མཚོ་སྔོན་ཞིང་ཆེན་གྱི2022ལོའི་མཁར་གྲོང་ལས་བཟོ་པའི་སྤྱི་ཚོགས་འགན་དངུལ་སྤྲོད་པའི་གཞི་གྲངས་གཏན་འབེབས་སྐོར་གྱི་བརྡ་སྦྱོར།

གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུའུ་དང་ནོར་སྲིད་ཅུའུ། སྨན་བཅོས་འགན་སྲུང་ཅུའུ། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་རང་སྐྱོང་ཁུལ། ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་སོ་སོའི་ཁྲལ་དོན་ཅུའུ་ལ།

ཞིང་ཆེན་བསྡོམས་རྩིས་ཅུའུ་ཡི་བསྡོམས་རྩིའི་གཞི་གྲངས་ལྟར་ན། 2021ལོར་ཞིང་ཆེན་ཡོངས་ཀྱི་མཁར་གྲོང་ལས་ཁུངས་ཀྱི་ལས་ཞུགས་པའི་ལོ་གཅིག་གི་ཆ་སྙོམས་ཀྱི་གླ་ཕོགས་སྒོར91253རེ་དང་ཟླ་རེའི་ཆ་སྙོམས་གླ་ཕོགས་སྒོར7604ཡིན་པས།2022ལོར་ལོ་འཁོར་གྱི་སྤྱི་ཚོགས་འགན་སྲུང་མ་དངུལ་སྤྲོད་པའི་གཞི་གྲངས་མཐོ་ཤོས་ཟླ་རེར་སྒོར22812རེ་ཡི་ཡན་དུ་བརྒལ་མི་རུང་བ་དང་། དམའ་ཤོས་ཟླ་རེར་སྒོར4562རེ་ཡི་མན་དུ་ཉུང་མི་རུང་བ་གཏན་འབེབས་བྱས།

རིམ་པ་སོ་སོའི་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་དང་ནོར་སྲིད། སྨན་བཅོས་འགན་སྲུང་། ཁྲལ་དོན་སྡེ་ཁག་བཅས་ཀྱིས། ཞིབ་ཕྲའི་སྒོ་ནས་བཀོད་སྒྲིག་བྱས་ཏེ། སྤྱི་ཚོགས་འགན་དངུལ་སྤྲོད་པའི་གཞི་གྲངས་དཔྱད་ཞིབ་གཏན་འབེབས་བྱེད་པའི་བྱ་བ་ལེགས་པོར་བསྒྲུབ་དགོས། དེ་མིན། དྲིལ་སྒྲོག་སློབ་སྟོན་ལ་སྔར་ལས་ཤུགས་སྣོན་དང་སྲིད་ཇུས་སྒྲོག་འགྲེལ་བྱ་བ་ལེགས་པོར་བསྒྲུབ་ཏེ། བྱ་བའི་ཁྲོད་དམིགས་བསལ་གནས་ཚུལ་དང་འཕྲད་ཚེ་དུས་ལྟར་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིང་དང་ནོར་སྲིད་ཐིང་། སྨན་བཅོས་འགན་སྲུང་ཅུའུ། ཁྲལ་དོན་ཅུའུ་བཅས་ལ་ཕྱིར་ལན་བསྐྱོན་དགོས་སོ།།

མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིང་།

མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་།

མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ།

རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུའུ།

2022ལོའི་ཟླ6པའི་ཚེས14ཉིན།

ལྷ་ཆེན་རྒྱལ་གྱིས་བསྒྱུར།