2022ལོའི་དམག་དཔུང་སློབ་གླིང་གིས་མཐོ་འབྲིང་མཐར་ཕྱིན་སློབ་མ་བསྡུ་བའི་བརྡ་སྦྱོར།

རང་རེའི་དྲ་བའི་འཕྲིན། གྲོང་ཁྱེར(ཁུལ)དང་རྫོང(ཆུས། གྲོང་ཁྱེར། སྲིད་ཨུ)སོ་སོའི་སློབ་བསྡུ་གཞུང་སྒྲུབ་ཁང་དང་། ཡན་ལག་དམག་ཁུལ(ཉེན་ཟོན་དམག་ཁུལ)སོ་སོའི་དམག་གྲབས་འཛུགས་སྐྲུན་ཁྲུའུ། རྫོང(ཆུས། གྲོང་ཁྱེར)སོ་སོའི་མི་དམངས་དྲག་ཆས་པུའུ་བཅས་ལ།

སློབ་གསོ་པུའུ་དང་ཀྲུང་དབྱང་དམག་ཨུའི་ཆབ་སྲིད་ལས་དོན་པུའུ། ཀྲུང་དབྱང་དམག་ཨུའི་སྦྱོང་བརྡར་དོ་དམ་པུའུ་ཡི《2022ལོའི་དམག་དཔུང་སློབ་གླིང་གིས་མཐོ་འབྲིང་མཐར་ཕྱིན་སློབ་མ་བསྡུ་བའི་ལས་དོན་སྐོར་གྱི་བརྡ་ཐོ》(དམག་སྦྱོང(2022)ཨང96པའི)དགོངས་དོན་གཞིར་བཟུང་སྟེ། 2022ལོར་དམག་དཔུང་སློབ་གླིང་གིས་མཚོ་སྔོན་དུ་མཐོ་འབྲིང་མཐར་ཕྱིན་སློབ་མ་བསྡུ་བའི་འབྲེལ་ཡོད་བརྡ་ཐོ་གཤམ་གསལ།

གཅིག སློབ་མ་བསྡུ་བའི་འཆར་གཞི།

2022ལོར་ཁྱོན་བསྡོམས་དམག་དཔུང་སློབ་གླིང10ཡིས་རང་ཞིང་ནས་མཐོ་འབྲིང་མཐར་ཕྱིན་སློབ་མ151བསྡུ་རྒྱུ།

གཉིས། ཆ་རྐྱེན།

1.2022ལོའི་མཐོ་རིམ་སློབ་གྲྭའི་སློབ་མ་བསྡུ་བའི་རྒྱལ་ཡོངས་གཅིག་གྱུར་རྒྱུགས་གཞིའི་ཁྲོད་ཞུགས་པའི་མཚོ་སྔོན་ཞིང་ཆེན་གྱི་ད་ལོའི་མཐོ་འབྲིང་མཐར་ཕྱིན་སློབ་མ་དང་ལོ་སྔོན་མའི་མཐར་ཕྱིན་སློབ་མ་ཡིན་པ།

2.ལོ17ནས20མན་ཡིན་པ།

3.མཐོ་འབྲིང་སྐབས་ཀྱི་གཟུགས་པོའི་བདེ་ཐང་ཚད་ལེན་རྒྱུགས་གཞིའི་སྐར་གྲངས་ལོན་པའི《རྒྱལ་ཁབ་ཀྱི་སློབ་མའི་གཟུགས་པོ་བདེ་ཐང་གི་ཚད་གཞི》ཡི་ཐོ་འགོད་བྱང་བུའམ་བདེ་ཐང་ཚོད་ཐིག་ལོངས་པའི་དཔང་ཡིག་ཡོད་པ།

4.མཐོ་རྒྱུགས་ཀྱི་སྐར་གྲངས་དམིགས་བསལ་རིགས་ཀྱི་སྐར་གྲངས་ཚད་ཐིག་ལ་ལོན་ཡོད་པ།

5.རེ་འདུན་རེའུ་མིག་ནང་དམག་དཔུང་སློང་གླིང་བསྐང་ཡོད་པའི་སློབ་མ། དམག་དཔུང་གིས་རྩ་འཛུགས་བྱས་པའི་ཆབ་སྲིད་དཔྱད་ཞིབ་དང་ཁ་རྒྱུགས། གཟུགས་པོའི་བདེ་ཐང་བརྟག་དཔྱད་བཅས་ཀྱི་ཁྲོད་ཞུགས་ནས་མཇུག་འབྲས་ཚང་མ་ཚད་གཞིརལོན་ཡོད་པ།

གསུམ། ཆབ་སྲིད་དཔྱད་ཞིབ།

རེ་འདུན་རེའུ་མིག་ནང་དམག་དཔུང་སློབ་གླིང་བསྐང་ཡོད་པའི་སློབ་མས་ཟླ6པའི་ཚེས9ནས་ཟླ6པའི་ཚེས29ཉིན་གྱི་བར། མཚོ་སྔོན་ཞིང་ཆེན་སློབ་གསོ་རྒྱུགས་ལེན་དྲ་ཚིགས(www.qhjyks.com)སམ་རང་ས་གནས(རྫོང་། གྲོང་ཁྱེར། ཆུས།)ཀྱི་མི་དམངས་དྲག་ཆས་པུའུ་ནས《དམག་དཔུང་སློབ་གླིང་གི་མཐོ་འབྲིང་མཐར་ཕྱིན་སློབ་མ་བསྡུ་བའི་ཆབ་སྲིད་དཔྱད་ཞིབ་རེའུ་མིག》ཕབ་ལེན་བྱས་ནས་སྒེར་གྱི་ཆ་འཕྲིན་བསྐང་རྗེས། གོ་རིམ་ལྟར་ཆབ་སྲིད་དཔྱད་ཞིབ་ལ་ཞུགས་དགོས།

བཞི། བདེ་ཐང་ལྟ་ཞིབ་ཚད་ལེན།

ཟླ6པའི་ཚེས18ཉིན་གྱི་སྔོན་ལ་མཚོ་སྔོན་ཞིང་ཆེན་སློབ་གསོ་རྒྱུགས་ལེན་དྲ་ཚིགས(www.qhjyks.com)《དམག་དཔུང་སློབ་གླིང་གིས་མཐོ་འབྲིང་མཐར་ཕྱིན་སློབ་མ་བསྡུ་བའི་ཁ་རྒྱུགས་རེའུ་མིག》དང《བདེ་ཐང་ཚད་ལེན་ཐོ་འགོད་རེའུ་མིག》ཕབ་ལེན་དང་འབྲེལ་ཡོད་ཆ་འཕྲིན་བཀོད་དེ། ཁ་རྒྱུགས་ལེན་སྐབས་འདོན་སྤྲོད་བྱ་དགོས།

ལྔ། ཡིག་ཚགས་འདོན་སྤྲོད་དང་བསྡུ་ལེན།

དམག་དཔུང་སློབ་གླིང་གིས་སྤྱིར་བཏང་ཟླ7པའི་ཟླ་སྟོད་དམ་ཟླ་དཀྱིལ་ལ་ཡིག་ཚགས་བསྡུ་ལེན་བྱ་ངེས་ཤིང་། ཞིབ་ཕྲའི་དུས་ཚོད་ཞིང་ཆེན་སློབ་བསྡུ་གཞུང་སྒྲུབ་ཁང་གི་བཀོད་སྒྲིག་གཞིར་འཛིན་དགོས།

དྲུག བློ་འདྲི་བྱ་ཡུལ།

ཞིང་ཆེན་དམག་ཁུལ་སློབ་བསྡུ་གཞུང་སྒྲུབ་ཁང་།

0971—6391169ཡང་ན6391170ཡིན།

མཚོ་སྔོན་ཞིང་ཆེན་མཐོ་རིམ་སློབ་གྲྭའི་སློབ་བསྡུ་ཨུ་ལྷན་གཞུང་སྒྲུབ་ཁང་།

མཚོ་སྔོན་ཞིང་ཆེན་དམག་ཁུལ་སློབ་བསྡུ་བྱ་བའི་གཞུང་སྒྲུབ་ཁང་།

2022ལོའི་ཟླ6པའི་ཚེས12ཉིན།


ཟུར་བཀོད་རེའུ་མིག

ལྷ་ཆེན་རྒྱལ་གྱིས་བསྒྱུར།