མཚོ་སྔོན་ནས་གྱོད་འབྲེལ་མ་དངུལ་དུང་ཕྱུར1ལ་བསླེབས་པའི་དོགས་ཡོད་ཉེས་ཅན40འཛིན་བཟུང་བྱས་པ།

རང་རེའི་དྲ་བའི་འཕྲིན། ཉེ་སྔོན། ཉེས་དོན་མྱུལ་ཞིབ་རུ་ཁག་གིས་ཆ་འཕྲིན་དྲ་རྒྱའི་ནག་ཉེས་ལ་རོགས་རམ་བྱེད་པའི་ཚོགས་པ་ཞིག་རྩ་གཏོར་བཏང་སྟེ། དོགས་ཡོད་ཉེས་ཅན40འཛིན་བཟུང་བྱས་ཤིང་། གྱོད་སྒྲུབ་ལག་ཁྱེར་ཁ་པར33དང་གློག་ཀླད5། རླངས་འཁོར5ལག་སོན་བྱུང་བ་དང་། གྱོད་འབྲེལ་མ་དངུལ་སྒོར་དུང་ཕྱུར1ལ་བསླེབས་ཡོད།

ཟླ5པའི་ཚེས23ཉིན། ཉེས་དོན་མྱུལ་ཞིབ་རུ་ཆེན་གྱི་ཉེན་རྟོག་པས་དོགས་ཡོད་ཉེས་ཅན་ཧྲི་ཆེ་གེ་མོ་འཛིན་བཟུང་བྱས། འདྲི་གཅོད་བྱས་པ་བརྒྱུད་རྟ་ཐང་རྫོང་གི་སྡོད་དམངས་ཧྥེང་ཆེ་གེ་མོར་མ་དངུལ་འབོར་ཆེན་གྱིས་བསླུ་བྲིད་བཏང་སྟེ། རྟ་ཐང་རྫོང་དང་སྐུ་འབུམ་ས་ཁུལ་གྱི་ན་ཆུང་གཞོན་ནུ་མང་པོ་ཞིག་གི་ལག་ནས་དངུལ་བྱང་མངགས་ཉོ་བྱས་པ་མ་ཟད། ཀོང་ཏུང་ས་ཁུལ་གྱི་ཉེས་ཅན་དང་མཉམ་འབྲེལ་སྒོས། ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་གྱི་གཞིས་ཁུལ་མང་པོ་ནས་ཁང་པ་གླས་པ་དང་། ཆེད་དུ“བྱང་བུའི་ཁང་པ”དང“གློག་ཀླད་ཀྱི་ཁང་པ”བསྐྲུན་ནས་ཕྱི་རྒྱལ་གྱི་གློག་འཕྲིན་མགོ་སྐོར་ཚོགས་པར་མ་དངུལ་བརྒྱུད་སྤོར་པ་རོགས་འདེགས་བྱས་ནས “སྐར་གསོག”དང“ལག་སྒོར་ལེན་པ”སོགས་ཀྱི་བྱས་ཉེས་བསགས་པ་རེད།

གྱོད་འབྲེལ་མ་དངུལ་འབོར་ཆེན་ཡིན་པ་དང་གྱོད་འབྲེལ་མི་སྣ་ཅུང་མང་བས། གྱོད་གཞི་མྱུར་དུ་རྩད་གཅོད་ཆེད། ཅུའུ་ཏང་ཨུས་མཐོང་ཆེན་ཚད་མཐོན་པོ་གནང་སྟེ། རིམས་ནད་འགོག་ཟོན་གནས་བབ་ཛ་དྲག་ཆེ་བ་དང་ཉེན་རྟོག་པ་དཀོན་པའི་གནས་ཚུལ་འོག མྱུར་དུ་འབྲེལ་ཡོད་ཉེན་རྟོག་པ་སྐོང་འཐེན་བྱས་ནས་ནུས་ཤུགས་ཡོད་རྒུས་ཆེད་དོན་གྱོད་གཞི་ཚོགས་ཆུང་བཙུགས་ཏེ་མྱུལ་ཞིབ་བྱ་བ་སྤེལ་བ་རེད།

ད་སྔར། གྱོད་དོན་ལ་བརྟེན་ནས་དབྱེ་ཞིབ་བྱས་པ་བརྒྱུད། ཉེས་ཅན་ཚོགས་པའི་གྱོད་འབྲེལ་མ་དངུལ་སྒོར་དུང་ཕྱུར1ལ་བསླེབས་ཡོད་ཅིང་། ཅིན་ཆེ་གེ་མོ(རྟ་ཐང་གི་མི)གཙོ་བྱས་པའི་དོགས་ཡོད་ཉེས་ཅན21ཁྲིམས་ཀྱི་གཉའ་ཤིང་བཙན་པོར་ཚུད་ལ། ད་ལྟ་གྱོད་དོན་མྱུལ་ཞིབ་བྱེད་སྒང་ཡིན།

ལྷ་ཆེན་རྒྱལ་གྱིས་བསྒྱུར།