མགོ་ལོག་གིས་ཉེན་རྟོག་ལས་རོགས་པ25བསྡུ་བའི་བརྡ་ཐོ།

མགོ་ལོག་གི་སྤྱི་བདེ་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་དང་། ཉེན་རྟོག་པ་མི་འདང་བའི་གནད་དོན་ཐག་གཅོད་ཆེད། 《མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཉེན་རྟོག་ལས་རོགས་པ་དོ་དམ་བྱེད་ཐབས》(མཚོ་སྔོན་སྲིད་གྲོས་གཞུང་དོན་ཁང་གི་ཨང167པ)དང་།《མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱི་ཉེན་རྟོག་ལས་རོགས་པ་བཀོལ་སྤྱོད་དོ་དམ་བྱེད་ཐབས》(མཚོ་སྔོན་སྤྱི་བདེ་འགྲིམ་འགྲུལ་གྱི2017ལོའི་ཡིག་ཆ་ཨང14པ)《སྤྱི་བདེ་ལས་ཁུངས་ཀྱི་ཉེན་རྟོག་ལས་རོགས་པ་དང་མི་དམངས་ཁྲིམས་ཁང་མི་དམངས་ཞིབ་དཔྱོད་ཁང་གི་ལས་མི་བསྡུ་བའི་ལམ་ལུགས་ཚད་ལྡན་དུ་གཏོང་བའི་དྲུང་ཡིག་གི་ཐོབ་ཆའི་སྐོར་གྱི་བརྡ་ཐོ》(མཚོ་སྔོན་ནོར་སྲིད་བཅའ་ཁྲིམས་ཀྱི [2020]ཡིག་ཆ་ཨང1524པ )སོགས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྟེ། ད་ལྟ་མགོ་ལོག་ཁུལ་སྤྱི་བདེ་ཅུའུ་ཡིས2022ལོའི་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་ཉེན་རྟོག་རམ་འདེགས་པ་བསྡུ་བའི་འབྲེལ་ཡོད་དོན་ཚན་ཁྱབ་སྒྲོག་བྱས་པ་གཤམ་གསལ།


(གཅིག)ལས་གནས་ཀྱི་དགོས་མཁོ།

(གཉིས་པ)འཛོམས་དགོས་པའི་ཆ་རྐྱེན།

1.རྩ་ཁྲིམས་ལ་གོང་བཀུར་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཡོད་པ། ཀུན་སྤྱོད་ལེགས་པ།

2.རང་ཞིང་གི་ཁྱིམ་ཐོ་ཡིན་པ་དང་རང་ཞིང་གི་སློབ་ཆེན་མཐར་ཕྱིན་སློབ་མ་ཡིན་དགོས།

3.ལོ18ནས30མན་ཡིན་དགོས།

4.ལས་གནས་སོ་སོས་མཐོ་རིམས་སློབ་འབྲིང་དང་དེ་ཡན་གྱི་སློབ་རྒྱུས་ཡོད་ཅིང་། ལས་གནས་དང་མཐུན་པའི་བྱ་བའི་ནུས་པ་ལྡན་དགོས།

5.རྒྱུན་ལྡན་དུ་འགན་འཁྲི་སྒྲུབ་པར་མཁོ་བའི་ལུས་པོའི་བྱང་ཚད་ལྡན་པ།

6.སྤྱི་བདེ་ལས་ཁུངས་ཀྱིས་གཏན་ལ་ཕབ་པའི་ཆ་རྐྱེན་གཞན་དག་ཀྱང་ཚང་དགོས།

7.ཆ་རྐྱེན་གཅིག་མཚུངས་འོག་སྤྱི་བདེ་དང་ཁྲིམས་འཛིན་སློབ་གླིང་གི་མཐར་ཕྱིན་སློབ་མ་དང་ལས་འཁྱུར་དམག་མི་དང་དེ་བཞིན་དྲག་ཆས་ཉེན་རྟོག་གི་དམག་མི་སྔོན་ལ་བསྡུ་དགོས།

(གསུམ་པ)ལས་བསྡུའི་བརྒྱུད་རིམ།

མིང་ཐོ་འགོད་པ་དང་། ཐོབ་ཐང་ཞིབ་བཤེར། ཡིག་རྒྱུགས་སྤྲོད་པ། ཐོབ་ཐང་བསྐྱར་ཞིབ། ལུས་སྟོབས་ཚོད་ལེན། ཁ་རྒྱུགས་སྤྲོད་པ། ལུས་པོར་བརྟག་དཔྱད། ཆབ་སྲིད་ཞིབ་བཤེར། སྤྱི་བསྒྲགས། ལས་བསྡུ་སོགས་ཀྱི་གོ་རིམ་གཞིར་བཟུང་ནས་ལས་མི་བསྡུརྒྱུ།

(བཞི་པ། ) རྒྱུགས་སྤྲོད་མཁན་གྱིས་རྩིས་འཁོར་གྱི་ལམ་ནས་ཁུ་ནུའི་ཤེས་ལྡན་པའི་དྲ་ཚིགསwww.klycw.cn(རྒྱུགས་སྤྲོད་མིང་ཐོ་འགོད་པའི་ལྟེ་གནས)བརྒྱུད་དེ་མིང་ཐོ་འགོད་དགོས།

1.མིང་ཐོ་འགོད་པའི་དུས་ཚོད།

2022ལོའི་ཟླ6པའི་ཚེས8ཉིན་གྱི་ཆུ་ཚོད9:00ནས2022ལོའི་ཟླ6པའི་ཚེས20ཉིན་གྱི་ཆུ་ཚོད18:00བར།

2.ཞིབ་བཤེར་གཏན་འབེབས་ཀྱི་དུས་ཚོད།

2022ལོའི་ཟླ6པའི་ཚེས8ཉིན་གྱི་ཆུ་ཚོད9:00ནས2022ལོའི་ཟླ6པའི་ཚེས21ཉིན་གྱི་ཆུ་ཚོད12:00བར།

3.གྲོན་དངུལ་འཇལ་བའི་དུས་ཚོད།

2022ལོའི་ཟླ6པའི་ཚེས8ཉིན་གྱི་ཆུ་ཚོད9:00ནས2022ལོའི་ཟླ6པའི་ཚེས21ཉིན་གྱི་ཆུ་ཚོད18:00བར།

གཡང་སྐྱིད་ཀྱིས་བསྒྱུར།