེན་ཡོངས་ཀྱི་ཁྱིམ་ཐོ་ཐོ་འགོད་སྲིད་དོན་ཞབས་ཞུའི་དོ་དམ་སྔར་བས་སྟབས་བདེ་དང་དམངས་ཕན་ཡོང་སླད་དུ། “དྲ་གཅིག སྒོ་གཅིག ཐེངས་གཅིག”ཅེས་པའི་བསྒྱུར་བཅོས་བཀོད་སྒྲིག་མུ་མཐུད་དུ་ཟབ་སྤེལ་བྱས་ཏེ། སྲིད་དོན་ཞབས་ཞུའི་ཆུ་ཚད་སྔར་བས་མཐོར་འདེགས་བྱུང་། ཉེ་ལམ། མཚོ་སྔོན་ཞིང་ཆེན་ཆ་འཕྲིན་ལྟེ་གནས་ཀྱིས“青松办”ཞེས་པའི་སྐད་འཕྲིན་གྱི་མ་ལག་ཆུང་ངུ་དང་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་ཁྱིམ་ཐོ་ཐོ་འགོད་སྲིད་དོན་སྡེ་ཁག་དང་མཉམ་འབྲེལ་སྒོས། ཁྱིམ་ཐོ་སྐོར་གྱི་འགྲོ་ལུགས14དྲ་ཐོག་ནས་བསྒྲུབ་ཆོག་པའི་བྱེད་ཐབས་བཏོན་ཞིང་། ཁྱེད་ཀྱིས་དྲ་ཐོག་ནས་འབྲེལ་ཡོད་རྒྱུ་ཆ་གདོན་སྤྲོད་བྱས་ཏེ་གཤམ་གྱི་ལས་དོན་དག་ལ་རེ་ཞུ་བརྒྱབ་ཆོག

རེ་ཞུ་བྱ་ཆོག་པའི་ལས་དོན།

1.དམག་ཁོངས་སུ་ཞུགས་པའི་དམག་མིའི་ཁྱིམ་ཐོ་མེད་པར་བཟོ་བ།

2.འདས་པོའི་ཁྱིམ་ཐོ་མེད་པར་བཟོ་བ།

3.ན་སོ་ལོན་པའི་བུ་དང་བུ་མོ་ཕ་མའི་ཁྱིམ་ཐོའི་ནང་བཞག་ནས་ཐོ་འགོད་བྱེད་པ།

4.བཟའ་ཟླའི་ཁྱིམ་ཐོ་ཐོ་འགོད་བྱེད་པ།

5.ཕ་མ་གཉིས་ཀ་ན་སོ་ལོན་པའི་བུ་དང་བུ་མོའི་ཁྱིམ་ཐོའི་ནང་བཞག་ནས་ཐོ་འགོད་བྱེད་པ།

6.ཕྱི་རྒྱལ་ནས་སྐྱེས་པའི་བྱིས་པའི་ཁྱིམ་ཐོ་ཐོ་འགོད་བྱེད་པ།

7.གཉོར་སྐྱོང་འགྲོ་ལུགས་དང་མི་མཐུན་པའི་མི་སྣའི་ཁྱིམ་ཐོ་ཐོ་འགོད་བྱེད་པ།

8.བྱིས་པ་ཁྱིམ་ཐོའི་ནང་ཐོ་འགོད་བྱེད་པ།

9.རྒྱལ་ཁབ་ཕྱི་ནང་ནས་སྐྱེས་པའི་བྱིས་པ་ཁྱིམ་ཐོའི་ནང་ཐོ་འགོད་བྱེད་པ།

10.མིང་བསྒྱུར་བ།

11.རྟེན་བསྒྱུར་བ།

12.མི་རིགས་བསྒྱུར་བ།

13.ཡོན་ཚད་བསྒྱུར་བ།

14.གཉེན་སྒྲིག་གནས་ཚུལ་བསྒྱུར་བ་བཅས།

ཁྱེད་ཀྱིས“青松办”ཞེས་པའི་སྐད་འཕྲིན་གྱི་མ་ལག་ཆུང་ངུའི་སྟེང་འབྲེལ་ཡོད་ཁྱིམ་ཐོའི་འགྲོ་ལུགས་རེ་ཞུ་བརྒྱབ་རྗེས། ཉིན7གྱི་རྗེས་སུ་ཁོངས་གཏོགས་ཁྱིམ་ཐོའི་མི་དམངས་ཉེན་རྟོག་པས་སྔོན་ཞིབ་བྱ་བ་ལེགས་འགྲུབ་བྱས་ཏེ། སྔོན་ཞིབ་ཆ་འཕྲིན་གྱི་གསལ་བརྡ་ཁྱེད་ཀྱི་སྐད་འཕྲིན་དུ་སྐུར་ངེས། སྔོན་ཞིབ་ལ་ཆོག་མཆན་ཐོབ་རྗེས། ཁྱེད་ཉིད་ཁྱིམ་ཐོའི་ས་གནས་ཀྱི་མངག་གཏོང་ཁང་དུ་སོང་ནས་འབྲེལ་ཡོད་འགྲོ་ལུགས་བསྒྲུབ་ཆོག གལ་སྲིད་སྔོན་ཞིབ་ལ་ཆོག་མཆན་མ་ཐོབ་ཚེ། ཁྱེད་ཀྱིས་ཕྱིར་ལན་བསྐྱོན་པའི་ནང་དོན་ལྟར་ཆ་འཕྲིན་སྔར་ལས་འཐུས་ཚང་དུ་བཟོས་ནས་ཡང་བསྐྱར་རེ་ཞུ་བྱ་དགོས་སོ། །

ཞིབ་ཕྲའི་བཀོལ་སྤྲོད་བྱེད་སྟངས་གཤམ་གསལ་འདྲ་པར་ལ་གཟིགས་རོགས།

ལྷ་ཆེན་རྒྱལ་གྱིས་བསྒྱུར།