རྟ་ཐང་རྫོང་གིས་ནུས་ཤུགས་གང་ཡོད་ཀྱིས་མཐོ་སྒང་གི་ལྗང་མདོག་གཞོང་ས་བསྐྲུན་པ།

ཅང་ཅོན་གྲོག་རོང་སྡེ་བའི་སྔར་མེད་ལྗང་མདོག་གི་རྣམ་པ་གསར་པ།

རྟ་ཐང་རྫོང་ཟམ་མདོ་གྲོང་རྡལ་ཨན་མོན་ཐང་ནུབ་རིའི་ཚད་ལྡན་ནགས་སྐྲུན་ས་ཁུལ།

ཡུལ་སྐོར་པ་དག་གིས་རྟ་ཐང་རྫོང་ཟམ་མདོ་གྲོང་རྡལ་ཨན་མོན་ཐང་ནུབ་རིའི་ཚད་ལྡན་ནགས་སྐྲུན་ས་ཁུལ་དུ་དྲན་རྟེན་པར་ལེན་བཞིན་པ།

རྟ་ཐང་རྫོང་ཟམ་མདོ་གྲོང་རྡལ་ཨན་མོན་ཐང་ནུབ་རིའི་ཚད་ལྡན་ནགས་སྐྲུན་ས་ཁུལ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ལོ་འདི་དག་གི་རིང་ལ། ཟི་ལིང་གྲོང་ཁྱེར་རྟ་ཐང་ཧའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གིས་ནུས་ཤུགས་གང་ཡོད་ཀྱིས་མཐོ་སྒང་ལྗང་སྒྱུར་གྱི་ལས་འགུལ་ལ་སྐུལ་འདེད་བཏང་ཞིང་། མཐོ་སྒང་གི་ལྗང་མདོག་གཞོང་ས་གསར་སྐྲུན་གྱིས་དྭངས་གཙང་གྲོང་ཁྱེར་ཁྲོད་འགོ་འཛུགས་ས་ཡང་དག་དང་མཉམ་བསྲེས་བྱེད་ས། ཁྱོན་ཡོངས་ནས་ནགས་རྩྭ་སྲུང་ལམ་ལུགས་ལ་སྐུལ་འདེད་བཏང་ནས། རང་བྱུང་ནགས་ཚལ་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་པ་ལག་བསྟར་སྒོས། བྱང་གསུམ་ནགས་ཚལ་འགོག་སྲུང་འཛུགས་སྐྲུན་སོགས་རིམ་པ་དང་པོའི་ནགས་ལས་སྐྱེ་ཁམས་སྲུང་སྐྱོབ་དང་བཟོ་སྐྲུན་ཞིབ་མཆན་བཀོད་དེ། རྒྱལ་ཁོངས་ལྗང་སྒྱུར་གྱི་ལས་འགན་སྤྱི་ཆིངས32146ཡོངས་འགྲུབ་བྱས་ཤིང་། ནགས་ཚལ་གྱི་ཁེབས་ཚད43%ལ་སླེབས། ཞིང་ཆེན་ཡོངས་ཀྱི་ས་ཁུལ་དང་རྫོང་སོ་སོའི་ཨང་དང་པོར་སླེབས། ཆེས་ལེགས་པོའི་རང་བྱུང་སྐྱེ་ཁམས་དང་ཞིང་རའི་མཛེས་ལྗོངས། མི་ཆོས་གནའ་ཤུལ། དམངས་སྲོལ་རིག་གནས་སོགས་ཀྱི་ཐོན་ཁུངས་ལེགས་པོར་བརྟེན་ནས། རྟ་ཐང་རྫོང་གིས་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ལ་ནུས་ཤུགས་ཆེན་པོས་སྐུལ་འདེད་བཏང་པ་དང་སྐྱེ་ཁམས་ཁམས་གཡེང་དང་ཞིང་ལས་རྒྱང་གཟིགས། ཁམས་གསོའི་གུང་གསེང་། རིག་གནས་ཉམས་ཞིབ་སོགས་རིགས་སྣ་མང་ཅན་གྱི་གྲོང་གསེབ་ཡུལ་སྐོར་ཐོན་རྫས་གསར་སྐྲུན་བྱས་ཏེ། གྲོང་གསེབ་དར་རྒྱས་ལ་སྔར་མེད་སྐུལ་འདེད་བཏང་།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།