ཟི་ལིང་རླངས་འཁོར་ས་ཚིགས་ཀྱིས་རེས་འཁོར་ལམ་ཐིག་སླར་གསོའི་སྐོར་གྱི་བརྡ་ཁྱབ་གསར་པ།

རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཞུ་མཆིད།

2022ལོའི་ཟླ6པའི་ཚེས9ཉིན་གྱི་ཆུ་ཚོད18ནས་བཟུང་ཟི་ལིང་རླངས་འཁོར་ས་ཚིགས་ཀྱིས་རེས་འཁོར་ལམ་ཐིག་སླར་གསོའི་སྐོར་གྱི་གནས་ཚུལ་གསར་པ་གཤམ་གསལ་ལྟར།

འགྲུལ་སྐྱེལ་ལྟེ་གནས་ས་ཚིགས་ནས།

ཡུལ་ཤུལ་དང་ནང་ཆེན། རྫ་སྟོད། འབྲི་སྟོད། ཡ་རྫི། དམར་གཙང་གི་སྤྱི་སྤྱོད་རླངས་འཁོར། ཧོར་གྲོང་གི་མྱུར་སྐྱེལ། ཁྱུང་རྒྱའི་གསར་སྤེལ་ས་ཁུལ། ཀ་མདོའི་མྱུར་སྐྱེལ། དཔའ་ལུང་། ཀ་མདོའི་སྤྱིར་བཏང་འགྲུལ་སྐྱེལ། ཏུའུ་ལན། ཤངས་སྡེ། ཚྭ་ཁ། བུའུ་ལན། གསེར་ཆེན། གཅིག་སྒྲིལ། རྨ་སྟོད། འདན་མ། ནུབ་མཚོ། རྐང་ཚ་བཅས་ཀྱི་ལམ་ཐིག་སླར་གསོ་བྱས་ཡོད།

ནན་ཁྲོན་ནུབ་ལམ་འགྲུལ་སྐྱེལ་ས་ཚིགས་ནས།

རྟ་བོ་དང་དགའ་བདེ། དར་ལག པད་མ། ལུང་མདོ་སོགས་ཀྱི་སྤྱིར་བཏང་འགྲུལ་སྐྱེལ་ལམ་ཐིག་སླར་གསོ་བྱས་ཡོད།

ཞིན་ཉིང་ལམ་གྱི་འགྲུལ་སྐྱེལ་ས་ཚིགས།

ལུང་མདོའི་མྱུར་སྐྱེལ། སྟོང་སྐོར་མྱུར་སྐྱེལ། ཧོར་གྲོང་གི་མྱུར་སྐྱེལ། རྩེ་ལྔ་དང་གསེར་ཆེན།

ཟླ6པའི་ཚེས10ཉིན་གསར་སྣོན་བྱས་པའི་རེས་འཁོར་ལམ་ཐིག

འགྲུལ་སྐྱེལ་ལྟེ་གནས་ས་ཚིགས་ནས།

ཐུན་རིན་དང་མདོ་ལ། གཅན་ཚ། རྒྱ་མདོ། ཝ་མགྱོགས། མུ་ལེ། སོག་རྫོང་། གཤོང་ཤན། གཞོང་ཐང་མྱུར་སྐྱེལ། ཀོན་ཐེན་མྱུར་སྐྱེལ། གཞོང་ཐང་སྤྱིར་བཏང་འགྲུལ་སྐྱེལ།

ཅི་ཧྲི་འགག ཀོན་ཐེན་སྤྱིར་བཏང་འགྲུལ་སྐྱེལ།

ནན་ཁྲོན་ནུབ་ལམ་འགྲུལ་སྐྱེལ་ས་ཚིགས་ནས།

མང་རྫོང་དང་འབའ་རྫོང་། ཁྲི་ཀ་བཅས་ཀྱི་རེས་འཁོར་ལམ་ཐིག་སླར་གསོ་གནས་སྣོན་བྱས་ཡོད།

ཉེ་ལམ། ས་ཁུལ་སོ་སོའི་རེས་འཁོར་ལམ་ཐིག་འཕྲོ་རིམ་འཕྲོར་སླར་གསོ་བྱས་དང་བྱེད་བཞིན་ཡོད་པས། རྒྱ་ཆེའི་འགྲུལ་བ་དག་གིས་དེའི་སྐོར་གྱི་འབྲེལ་ཡོད་བརྡ་ཁྱབ་ལ་དོ་ཁུར་བྱེད་རོགས།

ཤ་ཚའི་གསལ་འདེབས།

རང་རེའི་ས་ཚིགས་ཀྱི་ཁོངས་གཏོགས་ཟི་ལིང་འགྲུལ་སྐྱེལ་ལྟེ་གནས་ས་ཚིགས་དང་ནན་ཁྲོན་ནུབ་ལམ་འགྲུལ་སྐྱེལ་ས་ཚིགས། ཞིན་ཉིང་ལམ་གྱི་འགྲུལ་སྐྱེལ་ས་ཚིགས་བཅས་ནས་རླངས་འཁོར་ལ་སྡོད་པའི་འགྲུལ་བ་དག་གིས“བཤེར་རིས་གཉིས”བསྟན་ནས། དངོས་མིང་ཐོ་འགོད་ལག་བསྟར་དངོས་འབེབས་དང་ལུས་དྲོད་ཚད་འཇལ། ལམ་ཧྲིལ་བོར་ཁ་ཐུམ་རྒྱག་དགོས། ས་ཚིགས་སུ་གྲལ་བསྒྲིགས་ནས་འཛིན་བྱང་ཉོ་བ་དང་རླངས་འཁོར་ལ་སྒུག་དུས། བདེ་འཇགས་ཀྱི་བར་ཐག་འཇོག་དགོས།

འདྲི་རྟོག་ཁ་པར་ཨང་གྲངས།

ཟི་ལིང་འགྲུལ་སྐྱེལ་ལྟེ་གནས་ས་ཚིགས་ཀྱི་ཨང་གྲངས། 0971-6333006、6333008

ཞིན་ཉིང་ལམ་འགྲུལ་སྐྱེལ་ས་ཚིགས་ཀྱི་ཨང་གྲངས། 0971-6155835、6155795

ནན་ཁྲོན་ནུབ་ལམ་འགྲུལ་སྐྱེལ་ས་ཚིགས་ཀྱི་ཨང་གྲངས། 0971-6242241、6244804

ཐོན་སྐྱེད་ལས་གཉེར་ཁའོ་ཡི་ཨང་གྲངས། 0971-6333028

མཚོ་སྔོན་ཞིང་ཆེན་ཟི་ལིང་རླངས་འཁོར་ས་ཚིགས་ཚད་ཡོད་འགན་ལེན་ཀུང་ཟི

2022ལོའི་ཟླ6པའི་ཚེས9ཉིན།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།