ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་སྟེང་གི་སྙན་ཞུ།

བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་དེད་ནས་མདུན་དུ་བསྐྱོད་དེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་བྲི་དགོས།

——ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་སྟེང་གི་སྙན་ཞུ།

(2022ལོའི་ཟླ5བའི་ཚེས23ཉིན)

ཞིན་ཁྲང་ཞིང་།

བློ་མཐུན་རྣམ་པ།

ད་ལྟ་ངས་ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་ཚབ་བྱས་ནས་ཚོགས་ཆེན་ལ་སྙན་ཞུ་འབུལ་རྒྱུ་ཡིན།

ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བ་ནི། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་དཔུང་འཇུག་བྱེད་པའི་བཞུད་ལམ་གསར་བའི་གནད་འགག་གི་དུས་སྐབས་སུ་བསྡུས་པའི་ཧ་ཅང་གལ་འགངས་ཆེ་བའི་གྲོས་ཚོགས་ཐེངས་ཤིག་ཡིན། ཚོགས་ཆེན་གྱི་བརྗོད་གཞི་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དར་ཆ་རླབས་ཆེན་མཐོ་རུ་བསྒྲེང་པ་དང་། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་དེད་ནས་མདུན་དུ་བསྐྱོད་པ། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུ་བ། རླབས་ཆེན་ཏང་འཛུགས་སྐྱོང་གི་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་གཏོང་བ། དཀའ་སྤྱད་འབད་བརྩོན་དང་། གསར་གཏོད་གསར་འབྱེད་བྱེད་པ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མུ་མཐུད་དུ་གྲུབ་འབྲས་གསར་བ་ལེན་པ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་བྲི་དགོས།

དང་པོ། འདས་པའི་ལོ་ལྔའི་རིང་གི་བྱ་བ།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་མཐོང་ཆེན་ཚད་མཐོན་པོ་གནང་བ་དང་། ཐུགས་དགོངས་རིགས་སོ་སོའི་མི་དམངས་དང་སྦྲེལ་ཞིང་། ཐུགས་བརྩེ་མཐོ་སྒང་གི་ཡངས་པའི་ས་གཞིར་གཏད། 2016ལོ་དང་། 2021ལོར་མཚོ་སྔོན་དུ་ཐེངས་གཉིས་ལ་སྐུ་དངོས་སུ་གཟིགས་ཞིབ་ཏུ་ཕེབས་པ་དང་། ཐེངས་གཉིས་ལ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་ཞིང་། མཛུབ་སྟོན་གཟིགས་མཆན་རབས་དང་རིམ་པ་གནང་བས། མཚོ་སྔོན་གྱི“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གནས་ཚུལ་གྱི་ངེས་གནས་དང་རྒྱལ་ཡོངས་ཀྱི་སྤྱི་ཡོངས་ཁྲོད་ཀྱི“ཆེས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གོ་གནས་གསལ་བོར་བཏང་བ་དང་། “སྔོན་སྐྱོད་ས་ཁུལ་གསུམ”གྱི་འཛུགས་སྐྲུན་དང་། “ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་གསལ་བོར་བཏང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱེད་པ། དམངས་ཚིས་བདེ་སྐྱིད་སྐྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད་ཕུགས་བསམ་གྱི་དད་མོས་བརྟན་པོར་གཏོང་བའི་ལས་འགན་གལ་ཆེན་ལྔ་བཅས་གསལ་བོར་བཏང་ལ། མདོ་དབུས་མཐོ་སྒང་དེ་སྐྱེ་ཁམས་དཔལ་ཡོན་གྱི་བཙན་སར་བསྐྲུན་པའི་ཆེས་མཐོ་བའི་བླང་བྱ་གསལ་བོར་བཏང་། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་དེ་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཙོ་རྒོལ་ཁ་ཕྱོགས་དང་འགུལ་སྐྱོད་ཀྱི་བགྲོད་ལམ་དུ་བརྩི་བ་གསལ་བོར་བཏང་བ་བཅས་བྱས་པས། མཚོ་སྔོན་གྱི་འཕེལ་རྒྱས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་པ་དང་། རླབས་ཆེན་གྱི་འཆར་འགོད་བཟོས་ཤིང་། རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་ཟབ་མོ་དང་གོ་བ་ཞིབ་ཕྲ་བླངས་ནས། བློ་ཐག་རྦད་ཆོད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་གནང་བའི་མཛུབ་སྟོན་དང་གཟིགས་མཆན་གལ་ཆེན་དོན་འཁྱོལ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་དྲིན་ཚོར་ངར་སྐྱོད་དང་། ཞུན་བརྡར་མདུན་སྐྱོད་བྱས་ཤིང་། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་གོང་སྤེལ་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་པས། དུས་ལྟར་རྒྱལ་ཡོངས་དང་གོམ་སྟབས་མཉམ་པོས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་མངོན་འགྱུར་བྱས་པ་དང་། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པས་གཏན་འཁེལ་གནང་བའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱས་ཤིང་། བྱ་བ་སྣ་སོ་སོས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་བ་དང་འཕེལ་རིམ་གསར་བ་བླངས་ཡོད།

ལོ་ལྔའི་རིང་ལ། ང་ཚོས་གོང་སྤེལ་གྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱས་པས་དཔལ་འབྱོར་གོང་སྤེལ་ལ་གྲུབ་འབྲས་གསར་བ་བླངས། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་ཡིད་ལ་བརྟན་པོར་ངེས་པར་བྱས་ཏེ། ལྗང་མདོག་ཐཱན་དམའི་རྣམ་པ་སྒྱུར་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་བ་དང་། གོང་སྤེལ་གྱི་རྨང་གཞི་སྔར་ལས་སྲ་བརྟན་དུ་བཏང་ཞིང་། གོང་སྤེལ་གྱི་སྤུས་ཚད་མུ་མཐུད་དུ་མཐོར་འདེགས་བཏང་ལ། དཔལ་འབྱོར་གྱི་སྟོབས་ཤུགས་རིམ་བཞིན་ཇེ་དྲག་ཏུ་བཏང་། སྡོད་དམངས་ཀྱི་ཡོང་འབབ་ལོ་རེ་བཞིན་མཐོར་འདེགས་སུ་ཕྱིན་ཡོད། བསྟུད་མར་འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ཟབ་འགྱུར་བཏང་བས་ཁྱད་ལྡན་གྱི་གསར་དར་ཐོན་ལས་བརྟན་ཞིང་བརླིང་བར་འཕེལ་རྒྱས་སུ་ཕྱིན། ཐོན་ལས་ཀྱི“གནས་བཞིའི”འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་བ་དང་། ཚྭ་མཚེའུ་ཐོན་ཁུངས་ཀྱི་ཕྱོགས་བསྡུས་གསར་འབྱེད་ལ་ནུས་ལྡན་སྒོས་སྐུལ་འདེད་བཏང་། ཅ་ལུད་སོགས་ཀྱི་ཐོན་རྫས་ཀྱིས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་དང་དམའ་རིམ་ཐོན་རྫས་འདོན་སྤྲོད་ཐད་ལ་བྱས་རྗེས་གལ་ཆེན་བཞག ནུས་ཁུངས་གཙང་མའི་དཔེ་སྟོན་གྱི་ཞིང་ཆེན་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ལྡན་པ་དང་། ནུས་ཁུངས་གཙང་མའི་འཕྲུལ་ཆས་སྒྲིག་སྦྱོར་བསྡུར་ཟིན་གྱིས་བསྟུད་མར་རྒྱལ་ཡོངས་ཀྱི་སྔོན་གྲལ་སྲུང་འཛིན་བྱས། སྐྱེ་ཁམས་ཡུལ་སྐོར་རིམ་བཞིན་འཕེལ་རྒྱས་སུ་ཕྱིན་ནས་དེང་རབས་ཞབས་ཕྱིའི་ལས་རིགས་ཀྱི་སྣེ་ཁྲིད་དུ་གྱུར་བ་དང་། རི་རྫོང་ཆུ་ཁོངས་ཀྱི་དག་ཞིང་དང་། སའི་གོ་ལའི་གླིང་སྣེ་གསུམ་པའི་ཟོང་རྟགས་གྲགས་ཅན་གྱི་སྣང་བརྙན་སྔར་ལས་འབུར་དུ་ཐོན་པར་གྱུར། རྒྱལ་ཡོངས་ཀྱི་རྒྱ་ཁྱོན་ཆེས་ཆེ་བའི་ལྗང་མདོག་སྐྱེ་ལྡན་ཕྱུགས་ལས་ཐོན་སྐྱེད་ཀྱི་རྟེན་གཞི་བཙུགས་པ་དང་། ཞིང་ཕྱུགས་ཐོན་རྫས་ལས་སྣོན་གྱི་འཕོ་སྒྱུར་ཚད་བསྟུད་མར་མཐོར་འདེགས་སུ་ཕྱིན། གལ་ཆེ་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱིས་འཕེལ་རིམ་གསར་བ་བླངས། གྲོང་རྡལ་ཅན་དུ་འགྱུར་ཚད་མཐོར་འདེགས་ཆེན་པོ་ཕྱིན་པ་དང་། མཛེས་ཤིང་སྡུག་པའི་གྲོང་རྡལ་དང་། མཛེས་ཤིང་སྡུག་པའི་གྲོང་གསེབ་འཛུགས་སྐྲུན་དང“ཤང་བརྒྱ་སྡེ་སྟོང”གི་དཔེ་སྟོན་བཟོ་སྐྲུན་གྱི་གྲུབ་འབྲས་མངོན་གསལ་དུ་ཕྱིན། མགྱོགས་མྱུར་གྱིས“ལྟེ་བ་གཉིས་གཞུང་རྐང་གཅིག་བཙན་ས་གཅིག”གི་རྣམ་པ་གསར་བ་བསྐྲུན་པ་དང་། མངའ་ཁོངས་གོང་སྤེལ་གྱི་མཐུན་སྦྱོར་རང་བཞིན་རིམ་བཞིན་ཇེ་དྲག་ཏུ་ཕྱིན། ས་གནས་བཅོས་སྐྱོང་གི་ལམ་ལུགས་གསར་གཏོད་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ་དང་། “གློད་སྡོམ་ཞབས”གསུམ་དང་། རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས། ནོར་སྲིད་དངུལ་རྩ་སོགས་གནད་ཆེའི་ཁྱབ་ཁོངས་དང་གནད་འགག་ལྷུ་ཚིགས་ཀྱི་ཁྱབ་ཁོངས་བཅོས་སྒྱུར་ལ་འགག་བརྟོལ་རང་བཞིན་གྱི་འཕེལ་རིམ་བྱུང་། ཕྱི་ཕྱོགས་སྒོ་འབྱེད་ཀྱི་གྲུབ་འབྲས་མངོན་གསལ་ཡིན་པ་དང་། ཁ་གཏད་མཚོ་སྔོན་རོགས་སྐྱོར་དང་ཤར་ནུབ་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་བླངས། དེ་རིང་གི་མཚོ་སྔོན་གྱི་རྣམ་པ་སྒྱུར་བའི་གོང་སྤེལ་གྱི་ཁ་ཕྱོགས་སྔར་ལས་མངོན་པར་གསལ་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་ལ་མདུན་ལྗོངས་རྒྱ་ཆེ་བ་མངོན་ཡོད།

ལོ་ལྔའི་རིང་ལ། ང་ཚོས་སྐྱེ་ཁམས་ལེགས་འཛིན་རྒྱུན་འཁྱོངས་བྱས་པས་སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན་ལ་རྒྱུགས་ཤོག་གསར་བ་ཞིག་སྤྲད། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་གལ་ཆེན་བློ་ཐག་རྦད་ཆོད་ཀྱིས་ཕྲག་ཏུ་བླངས་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་བཙན་སའི་འཛུགས་སྐྲུན་མགོ་བརྩམས་ཤིང་། ལམ་ལུགས་མ་ལག་གསར་གཏོད་ལ་ཐོད་བརྒལ་གསར་བ་བྱུང་ལ། བསྐྱར་དཔར་དང་ཁྱབ་གདལ་གཏོང་རུང་བའི་ཉམས་མྱོང་ཁག་ཅིག་འཚོལ་རྟོག་བྱས་ནས་ཉར་གསོག་བྱས། རྨ་འབྲི་རྫ་གསུམ་མགོ་ཁུངས་ཀྱི་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་པ་དང་། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ས་གནས་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་གངས་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་ལ་གཅིག་འདོམས་བྱས་པ་དང་། “ཀྲུང་ཧྭའི་ཆུ་གཏེར”དང་སའི་གོ་ལའི་གླིང་སྣེ་གསུམ་པ་སྲུང་སྐྱོབ་ཀྱི་འགུལ་སྐྱོད་ལག་བསྟར་བྱས་ཏེ། སྐྱེ་ཁམས་བྱེད་ནུས་ཁུལ་སྲུང་སྐྱོབ་དང་བཅོས་སྐྱོང་ལ་ཤུགས་བསྣན་པ་དང་། རྨ་ཆུ་འབབ་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཞིང་། མདོ་དབུས་མཐོ་སྒང་གི་གདོད་མའི་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོབ་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་། ཨ་ཆེན་གངས་རྒྱབ་དེ་འཛམ་གླིང་རང་བྱུང་ཤུལ་བཞག་གི་མིང་བྱང་དུ་བཞག རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་དང་པོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་ཞུ་ཡིག་གལ་ཆེན་དེ་རྩ་བའི་གཞི་འཛིན་སར་བྱས་ཏེ“ཟི་ལིང་གཅིག་མཐུན་ལྟ་བ”བསྒྲགས་པ་དང་། དྲུག་ལྔའི་ཁོར་སྲུང་ཉིན་མོའི་རྒྱལ་ཁབ་ཀྱི་ཚོགས་ར་གཙོ་བོའི་བྱ་འགུལ་གྱི“མི་དང་རང་བྱུང་འཆམ་མཐུན་མཉམ་གནས”ཞེས་པའི་བརྗོད་དོན་གཙོ་བོར་གྲུབ་འབྲས་གལ་ཆེན་ལྡན་ཡོད། ནམ་མཁའ་སྔོ་ཞིང་། ཆུ་བོ་དྭངས་ལ། ས་གཞི་གཙང་མ་ཡོང་བའི་སྲུང་སྐྱོབ་ལ་གྲུབ་འབྲས་མངོན་གསལ་བྱུང་བ་དང་། ཞིང་ཆེན་ཡོངས་ཀྱི་མཁའ་དབུགས་ཀྱི་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད95%ཡན་དུ་སླེབས་ལ། རྒྱལ་ཁབ་ཀྱི་ས་ངོས་ཆུའི་དཔྱད་ཞིབ་བཅད་ངོས་ལེགས་པའི་ཆུ་སྤུས་ཀྱི་བསྡུར་ཚད100%ལ་སླེབས་ཤིང་། དེ་གཉིས་རྒྱལ་ཡོངས་ཀྱི་སྔོན་གྲས་སུ་སླེབས་ཡོད། མངའ་ཁོངས་སྐྱེ་ཁམས་དཔལ་ཡོན་གྱི་བྱེད་ནུས་མུ་མཐུད་དུ་ལེགས་སྒྱུར་བྱས་པ་དང་། ཆུ་ཁོངས་གསོག་འཛིན་གྱི་བྱེད་ནུས་སྔར་ལས་འབུར་དུ་ཐོན་ཞིང་། བརླན་སའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཨང་དང་པོ་རུ་བརྟན་པོར་གནས་པ་དང་། རྒྱལ་ཁོངས་ལྗང་སྒྱུར་གྱི་ནགས་ས་གསར་དུ་འཕར་བའི་རྒྱ་ཁྱོན་མུའུ་ཁྲི1800ལྷག་ཡིན། མཐོ་འཁྱགས་རྩྭ་ས་ཉམས་གསོའི་གྲུབ་འབྲས་འབུར་དུ་ཐོན་ཞིང་། མཐོ་སྒང་གི་སྐྱེ་དངོས་འདེབས་རྒྱུ་ཐོན་ཁུངས་བརྟན་སྲུང་བྱས་ཡོད། དེ་རིང་གི་མཚོ་སྔོན་ནི་མི་དང་རང་བྱུང་འཆམ་མཐུན་ཡིན་ཞིང་། འཇིག་རྟེན་གྱི་མི་རྣམས་ལ་ཆུ་བོ་དྭངས་ཤིང་མཚོ་མོ་འཇགས་ལ། གཡུ་མདོག་རྩྭ་ཐང་མུ་མེད་མཐའ་རུ་བསྲིངས་ཤིང་། སྐྱེ་སྟོབས་དཔལ་གྱིས་བརྒྱན་པའི་མཛེས་རིས་ཆེན་པོ་ཞིག་བསྟབས་ཡོད།

ལོ་ལྔའི་རིང་ལ། ང་ཚོས་མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱས་པས་མི་དམངས་ཀྱི་བདེ་སྐྱིད་སྐས་རིམ་གསར་བ་ཞིག་ཏུ་སླེབས། ཚད་ཡོད་པའི་ནོར་སྲིད་ཀྱི་གནས་ཚུལ་འོག རྣམ་པ་ཀུན་ཏུ་ནོར་སྲིད་ཀྱི་གཏོང་སྒོ་འབོར་ཆེན་ཞིག་དམངས་ཚིས་ལས་དོན་སྟེང་དུ་སྤྱད་པ་དང་། དམངས་ཀྱི་ཆེད་དུ་དངོས་དོན་སྒྲུབ་པའི་བཟོ་སྐྲུན་ལག་བསྟར་བྱས་ཤིང་། དམངས་ཕན་གྱི་བྱེད་ཐབས་མང་པོ་ཞིག་བསྟུད་མར་དངོས་འབེབས་བྱས་པས། རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སེམས་ཉམས་སྣང་བསྟུད་མར་ཇེ་དྲག་ཏུ་སོང་། དབུལ་ཐར་འགག་སྒྲོལ་གྱི་གཡུལ་འཐབ་ཀྱིས་ཕྱོགས་ཡོངས་ནས་རྒྱལ་ཁ་བླངས་པས། ལོ་རྒྱུས་རང་བཞིན་གྱིས་དབུལ་བོ་དབུལ་རྐྱང་མེད་པར་བཟོས་ཤིང་། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་། སྤྱི་པའི་འཕྲོད་བསྟེན་མྱུར་མཁོའི་དོ་དམ་སྒྲིག་ལུགས་འཛུགས་སྐྲུན་ལ་ཤུགས་བསྣན་པ་དང་། པྲོག་གསར་གློ་ཚད་རིམས་ནད་རྒྱུན་རྣམ་ཅན་གྱི་འགོག་སྡོམ་ལ་འཕྲལ་ཐག་བཅད་པར་ནུས་པ་ལྡན་ཞིང་། མི་དམངས་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོང་བྱས། ལས་ཞུགས་ཀྱི་གནས་བབ་བརྟན་ཞིང་ལེགས་ལམ་དུ་ཕྱིན་པ་དང་། གྲོང་རྡལ་དུ་ལས་ཞུགས་ཐོ་འགོད་བྱས་པའི་ཚད་ཀྱིས་ཆུ་ཚད་ཅུང་དམའ་བ་སྲུང་འཛིན་བྱས། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཡོང་འབབ་འཕར་ཚད་དཔལ་འབྱོར་འཕར་ཚད་ལས་མཐོ་ཞིང་། ཡོང་འབབ་འབྲིང་རིམ་ཅན་གྱི་ཁྱུ་ཚོགས་རིམ་བཞིན་རྒྱ་སྐྱེད་བྱུང་། བསྟུད་མར་མི་དམངས་ཀྱི་བློ་ཁ་ཚིམ་པའི་སློབ་གསོ་ཤུགས་ཆེན་གྱིས་ལེགས་པོར་བསྒྲུབས་པས་སློབ་གསོ་མངོན་གསལ་གྱིས་མཐོར་འདེགས་སུ་ཕྱིན། གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁེབས་པའི་སྤྱི་ཚོགས་འགན་སྲུང་མ་ལག་ཡོངས་སུ་བཙུགས་པ་དང་། སྤྱི་པའི་རིག་གནས་ཞབས་ཕྱི་དམངས་ཡོངས་ལ་ཁྱབ་ཅིང་། འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་། རྨ་སྟོད་དང་། མིན་ཡོན་གྱི་ཡོམ་འགོག་གནོད་སེལ་ཕན་འབྲས་མཐོ་བའི་ངང་ནས་བསྒྲུབས་པ་དང་། གནོད་ཐེབས་རྗེས་ཀྱི་བསྐྱར་གསོ་བསྐྱར་སྐྲུན་ལ་མགྱོགས་མྱུར་གྱིས་སྐུལ་འདེད་བཏང་། མཐོ་སྒང་གི་གསོ་རིག་འཛམ་གླིང་གི་མདུན་གྲལ་དུ་ཕྱིན་པ་དང་། དུས་ཡུན་རིང་བོར་རོང་འབྲོག་མང་ཚོགས་ལ་ཟིང་སློང་བཟོ་བའི་ཐུམ་འབུའི་ནད་དེ་ལོ་རྒྱུས་རང་བཞིན་གྱིས་འགོག་ཐུབ་པ་བྱུང་བས། མི་དམངས་ཀྱི་བདེ་ཐང་དང་སྨན་བཅོས་འཕྲོད་བསྟེན་གྱི་ཆུ་ཚད་མཐོར་འདེགས་ཆེན་པོ་ཕྱིན། དེ་རིང་གི་མཚོ་སྔོན་ནི་རིགས་སོ་སོའི་མང་ཚོགས་ཀྱིས་ཐུན་མོང་གིས་འབད་འཐབ་བྱས་པ་བརྒྱུད་ནས། མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱས་པ་དང་། བྲང་ཁོག་ཡིད་ཆེས་ཀྱིས་ཁེངས་ནས་མཉམ་དུ་འབྱོར་ཕྱུག་ལྡན་པའི་དམིགས་འབེན་གྱི་ཕྱོགས་སུ་སྐྱོད་བཞིན་ཡོད།

ལོ་ལྔའི་རིང་ལ། ང་ཚོས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དེ་གཙོ་ཐིག་བྱེད་པ་རྒྱུན་འཁྱོངས་བྱས་པས་མི་རིགས་མཐུན་སྒྲིལ་ལ་ཡར་རྒྱས་གསར་བ་བྱུང་། ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་དང་ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་སྣེ་ཁྲིད་ནས་གསར་འཛུགས་བྱས་ཏེ། གྲོང་ཁྱེར(ཁུལ)ཡོངས་སུ་རྒྱལ་ཁབ་རིམ་པའི་དཔེ་སྟོན་བསྐྲུན་པའི་ཞིང་ཆེན་ཐོག་མར་གྱུར། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་རྒྱ་ཆེར་དར་སྤེལ་བཏང་བ་དང་། མར་ཁེ་སི་རིང་ལུགས་ཀྱི་རྒྱལ་ཁབ་ལྟ་བ་དང་། ལོ་རྒྱུས་ལྟ་བ། མི་རིགས་ལྟ་བ། ཆོས་ལུགས་ལྟ་བ། རིག་གནས་ལྟ་བ་བཅས་ཀྱི་སློབ་གསོ་དང“མོས་མཐུན་ལྔའི”སློབ་གསོ་གཏིང་ཟབ་ཏུ་སྤེལ་ཞིང་། འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་གཙོ་བོའི་འཛུགས་སྐྲུན་ལ་མུ་མཐུད་དུ་ཤུགས་བསྣན། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བརྟན་བརླིང་ངང་ཁྱབ་གདལ་དུ་བཏང་། ཁྲིམས་ལྟར་མི་རིགས་ཆོས་ལུགས་ལས་དོན་བཅོས་སྐྱོང་བྱས། རིགས་སོ་སོའི་མི་རིགས་ཀྱི་འབྲེལ་འདྲིས་བརྗེ་རེས་མཉམ་འདྲེས་ལ་ཤུགས་བསྣན་པ་དང་། “མི་རིགས་མཐུན་སྒྲིལ+”མཉམ་བསྲེའི་འཕེལ་རྒྱས་ཀྱི་འགུལ་སྐྱོད་ལག་བསྟར་བྱས་ལ། སྡེ་ཁུལ་གྱི“སེ་འབྲུ་གཞིས་ཁྱིམ”འཛུགས་སྐྲུན་བྱས་ཤིང་། མི་རིགས་ས་ཁུལ་གྱི་འཆམ་མཐུན་བརྟན་འཇགས་གོང་སྤེལ་ལ་སྐུལ་འདེད་བཏང་བས། མཐའ་བདེ་བོད་བརྟན་ཡོང་བར་ནུས་པ་གལ་ཆེན་འདོན་སྤེལ་བཏང་། དེ་རིང་གི་མཚོ་སྔོན་ནི་རིགས་སོ་སོའི་མང་ཚོགས་སྤུན་ཟླ་ལྟར་མཐུན་ཞིང་། རོགས་རེས་ལྡན་པ། རྣམ་དག་གི་སེམས་པ་སྤྱི་ཁྱབ་ཧྲུའུ་ཅི་ལ་ཕྱོགས་པ་དང་། ཏང་ཀྲུང་དབྱང་ལ་ཕྱོགས་པ། བློ་ཐག་ཆོད་པོས་ཏང་གི་ངག་ལ་ཉན་པ་དང་། ཏང་གི་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་པ་ཞིག་ཡིན།

ལོ་ལྔའི་རིང་ལ། ང་ཚོས་མཉམ་སྐྲུན་མཉམ་བཅོས་མཉམ་རོལ་རྒྱུན་འཁྱོངས་བྱས་པས་སྤྱི་ཚོགས་བཅོས་སྐྱོང་གི་ཆུ་ཚད་གསར་བ་ཞིག་ཏུ་སླེབས། ཚན་རིག་ཁྲིམས་འཛུགས་དང་། ཁྲིམས་བསྟར་གཟབ་ནན། དྲང་གཞག་ཁྲིམས་འཛིན། དམངས་ཡོངས་ཁྲིམས་བརྩི་བཅས་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། ཁྲིམས་སྐྱོང་མཚོ་སྔོན་དང་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་སྐས་རིམ་གསར་བ་དང་ཆུ་ཚད་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་། སྤྱི་ཚོགས་བཅོས་སྐྱོང་གི་ལམ་ལུགས་གསར་གཏོད་དང་ནུས་པའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། སྤྱི་ཚོགས་བཅོས་སྐྱོང་གི་ཉམས་མྱོང་གསར་བ་འཚོལ་རྟོག་བྱས་ནས་ལག་ལེན་དུ་བཏབ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་བསྣན་པ་དང་གསར་གཏོད་བྱས་ཤིང་། དུས་རབས་གསར་བའི“ཧྥིན་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་གོང་སྤེལ་བཏང་ལ། དུས་རབས་གསར་བའི་བླང་བྱ་དང་མཐུན་པའི་སྡེ་སྲོལ་དམངས་ཆིངས་སོགས་གཞི་རིམ་བཅོས་སྐྱོང་གི་རྐྱེན་སྲོལ་ཆགས་པར་བྱས། གྲོང་ཁྱེར་བཅོས་སྐྱོང་སྔར་ལས་ཞིབ་ཚགས་ལྡན་པ་དང་། ཞིང་སྡེ་བཅོས་སྐྱོང་སྔར་ལས་མཛེས་སྡུག་ལྡན་པ། འབྲོག་ཁུལ་བཅོས་སྐྱོང་སྔར་ལས་ཞིབ་བརྩོན་ཡོང་ཞིང་། སྤྱི་ཚོགས་དཔལ་ཡོན་ལ་ཕྱོགས་ཡོངས་ནས་ཡར་རྒྱས་གསར་བ་བྱུང་། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་། མཚོ་སྔོན་ཟི་ཁྲོན་ཀན་སུའུ་བཅས་འབྲེལ་མཚམས་ས་ཁུལ་གྱི་བདེ་འཇགས་དང་དར་རྒྱས་བཟོ་སྐྲུན་ལ་གྲུབ་འབྲས་མངོན་གསལ་བླངས། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ལ་གྲུབ་འབྲས་ཆེན་པོ་བླངས། བློ་ཐག་རྦད་ཆོད་ཀྱིས་ཐོན་སྐྱེད་བདེ་འཇགས་དང་། ཟས་རིགས་སྨན་རྫས་བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱས། དེ་རིང་གི་མཚོ་སྔོན་ནི་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཡིན་པ་དང་། མང་ཚོགས་ཀྱི་འཚོ་བར་བདེ་འཇགས་ལྡན་ལ། རིགས་སོ་སོའི་མང་ཚོགས་ཀྱི་སྐྱིད་བདེ་གཉིས་ཀྱི་ཉམས་སྣང་བསྟུད་མར་ཇེ་ཆེར་སོང་།

ལོ་ལྔའི་རིང་ལ། ང་ཚོས་ཏང་གིས་ཏང་ལ་དོ་དམ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་རྒྱུན་འཁྱོངས་བྱས་པས་ཆབ་སྲིད་ཀྱི་སྐྱེ་ཁམས་ལ་རྣམ་པ་གསར་བ་ཞིག་མངོན། བྱ་བ་ཡོད་ཚད་ལ་ཏང་གིས་སྣེ་ཁྲིད་པ་རྒྱུན་འཁྱོངས་བྱས་པ་དང་། ཏང་གི་མགོ་ཁྲིད་དེ་ཁྱབ་ཁོངས་སོ་སོ་དང་ཕྱོགས་སོ་སོའི་ལྷུ་ཚིགས་སོ་སོར་དོན་འཁྱོལ་བྱས། ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་གཅིག་གྱུར་མགོ་ཁྲིད་བྱས་ཏེ། ཏང་གི་ཆབ་སྲིད་ཀྱི་སྒྲིག་ལམ་དང་ཆབ་སྲིད་ཀྱི་སྒྲིག་སྲོལ་ནན་ཏན་དུ་བཏང་ནས། རིམ་པ་སོ་སོར་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་འགན་འཁྲི་དོན་འཁྱོལ་བྱས་ལ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དེ་གཏིང་རིམ་པའི་ཕྱོགས་སུ་སྐུལ་འདེད་བཏང་། ཏང་གི་གསར་གཏོད་ཀྱི་གཞུང་ལུགས་ལ་སློབ་སྦྱོང་ཟབ་མོ་དང་ལག་བསྟར་བྱས་ཤིང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པར་གཟབ་རྒྱས་ངང་རྟེན་འབྲེལ་ཞུས་པ་དང་། “སློབ་གཅིག་བྱེད་གཉིས”ཀྱི་སློབ་སྦྱོང་སློབ་གསོ་དང་།“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པར་འཆང”ཞེས་པའི་བརྗོད་དོན་སློབ་གསོ། ཏང་གི་ལོ་རྒྱུས་སློབ་སྦྱོང་གི་སློབ་གསོ་བཅས་ཏན་ཏིག་གིས་སྤེལ་ནས། ཏང་ཡོན་ལས་བྱེད་པའི་ཕུགས་བསམ་དད་མོས་སྔར་ལས་བརྟན་པོ་དང་། ཏང་གཤིས་སྔར་ལས་ཇེ་དྲག་ཏུ་བཏང་། “རྩ་འཛུགས་མ་ལག་འཛུགས་སྐྲུན་བྱེད་པའི་ལོ་གསུམ་གྱི་འགུལ་སྐྱོད”ལག་བསྟར་གཏིང་ཟབ་བྱས་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་གསར་གཏོད་ནུས་ཤུགས་དང་། གོང་བུར་འདྲིལ་ཤུགས། འཐབ་འཛིང་ནུས་ཤུགས་བཅས་མངོན་གསལ་གྱིས་ཇེ་དྲག་ཏུ་སོང་ཞིང་། སྡེ་ཁག་གི་ཏང་འཛུགས་སྐྲུན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས། མགོ་ཁྲིད་ཚན་སྐོར་དང་ལས་བྱེད་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་ལ་བསྟུད་མར་ཤུགས་བསྣན་པ་དང་། གྲོང་ཁྱེར་དང་རྫོང་ཤང་སྡེ་བ་བཅས་རིམ་པ་བཞིའི་སྐབས་བརྗེའི་འདེམས་བསྐོ་བདེ་བླག་ལེགས་འགྲུབ་བྱས། དམངས་གཙོ་ཁྲིམས་སྐྱོང་གི་འཛུགས་སྐྲུན་བསྟུད་མར་ཟབ་འགྱུར་བཏང་བ་དང་། དམངས་ཆེན་དང་། སྲིད་གྲོས་ལ་རྒྱབ་སྐྱོར་བྱས་ནས་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཤིང་། འཐབ་སྒྲིལ་ཆེན་མོའི་བྱ་བའི་རྣམ་པ་མགྱོགས་མྱུར་གྱིས་བསྐྲུན་པ་དང་། མུ་མཐུད་དུ་བཟོ་ཚོགས་དང་། གུང་གཞོན་ཚོགས་པ། བུད་མེད་མཉམ་ལྷན་སོགས་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་ནུས་པ་མཐོར་འདེགས་བཏང་། རྒྱལ་སྲུང་སྐུལ་སློང་དང་། དམག་དམངས་མཉམ་འདྲིས། གཉིས་བཀུར་མཉམ་སྐྲུན། ཁོལ་འཁྱུར་དམག་མིའི་གཟིགས་སྐྱོང་བཀོད་སྒྲིག་སོགས་ཀྱི་བྱ་བར་འཕེལ་རྒྱས་གསར་བ་བྱུང་། སྤྱོད་ཚུལ་འཛུགས་སྐྲུན་ལ་ཏན་ཏིག་གིས་སྐུལ་འདེད་བཏང་བ་དང་། ཕྱི་ཚུལ་རིང་ལུགས་དང་། དཔོན་ངན་རིང་ལུགས་ནུས་ཤུགས་གང་ཡོད་ཀྱིས་སྤངས། “མགོ་ཁྲིད་དང་པོ”དང་མགོ་ཁྲིད་ཚན་སྐོར་གྱི་ལྟ་རྟོག་ལ་ཤུགས་བསྣན། སྤུས་ཚད་མཐོ་བའི་སྒོ་ནས་སྐོར་ཞིབ་བྱ་བ་དེ་ཡོངས་སུ་ཁེབས་པར་བྱས། བློ་རྩ་བརྟན་པོའི་རྣམ་འགྱུར་གྱིས་མུ་རི་གཏེར་ཁུལ་གྱི་ཁྲིམས་འགལ་སོལ་སློག་གནད་དོན་གྱི“དཔེ་བརྟེན་བཅོས་སྐུལ”དང་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་སྲུང་ལྟ་སྐུལ་རེས་གཉིས་པས་བཏོན་པའི་གནད་དོན་དག་ཐེར་དམ་འཛིན་ལེགས་པོ་བྱས། ཏང་ནང་གི་ཁྲིམས་སྲོལ་སྒྲིག་ལུགས་འཛུགས་སྐྲུན་དང་སྒྲིག་བཤེར་ལྟ་སྐུལ་གྱི་རྐྱེན་སྲོལ་བཅོས་སྒྱུར་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། སྒྲིག་སྲོལ་ལྟར་ཏང་བཅོས་སྐྱོང་དང་། སྒྲིག་ལུགས་ལྟར་ཏང་བཅོས་སྐྱོང་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་། སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་བྱ་བ་ཏན་ཏིག་གིས་སྤེལ་བ་དང་། འབྲུ་རིགས་ཉོ་ཚོང་སོགས་ཁྱབ་ཁོངས་གལ་ཆེན་གྱི་རུལ་སུངས་གནད་དོན་ལ་དག་ཐེར་བཅོས་སྐྱོང་བྱས་ཤིང་། མང་ཚོགས་ཉེ་འཁོར་གྱི་རུལ་སུངས་གནད་དོན་དང་ཚུལ་མིན་སྲོལ་ངན་ལ་བསྟུད་མར་དག་ཐེར་བཅོས་སྐྱོང་བྱས། ཝུན་གོ་ཏུང་དང་། མིན་ཡུང་ཧྲན་སོགས་ཀྱི་ཚབས་ཆེའི་སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་དོན་དེ་ངན་ཕྱོགས་དཔེར་མཚོན་དུ་བཟུང་བ་དང་། གྱོད་དོན་དེ་དགག་བྱར་བཟུང་ནས་རུལ་མི་ཕོད་པ་དང་། རུལ་མི་ཐུབ་པ། རུལ་མི་འདོད་པ་བཅས་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་ཞིང་། རུལ་རྒོལ་འཐབ་རྩོད་ཀྱི་ཟིལ་གནོན་རང་བཞིན་གྱི་རྒྱལ་ཁ་ཕྱོགས་ཡོངས་ནས་སྲ་བརྟན་དུ་བཏང་། དེ་རིང་གི་མཚོ་སྔོན་ནི་ཏང་གི་ཆབ་སྲིད་ཀྱི་མགོ་ཁྲིད་ནུས་པ་དང་། བསམ་བློའི་ཁྲིད་སྟོན་ནུས་པ། མང་ཚོགས་ཀྱི་རྩ་འཛུགས་ནུས་པ། སྤྱི་ཚོགས་འབོད་སྐུལ་གྱི་ནུས་པ་མངོན་གསལ་གྱིས་ཇེ་དྲག་ཏུ་སོང་ཞིང་། མི་རིགས་ས་ཁུལ་གྱི་ཏང་གི་སྲིད་འཛིན་རྨང་གཞི་སྔར་ལས་སྲ་བརྟན་དུ་སོང་ཡོད།

འདས་དོན་ལ་ཕྱིར་མིག་བལྟས་ཚེ་ཆེས་སྤྱིར་བཏང་མིན་པའི་ལོ་ལྔ་ཡིན་ལ། ང་ཚོས་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ནུས་ལྡན་སྒོས་ཁྱད་དུ་བསད་ནས་གོང་གསལ་གྱི་ཐོབ་དཀའ་བའི་འཕེལ་རྒྱས་དང་ཡར་རྒྱས་ཀྱི་འབྲས་བུ་བླངས་པའི་ཆེས་རྩ་བ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་བློ་ཐག་རྦད་ཆོད་ཀྱི་མགོ་ཁྲིད་ཡོད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་མཛུབ་སྟོན་ཡོད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེའི་ཐུགས་ཁུར་དང་། སྐུ་དངོས་ཀྱི་མཛུབ་སྟོན། སྐུ་དངོས་ཀྱི་བཀོད་སྒྲིག་ཡོད་པ་བཅས་དང་། ཞིང་ཆེན་ཏང་ཨུའི་ཚན་སྐོར་རིམ་བྱུང་གིས་བཏིང་བའི་རྨང་གཞིའི་སྟེང་བསྟུད་མར་འབད་འཐབ་བྱས་པའི་གྲུབ་འབྲས་དང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་དང་མང་ཚོགས་བཅས་ཀྱིས་མཉམ་དུ་འབད་བརྩོན་བྱས་པའི་གྲུབ་འབྲས་ཡིན། འདི་ནས་ངས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་ཚབ་བྱས་ནས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་། རྒྱ་ཆེའི་ཏང་ཡོན་དང་རིགས་སོ་སོའི་ལས་བྱེད་མང་ཚོགས། ལས་འཁྱུར་ངལ་གསོ་མཛད་པའི་བློ་མཐུན་རྒན་པ་དང་། དམངས་གཙོ་ཏང་ཁག་སོ་སོ། བཟོ་ཚོང་མཉམ་ལྷན་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། མི་དམངས་ཚོགས་པ་སོ་སོ་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ། མཚོ་སྔོན་དུ་སྡོད་པའི་བཅིངས་འགྲོལ་དམག་དང་། དྲག་ཆས་དམག་དཔུང་། དམངས་དམག སྤྱི་བདེ། མེ་གསོད་རོགས་སྐྱོར་བཀོད་འཐབ་པ། ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་ལས་ཁུངས་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་དང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་འཇོན་མི། མཚོ་སྔོན་གྱི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་རྒྱལ་ཁབ་ཕྱི་ནང་གི་གྲོགས་པོ་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་བླ་མེད་ཀྱི་གུས་འདུད་ཞུ།

ལོ་ལྔའི་བྱ་བར་ཕྱིར་དྲན་བྱས་ཚེ། ང་ཚོར་ངེས་ཤེས་ཟབ་མོ་ཞིག་ཡོད་པ་ནི། མཚོ་སྔོན་གྱི་བྱ་བ་ལེགས་པོར་བསྒྲུབ་པར་ངེས་པར་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་འགུལ་སྐྱོད་ཀྱི་ཕྱོགས་སྟོན་དུ་འཛིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་བླང་བྱ་གལ་ཆེན་དང་མཛུབ་སྟོན་གཟིགས་མཆན་གལ་ཆེན་དེ་རྩ་བའི་གཞི་འཛིན་ས་བྱ་དགོས་པ་དང་། རང་རྟོགས་བརྟན་པོས་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་བགྲོད་ལམ་བཅས་ཀྱི་སྟེང་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་སྲུང་འཛིན་བྱེད་པ། རང་རྟོགས་བརྟན་པོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོར་བཟོས་པའི་འཆར་འགོད་རིམ་བཞིན་དོན་ཐོག་ཏུ་བསྟར་དགོས། ངེས་པར“སྲུང་སྐྱོང་གཉིས”དེ་རྩ་བའི་ཆབ་སྲིད་ཀྱི་རྩ་དོན་དུ་འཛིན་པ་རྒྱུན་འཁྱོངས་བྱ་དགོས། “བརྟན་ཚུགས་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་ངེས་ཤེས་ཟབ་མོ་ལེན་པ་དང་། རང་རྟོགས་བརྟན་པོས་སྲོག་ཤིང་ལ་བློ་དཀར་བ་དང་། སྲོག་ཤིང་ལ་གོང་བཀུར་བྱེད་པ། སྲོག་ཤིང་སྲུང་འཛིན་བྱེད་པ། སྲོག་ཤིང་ལ་སྲུང་སྐྱོབ་བྱེད་པ་བཅས་བྱས་ཐོག མུ་མཐུད་དུ་ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་། ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་མཐོར་འདེགས་གཏང་དགོས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་ཐུགས་ཁུར་དང་གཟིགས་སྐྱོང་དེ་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ལས་སྒྲུབ་ལས་བཏོད་དང་། མཚོ་སྔོན་གྱི་བྱ་བ་ལེགས་པོར་བསྒྲུབ་པའི་ངར་སེམས་དང་འགུལ་སྐྱོད་དུ་བསྒྱུར་དགོས། ངེས་པར་གོང་སྤེལ་གྱི་འདུ་ཤེས་གསར་བ་དེ་འགུལ་སྐྱོད་ཀྱི་སྣེ་ཁྲིད་དུ་འཛིན་པ་རྒྱུན་འཁྱོངས་བྱ་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗོད་གཞི་ལ་དམ་པོར་དམིགས་པ་དང་། གོང་སྤེལ་གྱི་རྣམ་པ་གསར་བར་འདྲེས་པ་དང་དེར་ཞབས་ཕྱི་སྒྲུབ་པའི་ཁྲོད་དུ་མཚོ་སྔོན་གྱི་ཁྱད་ལྡན་ཐོན་ཁུངས་ཀྱི་ལེགས་ཆ་དང་དམིགས་བསལ་གྱི་མཐུན་རྐྱེན་སྔར་ལས་བཟང་པོའི་སྒོ་ནས་འདོན་སྤེལ་གཏོང་བར་དམིགས་ནས། ངེས་གནས་ཡང་དག་གིས་འཚོལ་བ་དང་། རིགས་ལམ་རྒྱ་བསྐྱེད་པ། “བཙན་ས”དང“གནས་བཞིའི”འཛུགས་སྐྲུན་དེ་འདེགས་སྐྱོར་བྱས་ཏེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ལྗང་མདོག་ཐཱན་དམའི་འཁོར་སྐྱོད་དཔལ་འབྱོར་གོང་སྤེལ་གྱི་དཔལ་འབྱོར་མ་ལག་ཆགས་པར་བྱེད་པ་དང་། མཚོ་སྔོན་གྱི་དངོས་ཡོད་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་དགོས། ངེས་པར་སྐྱེ་ཁམས་སྲུང་སྐྱོབ་དེ་ཆེས་ཆེ་བའི་འགན་འཁྲིར་བརྩི་བ་རྒྱུན་འཁྱོངས་བྱ་དགོས། རྣམ་པ་ཀུན་ཏུ་རང་རྟོགས་བརྟན་པོས་སྐྱེ་ཁམས་ཁོར་ཡུག་སྔོན་སྐྱོད་རྒྱུན་འཁྱོངས་བྱེད་པ་དང་། སྐྱེ་ཁམས་ཐོན་སྐྱེད་དང་འཚོ་བའི་འཁོར་སྐྱོད་ལེགས་པོའི་གོང་སྤེལ་ལ་སྐུལ་འདེད་གཏང་དགོས་ལ། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བ། མི་དང་རང་བྱུང་གི་ཚེ་སྲོག་གཅིག་མཐུན་ཚོགས་པ་ཧུར་ཐག་གིས་འཛུགས་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱེད་པའི་ལོ་རྒྱུས་འོས་འགན་ཕྲག་ཏུ་འཁུར་དགོས། ངེས་པར་དམངས་ཚིས་བདེ་སྐྱིད་སྐྱེད་པ་དེ་རིན་ཐང་འདྲེན་ཕྱོགས་སུ་བརྩི་བ་རྒྱུན་འཁྱོངས་བྱ་དགོས། མི་དམངས་ལྟེ་བར་འཛིན་པའི་གོང་སྤེལ་གྱི་དགོངས་པ་ལག་ལེན་གཏིང་ཟབ་བྱེད་པ་དང་། མི་དམངས་ཀྱི་དུང་སེམས་བརྟན་སྲུང་བྱེད་པ། བསམ་གཞིགས་དང་སྟོབས་ཤུགས་དངོས་ནས་དམངས་ཀྱི་ཆེད་དུ་དོན་དངོས་སྒྲུབ་པ་དང་། མུ་མཐུད་དུ་དམངས་ལ་བདེ་སྐྱིད་སྐྲུན་པ། མང་ཚོགས་ལ་འཚོ་བ་བཟང་པོ་རོལ་དུ་འཇུག་པ་བཅས་ཀྱི་སྟེང་དུ་སྤྱོད་པ། རིགས་སོ་སོའི་མང་ཚོགས་ཀྱི་མཛེས་ཤིང་སྡུག་པའི་འཚོ་བའི་རེ་སྙེག་བསྟུད་མར་སྐོང་བ་དང་། ཏན་ཏན་ཏིག་ཏིག་གིས་མཉམ་དུ་འབྱོར་ཕྱུག་ཡོང་བར་སྐུལ་འདེད་གཏང་དགོས། ངེས་པར་མི་རིགས་མཐུན་སྒྲིལ་ཡར་ཐོན་དེ་ལས་འགན་གལ་ཆེན་དུ་བརྩི་བ་རྒྱུན་འཁྱོངས་བྱ་དགོས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་ཞེས་པའི་དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བའི“རྩ་གནད”ལ་དམ་པོར་དམིགས་པ་དང་། བསམ་བློའི་ཆབ་སྲིད་ཀྱི་ཁྲིད་སྟོན་དང་། སྤྱི་ཚོགས་གོང་སྤེལ་དང་ཡར་ཐོན་ལ་གཅིག་འདོམས་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་ཟབ་འགྱུར་གཏོང་བ། མི་རིགས་སོ་སོ་སེ་འབྲུ་ནང་བཞིན་དམ་དུ་འཁྱུད་པར་སྐུལ་འདེད་གཏོང་བ། མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་། མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བའི་མཉམ་ཤུགས་གཅིག་ཏུ་སྒྲིལ་དགོས། ངེས་པར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་དེ་རྩ་བའི་འགན་སྲུང་དུ་བརྩི་བ་རྒྱུན་འཁྱོངས་བྱ་དགོས། ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་དེར་ཤུགས་སྣོན་པ། རང་ཉིད་གསར་བརྗེ་བྱེད་པའི་སྙིང་སྟོབས་ཀྱིས་ཏང་གི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། བསམ་བློས་ཏང་འཛུགས་སྐྱོང་དང་སྒྲིག་ལུགས་ཀྱིས་ཏང་བཅོས་སྐྱོང་གཉིས་ཀྱིས་ཕྱོགས་གཅིག་ཏུ་ཤུགས་འདོན་པ་རྒྱུན་འཁྱོངས་བྱེད་པ་དང་། བསྟུད་མར་སྲོལ་བཟང་གི་ཆབ་སྲིད་སྐྱེ་ཁམས་བསྐྲུན་དགོས། ཉམས་མྱོང་དང་བློ་སྒོ་འདི་དག་ཧ་ཅང་རྩ་ཆེན་ཡིན་ལ། ང་ཚོས་སྔར་ལས་གཅེས་སྤྲས་དང་ཡུན་རིང་བོར་རྒྱུན་འཁྱོངས་བྱ་དགོས་པ་མ་ཟད། ལག་ལེན་གསར་བའི་ཁྲོད་མུ་མཐུད་དུ་ཕུན་ཚོགས་གོང་སྤེལ་དུ་གཏང་དགོས།

གྲུབ་འབྲས་སྤྱི་སྡོམ་བྱེད་པའི་དུས་མཚུངས་སུ། ང་ཚོས་རིག་པ་གསལ་པོས་ཤེས་དགོས་པ་ནི། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་ལྡོག་དེ་ནུབ་རྒྱུད་མཐོ་སྒང་དུ་གནས་པའི་མཚོ་སྔོན་དུ་མངོན་པའི་ཚུལ་ནི་འབུར་དུ་ཐོན་པ་དང་། འཕེལ་རྒྱས་ཀྱི་རྨང་གཞི་ཞན་པ། ལས་འགན་ལྕི་བ། འཕེལ་རྒྱས་མི་འདང་བ་བཅས་ནི་སྔར་བཞིན་རང་ཞིང་གི་དངོས་ཡོད་ཀྱི་དཀའ་ངལ་ཡིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བར་དང་། ས་ཁོངས་བར་གྱི་འཕེལ་རྒྱས་དོ་མི་མཉམ་པ་དང་འཕེལ་རྒྱས་གང་ལེགས་མ་བྱུང་བའི་གནད་དོན་སྔར་བཞིན་འབུར་དུ་ཐོན་པ། རྨང་གཞི་དང་གྲུབ་རྒྱུ་བར་གྱི་འདེགས་སྐྱོར་ད་དུང་ཅུང་ཉག་ཕྲ་བ། ཆེད་ལས་ལག་རྩལ་གྱི་འཇོན་མི་བལྟོས་འཇོག་གིས་དཀོན་པ། ཚན་རྩལ་གསར་གཏོད་ཀྱི་ནུས་པར་ད་དུང་ཤུགས་བསྣན་དགོས་པ། ལྗང་མདོག་ཐཱན་དམའི་རྣམ་པ་སྒྱུར་བར་འགྲན་སློང་ཡོད་པ། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་བརྗེ་སྤོར་གྱི་ཐབས་ལམ་ད་དུང་ཤར་རྒྱུག་ཐུབ་པ་མ་ཡིན་པ། སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོ་ལ་བསྟུད་མར་ལུས་སེམས་གཉིས་ཀྱི་ཤུགས་འདོན་དགོས་པ། དམངས་ཚིས་འགན་སྲུང་ལ་ད་དུང་མི་འདང་ས་ཡོད་པ་དང་། མི་དམངས་ཀྱི་འཚོ་བ་དང་། གཞི་རྩའི་སྤྱི་པའི་ཞབས་ཕྱིའི་དོ་མཉམ་ཅན་གྱི་ཆུ་ཚད་ད་དུང་མཐོར་འདེགས་གཏང་དགོས་པ། སྤྱི་ཚོགས་བཅོས་སྐྱོང་གི་མ་ལག་ད་དུང་འཐུས་མི་ཚང་བ། ཏང་དོ་དམ་དང་ཏང་བཅོས་སྐྱོང་ལ་ད་དུང་ཉམས་ཞན་གྱི་གནས་ཡོད་པ་དང་། ཏང་ཡོན་ལས་བྱེད་པ་ཁ་ཤས་ལ་ལས་སྒྲུབ་ཁག་ཁུར་གྱི་རང་རྟོགས་མེད་པ། ཕྱི་ཚུལ་རིང་ལུགས་དང་། དཔོན་ངན་རིང་ལུགས་ཀྱི་གནད་དོན་སྔར་བཞིན་གནས་པ། རུལ་མི་ཕོད་པ་དང་། རུལ་མི་ཐུབ་པ། རུལ་མི་འདོད་པ་བཅས་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བའི་འགན་ལྕི་ཞིང་ཡུན་རིང་དགོས་པ་བཅས་སོ།། ང་ཚོས་རིག་པ་གསལ་བའི་སྒོ་ནས་གནད་དོན་ལ་ཐད་ཀར་ལྟ་བ་དང་། འགྲན་སློང་ལ་དཔའ་མི་ཞུམ་པ། ཁག་ཁུར་དངོས་གཉེར་གྱི་བྱ་བའི་སྤྱོད་ཚུལ་གྱིས་བྱ་བ་ལེགས་པོར་བསྒྲུབ་པར་ཧུར་ཐག་བྱ་རྒྱུ་ཡིན།

གཉིས་པ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་བསྐྲུན་པའི་སྤྱིའི་བླང་བྱ།

བཞུད་ལམ་གསར་བར་ཞུགས་ཏེ། དུས་རབས་གསར་བར་ངར་སྐྱོད་བྱ། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་སྤྱི་ཡོངས་ཁྲོད་ཀྱི་མཚོ་སྔོན་གྱི་གོ་གནས་ཏེ་ལྷག་པར་དུ་སྐྱེ་ཁམས་བདེ་འཇགས་དང་། རྒྱལ་ཁོངས་བདེ་འཇགས། ཐོན་ཁུངས་ནུས་ཁུངས་བདེ་འཇགས་བཅས་ཀྱི་གོ་གནས་སྔར་ལས་འགངས་ཆེན་དུ་གྱུར་ཡོད། འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ང་ཚོར་གནང་བའི་བཅོལ་གདམས་ནན་མོ་ཞིག་ཡིན་པ་དང་། དུས་རབས་ཀྱིས་ང་ཚོར་བསྩལ་བའི་འགན་འཁྲི་ཞིག་ཀྱང་ཡིན། མདུན་སྐྱོད་ཀྱི་བགྲོད་ལམ་སྟེང་དུ། ང་ཚོས་ཉེན་ཁ་དང་འགྲན་སློང་གསར་བ་གདོང་གིས་བསུ་བ་དང་། འགལ་བ་དང་གནད་དོན་གསར་བ་ཐག་གཅོད་པར་ཕུན་སུམ་ཚོགས་པའི་བསམ་བློའི་གྲ་སྒྲིག་གང་ལེགས་བྱ་དགོས་པ་དང་། རང་སྟེང་གི་རྨང་གཞི་ཉམས་ཞན་པ་དང་། ཕྱོགས་ཁ་ཤས་ཀྱི་བུན་ཆད་ཅུང་མང་བ། གསར་གཏོད་ཀྱི་ནུས་པ་བལྟོས་འཇོག་གིས་མི་འདང་བ་སོགས་ཡུན་རིང་བོར་བསགས་པའི་འགལ་བ་དང་གནད་དོན་ལ་བསྟུད་མར་ཤུགས་བཏོན་ནས་ཐག་གཅོད་ལེགས་པོ་བྱ་དགོས་ཤིང་། ལོ་བརྒྱའི་འགྱུར་བ་དང་དུས་རབས་ཀྱི་རིམས་ནད་ཕན་ཚུན་རྐྱ་འཛིང་བ། རང་རྒྱལ་གྱི་འཕེལ་རྒྱས་ཁོར་ཡུག་གི་རྙོག་འཛིང་རང་བཞིན་དང་། ཛ་དྲག་རང་བཞིན། ངེས་མེད་རང་བཞིན་མང་དུ་འཕེལ་བའི་གནས་བབ་འོག རང་ཞིང་ལ་འགྲན་སློང་གསར་བ་དང་གནད་དོན་གསར་བ་སྣ་ཚོགས་ལྷགས་ངེས་པར་ཧུར་ཐག་གིས་གདོང་གཏོད་དགོས་པ་རེད། མདུན་སྐྱོད་ཀྱི་བགྲོད་ལམ་སྟེང་དུ། ང་ཚོས་གཏིང་ཟབ་པའི་སྒོ་ནས་རང་སྟེང་གི་འཕེལ་རྒྱས་ཀྱི་མཐུན་རྐྱེན་དང་དུས་རབས་ཀྱིས་བསྩལ་བའི་ང་ཚོའི་གོ་སྐབས་ལ་དབྱེ་ཞིབ་དང་བློ་གདེང་ཡོད་པར་བྱ་དགོས་པ་དང་། ཕན་ལྡན་གྱི་ཆ་རྐྱེན་དང་གང་བཟང་གི་རྒྱུ་རྐྱེན་ཕྱོགས་བསྡུས་ཀྱིས་སྤྱོད་མཁས་པར་བྱེད་པ། དུས་དཔགས་བབ་བསྟུན་དང་གོ་སྐབས་མི་འཆོར་བར་ཤུགས་ཆེན་པོས་ལས་དོན་སྣ་ཚོགས་སྤུས་ཚད་མཐོ་བའི་ངང་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏང་དགོས། ང་ཚོར་ཐུན་མིན་ཐོན་ཁུངས་ཡོད་དེ། སྐྱེ་ཁམས་ཁོར་ཡུག་གི་གོ་གནས་གལ་ཆེ་ཞིང་མཐུན་རྐྱེན་འབུར་དུ་ཐོན་ཡོད། གཏེར་ཁུངས་ཐོན་ཁུངས་ཀྱི་རིགས་དབྱེ་ཕུན་སུམ་ཚོགས་ཤིང་། གསོག་ཉར་འབེལ་བོ་ཡོད། ནུས་ཁུངས་གཙང་མའི་ཐུན་མིན་གྱི་ཁྱད་ཆོས་དང་། སྦས་ཤུགས་ཆེན་པོ་ཡོད་ལ། རིག་གནས་ཡུལ་སྐོར་གྱི་ཁོར་ཡུག་ཡུལ་ལྗོངས་མཐའ་ཡས་པ་དང་མདུན་ལྗོངས་ལ་རེ་བ་ཆེན་པོ་ཡོད་པ་རེད། ཞིང་ཕྱུགས་ཐོན་རྫས་ནི་ལྗང་མདོག་སྐྱེ་ལྡན་ཡིན་ཞིང་། ཁྲོམ་ར་རྒྱ་ཆེན་པོ་ཡོད་པ་དང་། “བཙན་ས”བསྐྲུན་པ་དང“གནས་བཞིའི”འཛུགས་སྐྲུན་གྱི་རྨང་གཞིའི་མཐུན་རྐྱེན་མང་པོ་ཐོབ་དཀའ་བ་རེད། ང་ཚོར་འཐབ་ཇུས་ཀྱི་གོ་སྐབས་ཐོབ་དཀའ་བ་ཡོད་དེ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། གོང་སྤེལ་གསར་བའི་རྣམ་པ་འཛུགས་སྐྲུན། གྲོང་གསེབ་དར་སྤེལ་ལག་བསྟར། “ཐཱན་ཟུང”སྐུལ་འདེད་གཏོང་བའི་འགུལ་སྐྱོད། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་མོའི་འཛུགས་སྐྲུན་སོགས་ཡོད་པ་རེད། དེ་དག་གིས་ང་ཚོ་ལ་གོ་སྐབས་གསར་བ་མང་པོ་ཞིག་བསྣམ་ཡོང་བ་དང་། ཉེ་བའི་ལོ་ཤས་རིང་རང་ཞིང་ལ་གསར་དར་ཐོན་ལས་འཕེལ་རྒྱས་བྱུང་བ་ནི་དེའི་ཕན་ཁེ་ཡིན་ཞིང་། མ་འོངས་པར་ཡང་འཕེལ་རྒྱས་ཀྱི་བར་སྟོང་དེ་ལས་ཆེན་པོ་ཞིག་སྟོབ་པར་བྱེད་ངེས་རེད། ང་ཚོར་ཕྱོགས་མང་པོའི་སྲིད་ཇུས་ཀྱི་ཕན་ཁེ་ལྡན་ཡོད་དེ། དུས་རབས་གསར་བའི་ནུབ་རྒྱུད་གསར་སྤེལ་དང་། རྨ་ཆུ་འབབ་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་གོང་སྤེལ། ཁ་གཏད་མཚོ་སྔོན་རོགས་སྐྱོར་དང་ཤར་ནུབ་རྒྱུད་ཀྱི་མཉམ་ལས། བོད་འབྲེལ་ས་ཁུལ་གྱི་གོང་སྤེལ་ལ་རྒྱབ་སྐྱོར་བྱེད་པ་སོགས་འཐབ་ཇུས་འགངས་ཆེན་གཏིང་རིམ་པའི་ལག་ལེན་དུ་བསྟར་བ་ཡོད་པས། སྲིད་ཇུས་ཀྱི་ཕན་འབྲས་བསྣོལ་མ་བསྟུད་མར་མངོན་སྲིད་པ་རེད། ང་ཚོར་ཧ་ཅང་ལེགས་པའི་འཕེལ་རྒྱས་ཀྱི་ཁོར་ཡུག་ལྡན་ཡོད་དེ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་འཆམ་མཐུན་མཉམ་གནས་དང་། མཐུན་སྒྲིལ་འབད་འཐབ་བྱེད་བཞིན་ཡོད་པས། འཕེལ་རྒྱས་ཡར་ཐོན་དང་། སྲིད་དར་དམངས་སྐྱིད་ཀྱི་རྣམ་པ་གསར་བ་མངོན་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་གནང་བའི་མཛུབ་སྟོན་གལ་ཆེན་བློ་ཐག་རྦད་ཆོད་ཀྱིས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་བཟོས་པའི་འཆར་འགོད་ལྟར། བློ་ཁོག་ཏུ“ཕྱོགས་ཡོངས་གཉིས”དང“རྒྱལ་དོན་གྱི་ཆེ་ཕྱོགས”བཅངས་ནས། ཧུར་ཐག་གིས་གོང་སྤེལ་གྱི་རྣམ་པ་གསར་བར་འཇུག་པ་དང་ཞབས་ཕྱི་བསྒྲུབ་པ། བབ་བསྟུན་ལས་སྒྲུབ་དང་། གོ་སྐབས་མྱུར་འཛིན། དཀའ་སྤྱད་འགག་སྒྲོལ་དང་། གསར་གཏོད་གསར་སྤེལ་བཅས་བྱས་ཚེ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟེང་མུ་མཐུད་དུ་གྲུབ་འབྲས་གསར་བ་ལེན་ངེས་རེད།

རྗེས་ཕྱོགས་ལོ་ལྔའི་ཞིང་ཆེན་ཡོངས་ཀྱི་བྱ་བའི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོད་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བར་གནང་བའི་མཛུབ་སྟོན་གཟིགས་མཆན་གལ་ཆེན་གྱི་དགོངས་པ་ལག་ལེན་གཏིང་ཟབ་བྱེད་པ། རླབས་ཆེན་གྱི་ཏང་འཛུགས་སྐྱོང་གི་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་གཏོང་བ། “བརྟན་ཚུགས་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ།“འདུ་ཤེས་བཞི”ཇེ་ཟབ་དང་། “རང་རྟོན་བཞི”ཇེ་བརྟན། “སྲུང་སྐྱོང་གཉིས”བསྒྲུབ་ཐུབ་པ་བཅས་བྱ་དགོས་ལ། གོང་སྤེལ་གྱི་འདུ་ཤེས་གསར་བ་ཆ་ཚང་ཞིང་ཡང་དག་ལ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། “གནས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ།“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། བཅོས་སྒྱུར་སྒོ་འབྱེད་ཟབ་འགྱུར་དང་། གོང་སྤེལ་དང་བདེ་འཇགས་གཅིག་འདོམས་བྱེད་པ། བློ་རྩ་བརྟན་པོས་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་དང་། རྒྱལ་ཁོངས་བདེ་འཇགས། ཐོན་ཁུངས་ནུས་ཁུངས་བདེ་འཇགས་བཅས་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་ཁུར་བ། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ། ནུས་ཤུགས་བཏོན་ནས་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་བསྐྲུན་པ་དང་། ནུས་ཤུགས་བཏོན་ནས“གནས་བཞི”གཙོ་བོ་ཡིན་པའི་ལྗང་མདོག་ཐཱན་དམའི་འཁོར་རྒྱུག་གོང་སྤེལ་དཔལ་འབྱོར་མ་ལག་བསྐྲུན་པ། ནུས་ཤུགས་བཏོན་ནས་མཉམ་དུ་འབྱོར་ཕྱུག་ཡོང་བའི་ལག་ལེན་གྱི་བགྲོད་ལམ་འཚོལ་རྟོག་བྱེད་པ། ནུས་ཤུགས་བཏོན་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པར་སྐུལ་འདེད་གཏོང་བའི་སྟེང་ནས་སྔོན་གྲས་སུ་སྐྱོད་པ། ནུས་ཤུགས་བཏོན་ནས་རྒྱལ་ཁབ་བདེ་འཇགས་ཀྱི་འཐབ་ཇུས་གཙོ་བོའི་བྱེད་ནུས་ཇེ་དྲག་ཏུ་གཏོང་བ། ནུས་ཤུགས་བཏོན་ནས་སྤྱི་ཚོགས་ཀྱི་དཔལ་ཡོན་ཡར་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་བྲི་དགོས།

རྗེས་ཕྱོགས་ཀྱི་ལོ་ལྔའི་འབད་འཐབ་ཀྱི་དམིགས་འབེན་གཙོ་བོ་ནི།

——ལྗང་མདོག་འཕེལ་རྒྱས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་མྱུར་དུ་འཛུགས་སྐྲུན་བྱ་དགོས། དཔལ་འབྱོར་གྱིས་བརྟན་བརླིང་སྐྱོན་བྲལ་གྱི་འཕེལ་རྒྱས་སྲུང་འཛིན་བྱ་དགོས་པ་དང་། ས་གནས་ཀྱི་ཐོན་སྐྱེད་བསྡོམས་ཐང་ཡང་བསྐྱར་སྒོར་དུང་ཕྱུར་སྟོང་གཅིག་གི་སྐས་རིམ་ལ་སླེབས་དགོས། ལྗང་མདོག་ཐཱན་དམའི་འཁོར་སྐྱོད་དཔལ་འབྱོར་བསྐྲུན་པ་དང་། རང་སའི་ཁྱད་ཆོས་ཀྱི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་མངོན་པའི་སྟེང་ནས་གོམ་སྟབས་བརྟན་པོ་སྤོ་དགོས་པ། ཐོན་ལས་ཀྱི“གནས་བཞི”དེ་དཔལ་འབྱོར་གོང་སྤེལ་གྱི་སྣེ་འདྲེན་གཙོ་བོར་འགྱུར་བ། སྲོལ་རྒྱུན་ཐོན་ལས་ཀྱི་བཅོས་སྒྱུར་རིམ་སྤར་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་གསོ་སྐྱོང་གོང་སྤེལ་གཏོང་བ། ནུས་ཁུངས་ཀྱི་རྣམ་པ་སྒྱུར་བར་སྐུལ་འདེད་གཏོང་བ་བཅས་ཀྱི་སྟེང་ཡར་རྒྱས་གསར་བ་འབྱུང་དགོས་པ་དང་། རྨང་གཞིའི་སྒྲིག་བཀོད་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་མངའ་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་འཕེལ་རིམ་གསར་བ་འབྱུང་དུ་འཇུག་པ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྔར་ལས་རྒྱ་ཆེ་བར་བྱ་དགོས།

——སྐྱེ་ཁམས་མཛའ་འབྲེལ་གྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་མྱུར་དུ་འཛུགས་སྐྲུན་བྱ་དགོས། སྐྱེ་ཁམས་དཔལ་ཡོན་གྱི་བཙན་སའི་འཛུགས་སྐྲུན་ལ་མགྱོགས་མྱུར་གྱིས་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ། རྒྱལ་ཁོངས་བར་སྟོང་གསར་འབྱེད་དང་སྲུང་སྐྱོབ་ཀྱི་རྣམ་པ་སྔར་ལས་ལེགས་འགྱུར་བྱེད་པ། ཐཱན་རྩེར་སོན་མངོན་འགྱུར་གྱི་ཕྱོགས་ནས་སྔོན་སྐྱོད་དང་སྔོན་ལ་ཚོད་ལྟ་བྱ་དགོས་པ་མ་ཟད་གྲུབ་འབྲས་གང་ལེགས་ལེན་དགོས། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་བསྟུད་མར་ལེགས་བཅོས་བྱེད་པ་དང་། རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་གྱི་མ་ལག་སྔར་ལས་འཐུས་ཚང་དུ་གཏང་དགོས་ལ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་སྔར་ལས་བརྟན་པོར་འཛུགས་པ་དང་། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཡོང་བ། རབ་མཛེས་མཚོ་སྔོན་གྱིས་འཇིག་རྟེན་གྱི་མི་རྣམས་ལ་ཁྱད་མཚར་མང་པོ་མངོན་པར་བྱེད་ངེས་ཡིན།

——གསར་གཏོད་སྒོ་འབྱེད་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་མྱུར་དུ་འཛུགས་སྐྲུན་བྱ་དགོས། འཇོན་མིའི་འཕེལ་རྒྱས་ཀྱི་རྐྱེན་སྲོལ་སྒྲིག་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། གསར་གཏོད་གོང་སྤེལ་གྱི་སྒུལ་ཤུགས་སྔར་ལས་སྟོབས་དང་ལྡན་པ། “གནས་བཞིའི”ཐོན་ལས་གསར་གཏོད་ཀྱི་མ་ལག་སྔར་བས་ཆགས་པར་བྱེད་པ་དང་། དཔལ་འབྱོར་སྤྱི་ཚོགས་གྲངས་ཀ་ཅན་དུ་རྣམ་པ་སྒྱུར་བ་གཏིང་རིམ་པར་སྐུལ་འདེད་གཏོང་བ། གནད་སའི་ཁྱབ་ཁོངས་དང་གནད་འགག་ལྷུ་ཚིགས་ཀྱི་བཅོས་སྒྱུར་ལ་འགག་བརྟོལ་གསར་བ་འབྱུང་བ། ནུས་ལྡན་ཁྲོམ་ར་དང་ལས་སྒྲུབ་སྲིད་གཞུང་གཉིས་སྔར་ལས་ལེགས་པར་ཟུང་སྦྲེལ་བྱས་ཏེ། གཉེར་ཚོང་ཁོར་ཡུག་ལ་ལེགས་བཅོས་མངོན་གསལ་ཡོང་དུ་འཇུག་པ། “རྒྱུད་གཅིག་ལམ་གཅིག”ཏུ་ཞུགས་ཚད་བསྟུད་མར་ཟབ་འགྱུར་གཏོང་བ་དང་། ཕྱི་ཕྱོགས་སྒོ་འབྱེད་ཀྱི་ལས་སྟེགས་དང་རྒྱུ་ལམ་ནུས་ལྡན་སྒོས་རྒྱ་སྐྱེད་པ། འཕེལ་རྒྱས་གསར་བའི་རྣམ་པར་འཇུག་པ་དང་དེར་ཞབས་ཕྱི་བསྒྲུབ་པར་བྱ་སྤྱོད་ཆེན་པོ་མངོན་པར་བྱ་དགོས།

——དཔལ་ཡོན་འཆམ་མཐུན་གྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་མྱུར་དུ་འཛུགས་སྐྲུན་བྱ་དགོས། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་ཕྱིན་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་བྱས་ཏེ་སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་མངོན་གསལ་དོད་པོས་ཆེ་རུ་འགྲོ་དགོས་ལ། རྒྱལ་ཁབ་བདེ་འཇགས་འཐབ་ཇུས་ཀྱི་གནད་ཆེའི་ནུས་པ་སྔར་ལས་མངོན་པར་གསལ་དགོས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་སྲ་བརྟན་དུ་གཏང་དགོས་ཤིང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་རྒྱ་ཁྱབ་ངང་དར་སྤེལ་དང་སྤྱི་པའི་རིག་གནས་ཞབས་ཕྱིའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་བཏང་ནས་མཚོ་སྔོན་གྱི་རིག་གནས་སྣང་བརྙན་ལ་དེ་བས་ཡིད་དབང་འགུག་ཤུགས་དང་མཉམ་འདྲེས་ནུས་ཤུགས་ལྡན་དགོས།

——མི་དམངས་བདེ་སྐྱིད་ལྡན་པའི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་མྱུར་དུ་འཛུགས་སྐྲུན་བྱ་དགོས། གཞི་རྩའི་སྤྱི་པའི་ཞབས་ཕྱིའི་ཆུ་ཚད་མུ་མཐུད་དུ་མཐོ་རུ་བཏང་ནས་སྔར་ལས་ཕུན་སུམ་ཚོགས་ལ་སྤུས་ཚད་མཐོ་བའི་ལས་ཞུགས་མངོན་འགྱུར་བྱུང་སྟེ་སྡོད་དམངས་ཀྱི་ཡོང་འབབ་དང་དཔལ་འབྱོར་འཕེལ་རྒྱས་གཉིས་མཉམ་དུ་འཕར་རྒྱུ་རྒྱུན་འཁྱོངས་དང་ཡོང་འབབ་འབྲིང་གྲས་ཚོགས་སྤྱིའི་བསྡུར་ཚད་བརྟན་པོའི་ངང་ཆེ་རུ་གཏང་དགོས་པ་དང་། སློབ་གསོ་དང་བདེ་ཐང་གི་ཆུ་ཚད་ལ་མཐོ་རླབས་གསར་བ་བྱུང་བ་མངོན་འགྱུར་བྱ་དགོས་ལ་སྤྱི་ཚོགས་འགན་བཅོལ་དང་རྒན་གསོ། སྡོད་ཁང་སོགས་ཀྱི་ཞབས་ཕྱིའི་མ་ལག་སྔར་ལས་འཐུས་ཚང་དུ་གཏང་དགོས་ཤིང་། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་དང་མི་རིགས་ས་ཁུལ་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་བཏང་སྟེ་མཉམ་དུ་ཕྱུག་འགྱུར་ཡོང་བར་གོམ་སྟབས་བརྟན་པོ་སྤོས་ནས་རིགས་སོ་སོའི་མི་དམངས་ཀྱི་ཐོབ་སྐྱིད་བདེ་གསུམ་གྱི་ཉམས་སྣང་སྔར་ལས་རྒྱས་པར་བྱེད་པ་དང་སྔར་ལས་འགན་སྲུང་ཡོད་པ། སྔར་ལས་རྒྱུན་མཐུད་ཐུབ་པ་བྱ་དགོས།

——ཆབ་སྲིད་གཙང་གསལ་གྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་མྱུར་དུ་འཛུགས་སྐྲུན་བྱ་དགོས། ཏང་གི་མགོ་ཁྲིད་དང་ཏང་གི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དང་གཟབ་ནན་གྱིས་ཏང་དོ་དམ་དང་ཏང་བཅོས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏང་དགོས་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་དུ་བསྒྲུབས་ཏེེ་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ནུས་པ་མངོན་གསལ་ཇེ་དྲག་ཏུ་འགྲོ་དགོས་ལ། ཏང་གི་སྲིད་སྐྱོང་རྨང་གཞི་སྔར་ལས་སྲ་བརྟན་དང་མི་དམངས་ཀྱི་བློ་ཡིད་ཚིམ་པའི་ཞབས་ཕྱི་ཅན་གྱི་སྲིད་གཞུང་འཛུགས་སྐྲུན་ལ་གྲུབ་འབྲས་གསར་བ་ཐོབ་རྒྱུ་དང་། ཏང་སྲོལ་སྲིད་སྲོལ་དམངས་སྲོལ་དང་སྤྱི་ཚོགས་ཀྱི་དར་སྲོལ་ཡར་ངོའི་ཟླ་བཞིན་འཕེལ་རྒྱས་བྱུང་ནས་སྲོལ་བཟང་དར་སྤེལ་དང་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་སྐྱེ་ཁམས་སྔར་ལས་སྲ་བརྟན་དུ་གཏང་དགོས།

གོང་གསལ་གྱི་དམིགས་འབེན་མངོན་འགྱུར་བྱེད་པའི་རྨང་གཞིའི་ཐོག ང་ཚོས་མུ་མཐུད་དུ་འབད་བརྩོན་བྱས་ཏེ་ལོ་ལྔ་ཚན་གཉིས་ཀྱི་འཆར་འགོད་དུས་ཚོད་སྤྱད་ནས2035ལོར་རྒྱལ་ཁབ་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་དུས་མཚོ་སྔོན་གྱི་དཔལ་འབྱོར་སྟོབས་ཤུགས་དང་ཚན་སློབ་སྟོབས་ཤུགས། ཕྱོགས་བསྡུས་སྟོབས་ཤུགས་བཅས་ཆེས་ཆེར་འཕར་བ་མངོན་འགྱུར་བྱ་དགོས་ལ། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་དེ་སྐས་རིམ་གསར་བ་ཞིག་ཏུ་སླེབས་དགོས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་ཐོད་བརྒལ་ཡོང་བ་མངོན་འགྱུར་བྱ་དགོས། ཐཱན་སྙོམ་སྦྱོར་འགུལ་སྐྱོད་ལ་གྲུབ་འབྲས་གལ་ཆེན་ལེན་འོས་ལ། སྒྲིག་གཞི་འཛུགས་སྐྲུན་གསར་གཏོད་དང་ཕྱི་ཕྱོགས་སྒོ་འབྱེད་ཆུ་ཚད། རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་མཐོར་འདེགས་གསར་བ་མངོན་འགྱུར་བྱུང་སྟེ་ས་གནས་བཅོས་སྐྱོང་གི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་འབྱུང་དགོས་ཤིང་། མཉམ་དུ་ཕྱུག་འགྱུར་ཡོང་བར་ངོ་བོ་རང་བཞིན་གྱི་འཕེལ་འགྱུར་འབྱུང་དགོས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་ཞིང་བརྟན་ལ། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་མཚོ་སྔོན་གསར་བ་ནི་དཔའ་སྟོབས་ཀྱིས་ཁེངས་བཞིན་རྒྱལ་ཡོངས་དང་དུས་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་འབྱུང་དགོས།

དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བཅོལ་གདམས་ནན་མོ་གནང་ཡོད་ལ། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱི་རེ་སྒུག་བྱེད་ས་ཡང་ཡིན། ང་ཚོས་བློ་ཐག་རྦད་ཆོད་ཀྱིས་ཉིན་བཞིན་རྒྱུན་འཁྱོངས་བྱས་ཏེ་དཀའ་བ་སྟོང་ཕྲག་ཡོད་ཀྱང་མགོ་མི་སྒུར་ལ། ནམ་རྒྱུན་ལས་དོན་གང་ལ་འཕྲད་ཀྱང་ཕྱིར་སྣུར་མ་བྱས་ན། མཚོ་སྔོན་གསར་བའི་འཛུགས་སྐྲུན་ལ་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་ངེས་པར་ཐེབས་སྲིད་ལ། ང་ཚོའི་འབད་འཐབ་དམིགས་འབེན་ཡང་ཏན་ཏན་ཏིག་ཏིག་དང་གོ་རིམ་ལྡན་པའི་ངང་མངོན་འགྱུར་འབྱུང་སྲིད།

གསུམ་པ། བློ་བརྟན་འགྱུར་མེད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས།

དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ངེས་པར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཞེས་པའི་བརྗོད་གཞི་འདི་དམ་འཛིན་བྱས་ཏེ་འཐུས་སྒོ་ཚང་ཞིང་གནད་ལ་འཁེལ་བའི་སྒོ་ནས་གོང་སྤེལ་གྱི་འདུ་ཤེས་གསར་བ་ཕྱོགས་ཡོངས་ནས་ལག་བསྟར་བྱ་དགོས་པ་དང་། རང་འགུལ་ངང་གོང་སྤེལ་གྱི་རྣམ་པ་གསར་བར་མཉམ་འདྲེས་དང་ཞབས་ཕྱི་ཏན་ཏིག་བསྒྲུབ་དགོས་ལ། འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་བཅོས་སྒྱུར་གཙོ་ཐིག་ཏུ་བཟུང་ནས་མུ་མཐུད་དུ་བྱེད་སྟངས་ཕྱོགས་སྒྱུར་དང་གྲུབ་ཚུལ་སྙོམ་སྒྲིག སྒུལ་ཤུགས་ཁ་སྣོན་བྱེད་པར་སྐུལ་འདེད་གཏང་དགོས་ཤིང་། ཐོན་ལས་ཀྱི “གནས་བཞི” འཛུགས་སྐྲུན་བྱེད་པ་གཙོ་གནད་དུ་བཟུང་ནས་དེང་རབས་ཐོན་ལས་ཀྱི་སྒྲིག་གཞི་སྐྲུན་པར་ཤུགས་བསྣན་དགོས་པ་དང་། ཐོན་ལས་སྐྱེ་ཁམས་ཅན་དང་སྐྱེ་ཁམས་ཐོན་ལས་ཅན་ལ་སྐུལ་འདེད་བཏང་སྟེ་སྐྱེ་ཁམས་དམིགས་བཀར་དང་ལྗང་མདོག་འཕེལ་རྒྱས་ལ་སྤུས་ཚད་མཐོ་བའི་སྐུལ་འདེད་གཏང་དགོས།

ནང་མཁོའི་འཐབ་ཇུས་རྒྱ་བསྐྱེད་ལ་མཉམ་འདྲེས་དང་ཞབས་ཕྱི་ལེགས་པོ་བསྒྲུབ་དགོས། རྒྱལ་ནང་གི་འཁོར་སྐྱོད་ཆེན་མོས་མཚོ་སྔོན་ལ་བཏོན་པའི་འོས་འགན་གསར་བ་དང་གོ་སྐབས་གསར་བར་ངོས་འཛིན་ཟབ་མོ་དང་གདེང་ཚོད་ཆེན་པོ་ཡོད་པར་བྱས་ཏེ། དགེ་སྤེལ་སྐྱོན་སྤངས་དང་རང་འགུལ་བྱས་རྗེས་འཇོག་པའི་ཀུན་སློང་གིས་རྒྱལ་ནང་གི་མཁོ་འདོན་སྦྲེལ་ཐག་དང་ཐོན་ལས་སྦྲེལ་ཐག་གསར་གཏོད་སྦྲེལ་ཐག་ནང་མཉམ་འདྲེས་གཏིང་ཟབ་བྱེད་པ་དང་། འཕེལ་རྒྱས་ཀྱི་གཙོ་རྒྱུ་དེ་ཚྭ་མཚེའུ་རྫས་འགྱུར་བཟོ་ལས་དང་ནུས་ཁུངས་གཙང་མ། སྐྱེ་ཁམས་ཡུལ་སྐོར། ཁྱད་ལྡན་ཞིང་ཕྱུགས་ལས་དང་ལེགས་ལྡན་ཐོན་ལས་གསར་བ་སོགས་ཀྱི་ཁྱབ་ཁོངས་སུ་གཅིག་སྡུད་བྱ་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱ་དགོས་ལ། འདོན་སྤྲོད་སྒྲིག་གཞིའི་འོས་འཚམས་རང་བཞིན་དང་མགྱོགས་སྦྱོར་རང་བཞིན། གཞི་རྒྱ་རང་བཞིན་ཇེ་དྲག་ཏུ་བཏང་སྟེ་རྒྱལ་ནང་གི་ཁྲོམ་རའི་དགོས་མཁོར་འཕྲོད་ཐུབ་བྱ་དགོས། “འཁོར་སྐྱོད་གཉིས”ཀྱི་རྣམ་པའི་འོག་རྒྱལ་ཁབ་ཀྱི་དགོས་མཁོ་དང་མཚོ་སྔོན་གྱི་ནུས་པར་དམ་པོར་དམིགས་ནས་ཁྱད་ལྡན་སྤུས་ལེགས་ཐོན་ལས་ཀྱི་ཉོ་འཚོང་གཞི་རྒྱ་རིམ་བཞིན་རྒྱ་བསྐྱེད་དགོས་པ་དང་། ཚྭ་མཚེའུ་ཐོན་ཁུངས་གསར་འབྱེད་དང་ནུས་ཁུངས་གསར་བ་སོགས་ཀྱི་ཁྱབ་ཁོངས་ལ་རྒྱལ་ཁབ་ཀྱིས་འཆར་འགོད་བྱས་པའི་ལས་གཞི་གལ་ཆེན་དང་རྒྱལ་ཁབ་གཏེར་རྫས་ཐོན་ཁུངས་ཀྱི་འཐབ་ཇུས་གསོག་འཇོག་རྟེན་གཞིའི་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ་མཚོ་སྔོན་གྱི་ཐོན་ཁུངས་ནུས་ཁུངས་ཁྱབ་ཁོངས་ཀྱི་ཞབས་ཕྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་འགན་ལེན་བྱེད་པའི་ནུས་པ་ཟམ་མི་ཆད་པར་མཐོ་རུ་གཏང་དགོས། མངའ་ཁོངས་འབབ་ཡུལ་གྱི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ་མཚོ་སྔོན་ཁ་གཏད་རོགས་སྐྱོར་དང་ཤར་རྒྱུད་ནུབ་རྒྱུད་གྱི་མཉམ་སྒྲུབ་རིམ་སྤར་རྣམ་པ་ཕྱོགས་ཡོངས་ནས་བསྐྲུན་དགོས། མ་འཇོག་གིས་འདོན་སྤྲོད་དགོས་མཁོའི་གྲུབ་ཚུལ་གྱི་གནད་འགག་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རྒྱལ་ཁབ་ཀྱི་སྲིད་ཇུས་ཁ་ཕྱོགས་ཡང་དག་པར་ཁོང་དུ་ཆུད་པར་བྱས་ནས“གསར་གཉིས་འགངས་གཅིག”དང་སྐྱེ་ཁམས་དཔལ་ཡོན་གྱི “བཙན་ས” ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་སོགས་ཁྱབ་ཁོངས་ལ་དམིགས་ནས་ནུས་ལྡན་གྱི་མ་འཇོག་མུ་མཐུད་དུ་རྒྱ་སྐྱེད་དང་ཚད་བརྒལ་འོས་འཚམ་ངང་རྨང་གཞིའི་སྒྲིག་བཀོད་ལ་མ་འཇོག་བྱེད་པ། དྲ་རྒྱའི་རྣམ་པ་དང་ཐོན་ལས་རིམ་སྤོར། གྲོང་ཁྱེར། ཞིང་ལས་ཞིང་སྡེ། རྒྱལ་ཁབ་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་སྒྲིག་གཞིའི་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། རྨང་གཞི་བརྟན་པ་དང་ནུས་པ་ཆེ་བ། ཕུགས་ཕན་ལྡན་པའི་ལས་གཞི་གལ་ཆེན་དག་འཆར་འགོད་ལག་བསྟར་བྱས་ནས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོར་གཏང་དགོས། འཛད་སྤྱོད་ཀྱི་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་བཏང་སྟེ་འཛད་སྤྱོད་འདོན་སྤྲོད་བྱེད་ཤུགས་ཇེ་མཐོར་དང་ཞབས་ཕྱིའི་འཛད་སྤྱོད་གཞི་རྒྱ་ཆེ་རུ་བཏང་ནས་མི་དམངས་མང་ཚོགས་ཀྱི་སྤུས་མཐོ་དང་སྣ་མང་ཅན་གྱི་འཛད་སྤྱོད་ཀྱི་དགོས་མཁོ་བསྐང་དགོས།

ལྗང་མདོག་ཐཱན་དམའ་འཁོར་སྐྱོད་ཀྱི་དེང་རབས་ཐོན་ལས་སྒྲིག་གཞི་གཟུག་དགོས། ཐོན་ལས་ཀྱི“གནས་བཞི”འཛུགས་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གསལ་སྟོན་གནང་བའི་ཁ་ཕྱོགས་ཤིག་དང་ལྗང་མདོག་ཐཱན་དམའ་འཁོར་སྐྱོད་ཀྱི་དཔལ་འབྱོར་སྒྲིག་གཞིའི་འགུལ་སྐྱོད་ཀྱི་ཐབས་ལམ་ཞིག་རེད། སྤྱི་འདོམས་མཐུན་སྦྱོར་མཉམ་སྐུལ་རྐྱེན་སྲོལ་བཙུགས་ནས“གནས་བཞི”འཛུགས་སྐྲུན་གྱི་ཆེད་དོན་འགུལ་སྐྱོད་ཇུས་གཞི་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། མཚོ་སྔོན་གྱི་ཁྱད་ལྡན་ཐོན་ལས་ཀྱི་ཟོང་རྟགས་གྲགས་ཅན་བསྐྲུན་ཏེ་ཐོན་ལས་ཀྱི་ནུས་རིམ་སྤོར་བ་དང་ཐོན་ཁུངས་ནུས་ཁུངས་གྱི་རྒྱུན་མཐུད་འདོན་སྤྲོད་ཀྱི་ནུས་པ་མཐོར་འདེགས་སུ་གཏོང་བ། སྐྱེ་ཁམས་ཡུལ་སྐོར་གཉེར་སྟངས་ཀྱི་སྤུས་ཚད་ཇེ་བཟང་དུ་གཏོང་བ་དང་། མགོ་འཛུགས་ས་མཐོན་པོ་ནས་དུང་ཕྱུར་སྟོང་གཅིག་རིམ་པའི་ལྗང་མདོག་ཐོན་ལས་འདུས་ཚོགས་སྐྱེད་སྲིང་བྱས་ཏེ་ང་ཚོར་དམིགས་བསལ་དུ་ཡོད་པའི་ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་འགུལ་ནུས་གསར་བ་དང་མཐུན་རྐྱེན་གསར་བར་ལེགས་པོར་བསྒྱུར་དགོས། ཐོན་ལས་རྨང་གཞི་མཐོ་རིམ་ཅན་དང་ཐོན་ལས་སྦྲེལ་ཐག་དེང་རབས་ཅན་ནི་གཙོ་རྒོལ་ཁ་ཕྱོགས་སུ་བཟུང་ནས་ཐོན་ལས་གྲུབ་ཚུལ་སྔར་ལས་སྙོམ་སྒྲིག་བྱེད་པ་དང་། མདོག་ལྡན་ལྕགས་ཞུ་དང་ནུས་ཁུངས་རྫས་འགྱུར་བཟོ་ལས། ཁྱད་ལྡན་ཡང་བའི་བཟོ་ལས་སོགས་སྲོལ་རྒྱུན་ཐོན་ལས་རིག་ནུས་ཅན་དང་ལྗང་མདོག་ཅན་ལ་སྐུལ་འདེད་གཏོང་བ། ནུས་ཁུངས་གསར་བ་དང་རྒྱུ་ཆ་གསར་བ། སྐྱེ་དངོས་སྨན་བཅོས་སོགས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་རྒྱ་སྐྱེད་དེ་སྐྱེ་ཁམས་དཔལ་འབྱོར་དང་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་གསོ་སྐྱོང་བྱེད་པ། ཐོན་ལས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་ལེགས་སུ་གཏོང་བ་དང་ས་ཁུལ་བར་དང་གླིང་ཁུལ་བར་གྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་སྔོན་འགྲོའི་འོག གདམ་གསེས་ཡོད་པའི་སྒོ་ནས་ཤར་རྒྱུད་དང་དབུས་རྒྱུད་ཀྱི་ཐོན་ལས་སྤོ་སྒྱུར་དང་ལེན་བྱེད་པ། ནུས་ཤུགས་ཡོད་རྒུས་ཐོན་ལས་འཕེལ་རྒྱས་འགྲོ་བར་ཞབས་ཕྱི་བསྒྲུབས་ཏེེ་ལག་རྩལ་དང་འཇོན་མི། ཆ་འཕྲིན། མ་དངུལ་སོགས་ཀྱི་གཙོ་རྒྱུ་གཅིག་སྡུད་བྱས་ནས་རིགས་སོ་སོའི་ཁེ་ལས་དང་ཆེད་ལས་སྒྲིག་གཞི། ལས་རིགས་མཐུན་ཚོགས། ཚན་ཞིབ་གླིང་ངམ་ཁང་སོགས་དེང་རབས་ཐོན་ལས་ཀྱི་མ་ལག་འཛུགས་སྐྲུན་དུ་ཞུགས་པར་སྐུལ་མ་གཏང་དགོས།

གྲོང་ཁྱེར་དང་གྲོང་གསེབ་ཀྱི་མངའ་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་གཅིག་གྱུར་འཆར་འགོད་བྱ་དགོས། དུས་རབས་གསར་བར་ནུབ་རྒྱུད་གསར་སྤེལ་ཆེན་མོར་རྣམ་པ་གསར་བ་ཆགས་རྒྱུར་སྐུལ་འདེད་གཏོང་བའི་འཐབ་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་མངའ་ཁོངས་ཀྱི་གཙོ་གཞིའི་བྱེད་ནུས་ཀྱི་ངེས་གནས་ལ་དམིགས་ཏེ“ལྟེ་བ་གཉིས་གཞུང་རྐང་གཅིག་བཙན་ས་གཅིག”གི་སྤྱིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་དང་། གཅིག་གྱུར་འཆར་འགོད་ཀྱི་མཐུན་སྦྱོར་རྐྱེན་སྲོལ་འཐུས་ཚང་བཙུགས་ནས་ལེགས་ཆ་གསབ་རེས་དང་མཐུན་སྦྱོར་མཉམ་འཕེལ་བྱ་དགོས། རྒྱལ་ཁབ་ཀྱི་གསར་དར་གྲོང་རྡལ་ཅན་དུ་སྒྱུར་བའི་འཆར་འགོད་དོན་འཁྱོལ་བྱས་ཏེ་རྫོང་མཁར་ནི་གཞི་རྟེན་གཙོ་བོ་ཡིན་པའི་གྲོང་རྡལ་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། གྲོང་ཁྱེར་གྲོང་རྡལ་མ་ལག་གི་བྱེད་ནུས་ཇེ་ལེགས་སུ་གཏོང་བཞིན་མུ་མཐུད་དུ“ཁྱུ་ཚོགས་གཅིག་ས་ཁུལ་གཉིས་གནས་མང་བའི”གྲོང་རྡལ་ཅན་གྱི་བར་སྟོང་མ་ལག་འཐུས་ཚང་དུ་གཏང་དགོས། ལན་ཀྲོའུ་དང་ཟི་ལིང་གི་གྲོང་ཁྱེར་ཁྱུ་ཚོགས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏིང་ཟབ་བྱས་ཏེ་ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་གྱི་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཟི་ལིང་དང་མཚོ་ཤར་གྲོང་ཚོམས་ཁུལ་ནི་གཞི་གཅིག་ཅན་གྱི་འཆར་འགོད་དང་འཛུགས་སྐྲུན། འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། ན་གོར་མོ་ནི་ཞིང་ཆེན་ཡོངས་ཀྱི་དཀྱིལ་སྙིང་གྲོང་ཁྱེར་ཕལ་བར་འཛུགས་སྐྲུན་བྱེད་པར་སྐུལ་སྤེལ་གཏང་དགོས། མཐོ་སྒང་མཛེས་པའི་མཁར་གྲོང་གི་དཔེ་སྟོན་ཞིང་ཆེན་བསྐྲུན་ཏེ་གཞིས་འཚམ་དང་མཉེན་ལྡན། གསར་སྐྲུན། བློ་གྲོས། ལྗང་མདོག མི་ཆོས་བཅས་ཀྱི་གྲོང་ཁྱེར་བསྐྲུན་དགོས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་སྒོས་བཟོ་ཞིང་གཉིས་ཀྱིས་ཕན་ཚུན་ལ་སྐུལ་འདེད་དང་གྲོང་ཁྱེར་དང་གྲོང་གསེབ་གཉིས་ཀྱིས་ཕན་ཚུན་ལ་ཁ་གསབ་བྱེད་པ་དང་། མཐུན་སྦྱོར་འཕེལ་རྒྱས་དང་ཐུན་མོང་དར་རྒྱས་བཅས་ཀྱི་གསར་དར་བཟོ་ཞིང་དང་གྲོང་ཁྱེར་གྲོང་གསེབ་ཀྱི་འབྲེལ་བ་མྱུར་དུ་གྲུབ་པར་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་བར་ཁྱད་རིམ་བཞིན་ཇེ་ཆུང་དུ་གཏང་དགོས།

ཚན་རྩལ་གསར་སྐྲུན་གྱི་འཐབ་ཇུས་འདེགས་སྐྱོར་ཇེ་དྲག་ཏུ་གཏང་དགོས། ང་ཚོ་འཕེལ་རྒྱས་ཁྲོད་འཕྲད་པའི་དཀའ་གནད་སེལ་བ་དང་ངེས་པར“བྱེའུ་གཉོམ་ཆུང་སྔོན་འཕུར”གྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། གསར་སྐྲུན་དེ་སྔར་ལས་ལྷག་པའི་གོ་གནས་གལ་ཆེན་སྟེང་བཞག་སྟེ་ཚན་རྩལ་གསར་སྐྲུན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གསོན་ཤུགས་ཟམ་མི་ཆད་པར་བསྩལ་དགོས། ཐོན་ལས་ལག་རྩལ་གྱི་འཕོ་འགྱུར་གྱི་ཁ་ཕྱོགས་དང་བསྟུན་ཞིང་ཐོན་ལས་སྦྲེལ་ཐག་ལ་དམིགས་ནས་གསར་སྐྲུན་སྦྲེལ་ཐག་བཀོད་སྒྲིག་བྱེད་པ་དང་། འགག་རྩའི་ཐུན་མོང་རང་བཞིན་གྱི་ལག་རྩལ་གསར་སྐྲུན་བྱེད་པ་འགག་སྒོ་རུ་བྱས་ནས་ཐོན་སློབ་ཞིབ་གསུམ་མཉམ་འབྲེལ་བྱེད་ཤུགས་ཆེ་རུ་བཏང་སྟེ་གདོད་མའི་གསར་སྐྲུན་དང་ནང་འདྲེན་འཇུ་ལེན་བཅས་བྱས་ཏེ་ཡང་བསྐྱར་གསར་སྐྲུན་བྱེད་པ་ཟུང་དུ་སྦྲེལ་བར་དོ་སྣང་ཆེན་པོ་བྱ་དགོས་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་ལས་འཕེལ་རྒྱས། དམངས་ཚིས་དགོས་མཁོ་ལ་དམ་པོར་དམིགས་ནས་ཐོན་ཁུངས་དང་ནུས་ཁུངས། མཐོ་སྒང་སོགས་ཀྱི་ཁྱབ་ཁོངས་གཙོ་སྤེལ་ཁ་ཕྱོགས་སུ་བཟུང་སྟེ་གཙོ་གནད་ཡིན་པའི་ཚན་རྩལ་གསར་སྐྲུན་སྟེགས་བུ་བསྐྲུན་པ་དང་། ཚྭ་མཚེའུ་དང་འོད་ནུས། གསོག་ནུས་སོགས་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་དང་དངོས་དཔང་རྟེན་གཞི་བསྐྲུན་པར་རྒྱབ་སྐྱོར་བྱ་དགོས། ཐོན་ལས་ལག་རྩལ་ཚད་གཞིའི་མ་ལག་བསྐྲུན་པར་ཤུགས་སྣོན་དང་གནམ་དཔྱད་དང་གནམ་གཤིས་གནས་ཚུལ་ལྟ་དཔྱད་ཚད་འཇལ་དང་མཐོ་སྒང་སྐྱེ་དངོས་སོགས་ཁྱབ་ཁོངས་ཀྱི་ལག་རྩལ་གསར་སྐྲུན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། ཚན་རྩལ་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཇེ་ཟབ་དང་ཚན་རྩལ་གསར་སྐྲུན་མ་དངུལ་འཇོག་ཤུགས་ཆེ་རུ་བཏང་ནས་ཚན་ཞིབ་ལས་གཞིའི“དཔའ་ཁས་ལེན”སོགས་ལམ་ལུགས་ལག་བསྟར་བྱས་ཏེ་གཙོ་གནད་ཁྱབ་ཁོངས་ཀྱི་ཚན་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་ཞིང་། ཚན་རྩལ་གསར་སྐྲུན་གྱི་གཞི་རྟེན་གཙོ་བོ་གསོ་སྐྱོང་དང་རྒྱ་སྐྱེད་གཏོང་བ་དང་ཚན་སློབ་ཀྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པར་སྐུལ་འདེད་བཏང་སྟེ་ཚན་རྩལ་གསར་སྐྲུན་གྱི་སྐྱེ་ཁམས་མུ་མཐུད་དུ་ཇེ་ལེགས་སུ་གཏང་དགོས།

ཆུ་ཚད་སྔར་ལས་མཐོ་བའི་སྒོ་ནས་བཅོས་སྒྱུར་སྒོ་འབྱེད་བྱེད་པར་སྐུལ་འདེད་གཏང་དགོས། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་མུ་མཐུད་བཅོས་སྒྱུར་གཏིང་ཟབ་བྱེད་པ་དང་། གཙོ་རྒྱུ་ཁྲོམ་ར་ཅན་ལྟར་སྡེབ་སྒྲིག་བྱེད་པའི་བཅོས་སྒྱུར་ཇེ་མགྱོགས་སུ་བཏང་ནས་རང་འགུལ་སྒོས་རྒྱལ་ཡོངས་གཅིག་གྱུར་ཁྲོམ་ར་ཆེན་མོའི་ནང་ཞུགས་དགོས། ནོར་སྲིད་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་བྱས་ཏེ་ཁྲལ་སློག་ཁྲལ་འཕྲི་ཁྲལ་གཅོག་གི་སྲིད་ཇུས་སོ་སོ་དོན་འཁྱོལ་ཡག་པོ་བྱས་ནས་ནོར་ཁྲལ་གྱི་ཞབས་ཕྱིའི་འགན་ལེན་ནུས་པ་ཇེ་དྲག་ཏུ་གཏོང་བ། ནོར་དཔལ་གྱི་སྒྲིག་ལམ་ནན་མོར་སྲུང་བ་དང་བྱེད་ཐབས་སྔར་ལས་ནན་མོར་བརྟེན་ནས་ནོར་སྲིད་དང་དངུལ་རྩའི་ཉམས་ཉེན་སྔོན་འགོག་དང་སེལ་བ། ཀུན་ཕན་དངུལ་རྩར་བཅོས་སྒྱུར་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། མུ་མཐུད་དུ་གློད་སྡོམ་ཞབས་གསུམ་དང་རྒྱལ་ཁོངས་རྒྱུ་ནོར་དང་རྒྱལ་ཁོངས་ཁེ་ལས་ལ་བཅོས་སྒྱུར་གཏིང་ཟབ་བྱས་ཏེ་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་། གཅིག་བསྡུ་གྲུབ་རྒྱུ་ཆེ་འགུག་ལེགས་འདྲེན་བྱ་དགོས་ལ། ཁྱད་ལྡན་ལེགས་ཆའི་ཁེ་ལས་ཇེ་རྒྱས་ཇེ་ལེགས་གཏོང་བར་རོགས་སྐྱོར་བྱེད་པ་དང་རིགས་སོ་སོའི་ཁྲོམ་རའི་བདག་པོ་རྣམས་འགྲན་རྩོད་ཁྲོད་ནས་འཕེལ་རྒྱས་ཡོང་བར་སྐུལ་ལྕག་གཏང་དགོས། “རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ནང་ཟབ་ཞུགས་བྱས་ཏེ་ནུབ་རྒྱུད་ཀྱི་སྐམ་མཚོའི་བགྲོད་ལམ་གསར་བ་མཉམ་སྐྲུན་བྱེད་པ་དང་། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་ཚོང་དོན་བགྲོད་ལམ་སྐྲུན་པར་སྐུལ་འདེད་གཏོང་བ་དང་། ཁྲལ་སྲུང་ཁུལ་དང་ས་མཚམས་བརྒལ་བའི་གློག་ཚོང་ཕྱོགས་བསྡུས་ཚོད་ལྟ་ཁུལ་གྱི་འཁོར་སྐྱོད་ཆུ་ཚད་མཐོར་འདེགས་གཏོང་བ། མུ་མཐུད་དུ་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་དང་མཚོ་སྐོར་ལྕགས་རྟ་འགྲན་སྡུར། རྒྱལ་སྤྱིའི་སྐྱེ་ཁམས་དངོས་མང་སྟོན་ཚོགས། “རྒྱུད་གཅིག་ལམ་གཅིག”གི་ནུས་ཁུངས་གཙང་མའི་འཕེལ་རྒྱས་གླེང་སྟེགས། རིག་གནས་ཡུལ་སྐོར་དུས་ཆེན་བཅས་ཡག་པོ་བསྒྲུབ་དགོས།

སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་སོ་སོ་ནས་ཡུན་རིང་ལ་ངེས་པར་རྒྱུན་འཁྱོངས་བྱེད་དགོས་པའི་སྤྱིའི་བླང་བྱ་ཡིན་ལ། ང་ཚོས་ཕྱོགས་ཡོངས་ཁོང་དུ་ཆུད་པ་དང་གཞི་གཅིག་ནས་སྐུལ་འདེད་བཏང་སྟེ་མུ་མཐུད་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྟན་པོའི་ངང་ཡུན་རིང་དུ་བསྐྱོད་དེ་མཚོ་སྔོན་འཕེལ་རྒྱས་ཀྱི་བསྡུར་ཐབས་ཡོད་པའི་དགེ་མཚན་སྔར་ལས་མངོན་གསལ་དོད་དུ་འགྲོ་བ། འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་སྔར་ལས་ཇེ་བཟང་ཇེ་ལེགས་སུ་གཏོང་བ་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ལ་ཕན་པ་སྔར་ལས་མང་བོ་ཐོབ་པར་བྱ་དགོས།

བཞི་བ། བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་བསྐྲུན་དགོས།

མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཟང་བོ་བྱེད་པ་ནི“རྒྱལ་དོན་གྱི་ཆེ་ཕྱོགས”ཡིན། མཛའ་མཐུན་གྱིས་ཕྱུག་པའི་དེང་རབས་ཅན་གྱི་མཚོ་སྔོན་འཛུགས་པར་བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཁབ་དང་མི་རིགས། བུ་རབས་ཚ་རྒྱུད་ལ་འགན་ཁུར་བའི་ལོ་རྒྱུས་ཀྱི་འགན་འཁྲི་ངེས་པར་འཁུར་དགོས་ལ། ཆུ་དྭངས་རི་སྔོ་ནི་གསེར་རི་དངུལ་རི་ཡིན་པ་དང་འཁྱགས་རི་གངས་ཐང་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དམིགས་བསལ་ཡིན་པ་རྒྱུན་འཁྱོངས་དང་། ཁེ་ལས་དང་དཔལ་འབྱོར་བྱེད་སྒོ་དག་ངེས་པར་སྐྱེ་ཁམས་ཀྱི་དགེ་མཚན་ལྡན་པའི་འཕེལ་རྒྱས་ལ་ཕན་ཐོགས་ཡོད་པ་རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་བསྐྲུན་དགོས།

རྒྱལ་ཁབ་སྤྱི་གླིང་བརྗོད་དོན་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་འཛུགས་སྐྲུན་མདུན་གྲལ་དུ་བསྐྱོད་དགོས། རྨ་འབྲི་རྫ་གསུམ་གྱི་མགོ་ཁུངས་དང་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་ཚད་གཞི་མཐོན་པོས་འཛུགས་སྐྲུན་བྱེད་པ་དང་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་ཚད་གཞི་མཐོན་པོས་གསར་སྐྲུན་བྱེད་པ། ཨ་ཆེན་གངས་རྒྱབ་འཛམ་གླིང་ཤུལ་བཞག་ས་ཁུལ་གྱི་སྲུང་སྐྱོབ་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁུ་ནུ་རི་བོ་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་གྱི་སྔོན་འགྲོའི་བྱ་བ་ལེགས་པོ་བསྒྲུབས་ཏེ་མཚོ་བོད་མཐོ་སྒང་རྒྱལ་ཁབ་སྤྱི་གླིང་ཚོགས་པ་བསྐྲུན་ནས་སྟོབས་ཤུགས་གཅིག་བསྡུས་ཀྱིས་མཐོ་སྒང་གི་ཁྱད་ཆོས་ལྡན་པ་དང་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་གྱི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་དཔེ་བསྐྲུན་དགོས། རྒྱལ་ཁབ་སྤྱི་གླིང་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ལམ་ལུགས་དང་ཚད་གཞིའི་མ་ལག་འཐུས་ཚང་འཛུགས་པ། ཁྲིམས་ལྟར་རྒྱལ་ཁབ་སྤྱི་གླིང་ཆེད་དམིགས་གཉེར་ཚོང་དང་རང་བྱུང་ཐོན་ཁུངས་གཉེར་ཚོང་དོ་དམ། དེང་རབས་ཅན་གཞིས་ཁུལ་ཚོད་ལྟའི་ས་གནས་སྤེལ་ཏེ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་གསར་བ་འཚོལ་ཞིབ་བྱེད་པ་དང་། རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་མུ་མཐུད་དུ་ཡག་པོ་བསྒྲུབས་ཏེ་འཛམ་གླིང་ལ་ཀྲུང་གོ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱས་པའི་གསོན་ཉམས་ལྡན་པའི་ལག་ལེན་དང་གཡུར་ཟའི་འབྲས་བུ་འགྲེམས་སྟོན་བྱ་དགོས།

གཙང་བོའི་འབབ་རྒྱུད་ལ་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་རྒྱུར་གཅིག་གྱུར་འཆར་འགོད་བྱ་དགོས། བློ་བརྟན་འགྱུར་མེད་ཀྱིས“ཀྲུང་ཧྭའི་ཆུ་གཏེར”གྱི་སྲུང་སྐྱོབ་མཁན་བྱས་ཏེ་མགོ་ཁུངས་ཀྱི་ལས་འགན་བརྟན་པོར་འཁུར་བ་དང་གཞུང་ཆུར་ཁག་ཁུར་བའི་སྣང་བརྙན་མངོན་པར་བྱས་ནས་སྐྱེ་ཁམས་སྲུང་སྐྱོབ་དང་ཆུ་ཁུངས་གསོག་འཛིན་བྱེད་པ་དང་། སྐྱེ་ཁམས་ཀྱི་ཐོན་རྫས་དེ་ལས་མང་བ་བསྐྲུན་ཏེ་དྭངས་གཙང་གི་ཆུ་བོ་ཤར་ཕྱོགས་སུ་བཞུར་རྒྱུ་སྲུང་སྐྱོང་བྱ་དགོས། ཕྱོགས་ཡོངས་ནས“ཆུ་ལ་བརྟེན་པའི་གཏན་འཁེལ་བཞིའི”རྩ་དོན་ལག་བསྟར་བྱེད་པ་དང་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་དང་ཆུ་སྲི་ཆུ་སྡོམ་ཟབ་སྤེལ། ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བཅས་ལ་སྐུལ་འདེད་བྱེད་པ་བརྒྱུད་ཆུའི་བདེ་འཇགས་འགན་ལེན་ནུས་ལྡན་དང་ཆུའི་ཐོན་ཁུངས་ནུས་མཐོའི་བཀོལ་སྤྱོད་བྱེད་པ། ཆུའི་སྐྱེ་ཁམས་མངོན་གསལ་ལེགས་བཅོས་ཡོང་བ་བཅས་མངོན་འགྱུར་འབྱུང་དགོས། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏིང་ཟབ་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་རང་བྱུང་སྐྱེ་ཁམས་མ་ལག་གི་ཆ་ཚང་རང་བཞིན་ལ་སྲུང་སྐྱོང་དང་མཐོ་སྒང་ས་མཐོའི་གྲང་ངར་ས་ཁུལ་གྱི་དམིགས་བསལ་གྱི་སྐྱེ་ཁམས་མ་ལག་གཞི་གཅིག་ཅན་སྲུང་སྐྱོབ་བྱེད་པ། སོར་ཆུད་སྐྱེ་འཕེལ་གྱི་ལམ་ལུགས་གོ་རིམ་ལྡན་པའི་ངང་ལག་བསྟར་བྱ་དགོས། རྨ་ཆུའི་རིག་གནས་ངེས་པ་དོན་གྱིས་སྲུང་སྐྱོབ་དང་དར་སྤེལ་གཏོང་བར་ཞིབ་འཇུག་གནང་སྟེ་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་རིག་གནས་ཡུལ་སྐོར་གནས་བསྐྲུན་དགོས། འབྲི་ཆུའི་དཔལ་འབྱོར་ས་རྒྱུད་ཀྱི་འཕེལ་རྒྱས་གཏོང་བར་འབྲེལ་མཐུད་བྱས་ཏེ་འབྲི་ཆུའི་མགོ་ཁུངས་ས་ཁུལ་གྱི་སྐྱེ་ཁམས་ཞབས་ཕྱིའི་བྱེད་ནུས་མཐོར་འདེགས་སུ་གཏང་དགོས།

སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་ཉམས་གསོ་བྱེད་པར་སྐུལ་འདེད་ཏན་ཏིག་གཏང་དགོས། སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་བསྐྲུན་པའི་སྤྱིའི་བཀོད་སྒྲིག་དོན་འཁྱོལ་བྱེད་པ་དང་སྐྱེ་ཁམས་དཔལ་ཡོན་གྱི་མ་ལག་བཅོས་སྒྱུར་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ། སྐྱེ་ཁམས་དཔལ་ཡོན་ཁྱབ་ཁོངས་ཀྱི་སྤྱི་འདོམས་མཐུན་སྦྱོར་བྱེད་པའི་སྒྲིག་སྲོལ་འཐུས་ཚང་དུ་གཏང་དགོས། ཕྱོགས་ཡོངས་ནས་རྨ་འབྲི་རྫ་གསུམ་དང་མདོ་ལ་རིང་མོ། མཚོ་སྔོན་པོ་སོགས་སྐྱེ་ཁམས་མ་ལག་སྲུང་སྐྱོབ་ལ་ཤུགས་སྣོན་པ་དང“སྲུང་ཡོལ་གཉིས་དང་ས་ཁུལ་གསུམ”གྱི་སྐྱེ་ཁམས་བདེ་འཇགས་ཀྱི་རྣམ་པ་བཙུགས་ཏེ་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་ཚོད་ལྟ་ཁུལ་བསྐྲུན་པར་བརྩོན་ལེན་བྱ་དགོས། རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་གངས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་སྒོས་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་ཡོལ་ས་ཁུལ་སྲུང་སྐྱོབ་དང་ཉམས་གསོ་བྱེད་པར་སྐུལ་འདེད་གཏོང་བ་དང་སྐྱེ་ཁམས་བཅོས་སྐྱོང་གི་ངོས་ནས་ཆེས་ལེགས་པའི“སྐར་འབྲས”དེ་སྤྲོད་དགོས། གཞི་རྒྱ་ཆེན་པོའི་རྒྱལ་ཁོངས་ལྗང་སྒྱུར་སྲ་བརྟན་དང་མཐོར་འདེགས་གཏོང་བའི་འགུལ་སྐྱོད་མུ་མཐུད་དུ་སྤེལ་དགོས། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པའི་གཙོ་གནད་བཟོ་སྐྲུན་ལག་བསྟར་བྱེད་པ་དང་། གནད་འགག་སྐྱེད་དངོས་རིགས་དང་སྣ་འདྲེན་སྐྱེ་དངོས་རིགས་ཀྱི་ཁ་གྲངས་སླར་གསོ་རང་བཞིན་གྱི་འཕར་སྣོན་འབྱུང་བ་སྲུང་འཛིན་བྱེད་པ། རང་བྱུང་གི་བྱ་དངོས་ཡོད་ཚད་འཆམ་མཐུན་ཡིན་པའི་མཛེས་སྡུག་གི་ཁྱིམ་གཞིས་གཅེས་སྐྱོང་བྱ་དགོས། སྐྱེ་ཁམས་སྲུང་སྐྱོབ་སྐྱིན་གསབ་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་བྱེད་པ་དང་རྒྱལ་ཁབ་སྐྱེ་ཁམས་ཀྱི་ཕྱོགས་བསྡུས་སྐྱིན་གསབ་ལམ་ལུགས་འཐུས་ཚང་དང་དོན་འཁྱོལ་བྱེད་པ་བརྒྱུད་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་པའི་རྐྱེན་སྲོལ་འཐུས་ཚང་དུ་གཟུག་དགོས།

མི་སྡོད་འཚོ་གཞིས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་བཅོས་གཏང་དགོས། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལེགས་པོར་རྒྱག་པ་དང་ཚད་གཞི་མཐོན་པོའི་སྒོ་ནས“དྭངས་གཙང་མཚོ་སྔོན”གསར་སྐྲུན་བྱེད་པ། ནམ་མཁའ་སྔོ་ཞིང་ཆུ་བོ་དྭངས་ལ། ས་གཞི་གཙང་མ་ཡོང་བའི་སྲུང་སྐྱོབ་ཀྱི་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་སུ་གཏང་དགོས་ལ། གཞི་རྩའི་ཆ་ནས་སྦགས་བཙོག་ཆེ་བའི་གནམ་གཤིས་དང་གྲོང་ཁྱེར་གྱི་བཙོག་ཆུ་དྲི་ངན་མེད་པར་བཟོ་བ་དང་གཅིག་བསྡུས་ཀྱིས་མང་ཚོགས་ཀྱི་ཉེ་འགྲམ་དུ་གནས་པའི་སྐྱེ་ཁམས་ཁོར་ཡུག་གནད་དོན་འབུར་ཐོན་ཐག་གཅོད་བྱ་དགོས། ཞིང་སྡེ་གསང་སྤྱོད་ཁང་གི་གསར་བརྗེ་དང་འཚོ་བའི་བཙོག་ཆུ་དང་གད་སྙིགས་ཐག་གཅོད། ཞིང་སྡེ་བཀོད་གཙང་མཐོར་འདེགས་གཏོང་བ་གཙོ་གནད་དུ་བཟུང་སྟེ་ཞིང་སྡེའི་མི་དམངས་ཀྱི་འཚོ་གཞིས་ཀྱི་ཁོར་ཡུག་བཅོས་སྒྲིག་དང་མཐོར་འདེགས་བྱེད་པའི་ལོ་ལྔའི་འགུལ་སྐྱོད་སྤེལ་བར་ངེས་པ་དོན་གྱིས་སྐུལ་འདེད་བྱ་དགོས། ཉེན་ཁ་ཆེ་བའི་བེད་མེད་དངོས་པོ་དང་སྨན་བཅོས་བེད་མེད་དངོས་པོ་ཐག་གཅོག་ཡག་པོ་བྱ་དགོས། མངའ་ཁོངས་ཧྲིལ་བོའི་ཁོར་ཡུག་གི་གནད་དོན་འཚོལ་རྟོག་དང་བཅོས་སྐྱོང་རྗེས་འདེད་ཀྱི་ཕུགས་ཕན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་སྐྱེ་ཁམས་ཁོར་ཡུག་ཁྲིམས་འཛིན་ལྟ་སྐུལ་དོ་དམ་ནུས་པ་མཐོ་རུ་གཏང་དགོས།

ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་བྱེད་པ་སྐུལ་འདེད་གཏང་དགོས། མཚོ་སྔོན་གྱི་ནུས་ཁུངས་གཙང་མའི་འཕེལ་རྒྱས་ལེགས་ཆ་མངོན་གསལ་ཡིན་པ་དང་སྐྱེ་ཁམས་ཀྱི་ཐཱན་འཇགས་མང་བསྡུ་ལ་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ཡོད་པ། རྒྱལ་ཁབ་ཀྱི“ཐཱན་ཟུང”དམིགས་འབེན་ལ་བྱས་རྗེས་འཇོག་པའི་འགན་ཁུར་དང་རྨང་གཞི། ནུས་པ་བཅས་ལྡན་དགོས། འདོན་སྤྲོད་མཐའ་སྣེ་དང་འཛད་སྤྱོད་མཐའ་སྣེ། ཐཱན་འཇགས་མཐའ་སྣེ་བཅས་ཀྱིས་མཉམ་དུ་ཤུགས་འདོན་པ་རྒྱུན་འཁྱོངས་བྱས་ཏེ་ནུས་ཁུངས་གྲུབ་ཚུལ་གྱི་འཐབ་ཇུས་རང་བཞིན་སྙོམ་སྒྲིག་བྱེད་པར་སྐུལ་འདེད་གཏང་དགོས། ཐཱན་རྩེར་སོན་གྱི་ལོ་བཅུའི་འགུལ་སྐྱོད་བརྟན་པོའི་ངང་ལག་བསྟར་བྱེད་པ་དང་གཙོ་གནད་ཁྱབ་ཁོངས་ཀྱི་ནུས་སྲི་ཐཱན་གཅོག་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བྱ་དགོས། གསར་དར་གློག་ཤུགས་ཀྱི་མ་ལག་དང་ཐཱན་མེད་ཐོན་ལས་གླིང་བསྐྲུན་ཏེ་ཆ་རྐྱེན་འཛོམས་པའི་ས་ཁུལ་དང་གླིང་ཁུལ་ལས་རིགས་སྔོན་ལ་ཚོད་ལྟ་དང་འགུལ་སྐྱོད་བྱེད་པ་བརྒྱུད་རྒྱལ་ཡོངས་ནུས་ཁུངས་ཀྱི་གྲུབ་ཚུལ་རིམ་སྒྱུར་དང་ཐཱན་གཅོག་ཉུང་གཏོང་ལ་རམ་འདེགས་བྱ་དགོས། ནུས་གྲོན“ཚོད་འཛིན་གཉིས”ནས་ཐཱན་འབུད་གཏོང་བྱེད་འབོར་དང་དྲག་ཚད“ཚོད་འཛིན་གཉིས”སུ་བསྒྱུར་བར་སྐུལ་འདེད་གཏོང་བ་དང“མཐོ་གཉིས”ལས་གཞི་རྨོངས་ཚོད་ཀྱིས་འཕེལ་རྒྱས་གཏོང་བ་མཐའ་གཅིག་ཏུ་གཏན་འགོག་བྱ་དགོས། སྐྱེ་ཁམས་མ་ལག་གི་ཐཱན་བསྡུ་སྤོ་སྒྱུར་ནུས་པ་མཐོར་འདེགས་སུ་གཏོང་བ་དང་ནགས་རྩྭ་ཐོན་ཁུངས་ཀྱི་ཆུ་མཛོད་དང་འབྲུ་མཛོད། དངུལ་མཛོད། ཐཱན་མཛོད་བྱེད་ནུས་ཕུན་སུམ་ཚོགས་པས་འདོན་སྤྲོད་བྱས་ཏེ་རྒྱལ་ཁབ་ཀྱི་ཐཱན་ཉོ་འཚོང་གི་ཁྲོམ་ར་འཛུགས་སྐྲུན་ནང་ཧུར་ཐག་གིས་ཞུགས་ཏེ། སྐྱེ་ཁམས་ཐཱན་བསྡུའི་རིན་ཐང་སྒྱུར་བའི་ཐབས་ལམ་རྒྱ་བསྐྱེད་དགོས། ལྗང་མདོག་ཐཱན་དམའ་ཡི་སྤྱི་ཚོགས་འགུལ་སྐྱོད་དཔེ་སྟོན་གསར་འཛུགས་སྤེལ་ནས་ལྗང་མདོག་དང་གྲོན་ཆུང་། ཁོར་སྲུང་འདུ་ཤེས་རྒྱ་ཁྱབ་ཏུ་དར་སྤེལ་བཏང་སྟེ་སྤྱི་དམངས་ཀྱི་ཐཱན་དམའི་འདུ་ཤེས་མཐོར་འདེགས་སུ་གཏང་དགོས།

མཚོ་སྔོན་གྱི་སྐྱེ་ཁམས་དེ་རྒྱལ་ཁབ་ཀྱི་འཕེལ་རྒྱས་སྤྱི་ཡོངས་དང་འབྲེལ་བ་ཡོད་ལ་ཀྲུང་ཧྭ་མི་རིགས་ཀྱི་འབྱུང་འགྱུར་ལ་ཡང་འབྲེལ་བ་ཡོད། མུ་མཐའ་མེད་པའི་ཁུ་ནུ་རི་རྒྱུད་དང་རྔམ་ཞིང་བརྗིད་པའི་གཙང་བོས་ཀྲུང་གོའི་ས་གཞི་ཆེན་པོར་གསོན་ཤུགས་སྩོལ་བཞིན་ཡོད་ལ། ང་ཚོས་ནང་སེམས་ཀྱི་ཟབ་ས་ནས་ས་སྒང་འདིའི་སྐྱེ་འགྲོ་ཡོངས་དང་ཆུ་ཁྲི་རི་སྟོང་དག་ལ་བདག་སྲུང་ཡག་པོ་བརྒྱབ་སྟེ་ཆུ་དྭངས་རི་སྔོ་ནི་ནམ་ཡང་མཚོ་སྔོན་གྱི་ལེགས་ཆ་དང་ང་རྒྱལ་དུ་བརྩི་དགོས།

ལྔ་བ། བློ་བརྟན་འགྱུར་མེད་ཀྱིས་མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏང་དགོས།

མཉམ་དུ་ཕྱུག་འགྱུར་ཡོང་བ་ནི་སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་བླང་བྱ་ཡིན་ལ། མི་དམངས་མང་ཚོགས་ཀྱི་ཐུན་མོང་གི་རེ་སྒུག་བྱེད་ས་ཡང་ཡིན། མི་དམངས་བདེ་སྐྱིད་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ངེས་པར་དུ་རྒྱུན་འཁྱོངས་བྱ་དགོས་ལ། སྐྱེ་ཁམས་སྲུང་སྐྱོབ་དམིགས་བསལ་ཡིན་པ་རྒྱུན་འཁྱོངས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་འཚོ་བ་ཟུང་འབྲེལ་དམ་ཚགས་དང་ཆར་བ་ཆུ་གྲོགས་བྱེད་པ་བརྒྱུད། མཉམ་དུ་ཕྱུག་འགྱུར་ཡོང་བའི་ལག་ལེན་ཐབས་ལམ་ནུས་ཤུགས་ཡོད་རྒུས་འཚོལ་ཞིབ་བྱས་ཏེ་རིགས་སོ་སོའི་མང་ཚོགས་ཀྱིས་མཛེས་སྡུག་འཚོ་བར་བཅངས་པའི་རེ་འདུན་མུ་མཐུད་དུ་བསྐང་དགོས།

གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་གཏང་དགོས། མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏང་དགོས་ལ། དཀའ་ཚེགས་ཆེས་ཆེ་ཤོས་དང་ལས་འགན་ཆེས་ལྗིད་ཤོས་སྔར་བཞིན་རོང་འབྲོག་ཁུལ་དུ་གནས་ཡོད། ཞིང་ལས་ཞིང་སྡེ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་གྲོང་གསེབ་དར་སྤེལ་གྱི“འགུལ་སྐྱོད་ཆེན་པོ་བརྒྱད”ལག་བསྟར་གཏིང་ཟབ་བྱ་དགོས་ལ། ཞིང་ཕྱུགས་ལས་ཀྱི་ཐོན་ཚད་བརྟན་ཞིང་སྤུས་ཚད་འཕེལ་བ་དང་རོང་འབྲོག་པའི་ཡོང་སྒོ་བརྟན་ཞིང་འཕར་བ། རོང་འབྲོག་ཁུལ་དུས་བདེ་ཞོད་འཇགས་ཡོང་བར་སྐུལ་སྤེལ་བྱ་དགོས། དབུལ་ཐར་འགག་སྒྲོལ་གྲུབ་འབྲས་རྒྱ་སྐྱེད་དང་སྲ་བརྟན་གཏོང་བ་དང་། དབུལ་བོ་བསྐྱར་ལོག་སྔོན་འགོག་བྱེད་པའི་གནས་ཚུལ་ལྟ་ཞིབ་དང་རོགས་སྐྱོར་རྐྱེན་སྲོལ་དོན་འཁྱོལ་བྱ་དགོས་ཤིང་། དབུལ་ཐར་ས་ཁུལ་གྱི་རང་ཉིད་འཕེལ་རྒྱས་ནུས་པ་ཇེ་མཐོར་གཏང་དགོས། འབྲུ་རིགས་བདེ་འཇགས་དང་ཞིང་ས་སྲུང་སྐྱོབ་ཀྱི་འགན་འཁྲི་ནན་དུ་གཏོང་བ་དང་རྨོ་ཞིང“ཞིང་མིན་ཅན”དང“འབྲུ་མིན་ཅན”དུ་སྒྱུར་བར་མཐའ་གཅིག་ཏུ་གཏན་འགོག་བྱ་དགོས། ནུས་ཤུགས་ཡོད་རྒུས་རོང་འབྲོག་ཁུལ་གྱི་སྐྱེ་ཁམས་ཐོན་སྐྱེད་འཚོ་བ་འཕེལ་རྒྱས་ལེགས་པོར་ཡོང་བར་ཚོད་འཛིན་བྱེད་པའི་འགོག་རྐྱེན་སེལ་དགོས་ལ། ཡུལ་བབ་དང་བསྟུན་ནས་ཞིང་ཕྱུགས་ཐོན་རྫས་ལས་སྣོན་དང་ཡུལ་སྐོར། ཁམས་གསོ་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏང་དགོས་པ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་སྟོབས་ཤུགས་རྒྱ་སྐྱེད་དང་ཆ་རྐྱེན་འཛོམས་པའི་རྫོང་མཁར་དུ་ཞིང་ཕྱུགས་ལས་ཀྱི་ཐོན་ལས་སྦྲེལ་ཐག་ཆ་ཚང་འཕེལ་རྒྱས་སུ་གཏང་དགོས། རོང་འབྲོག་ཁུལ་གྱི་གཙོ་གནད་ཁྱབ་ཁོངས་བཅོས་སྒྱུར་བྱེད་པར་སྐུལ་འདེད་དང་རོང་འབྲོག་ཁུལ་གྱི་གཞི་རྩའི་ཚོང་གཉེར་ལམ་ལུགས་བརྟན་འཇགས་དང་འཐུས་ཚང་དུ་གཏང་དགོས་ཤིང་ས་ཞིང་དང་རྩྭ་ར། ཐུན་མོང་གི་ཐོན་དབང་སོགས་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་བྱ་དགོས། གྲོང་གསེབ་དར་སྤེལ་གཏོང་བའི་གཙོ་གནད་རོགས་སྐྱོར་རྫོང་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏང་དགོས། གྲོང་གསེབ་འཛུགས་སྐྲུན་འགུལ་སྐྱོད་ལག་བསྟར་བྱེད་པ་དང་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་བསྣན་དགོས། སྲོལ་རྒྱུན་སྡེ་བ་དང་དམངས་གཞིས། ལོ་རྒྱུས་དང་རིག་གནས་ལྡན་པའི་མིང་གྲགས་ཅན་གྱི་སྡེ་བ་དང་གྲོང་རྡལ་སྲུང་སྐྱོབ་བྱེད་ཤུགས་ཇེ་མཐོར་གཏང་དགོས་པ་དང་ཕུལ་བྱུང་གི་ཕ་ཡུལ་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་སུ་གཏང་དགོས།

ལས་ཞུགས་རྒྱ་སྐྱེད་དང་ཡོང་སྒོ་འཕར་སྣོན་ཡོང་བར་སྐུལ་སྤེལ་གཏང་དགོས། ལས་ཞུགས་ཀྱི་དམིགས་བསལ་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་ལས་ཞུགས་ལས་གཏོད་ཀྱི་ཞབས་ཕྱི་ལ་ཤུགས་བསྣན་ཏེ་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་བྱ་བ་ལེགས་པོར་བསྒྲུབ་དགོས། ལས་གཏོད་ཀྱིས་ལས་ཞུགས་ལ་སྣེ་ཁྲིད་དང་སྟབས་བསྟུན་ལས་ཞུགས་སོགས་ལས་ཞུགས་ཀྱི་རྣམ་པ་གསར་བར་སྲིད་ཇུས་ཀྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏང་དགོས་ལ་སྤྱི་པའི་ལས་ཞུགས་ཀྱི་ཞབས་ཕྱིའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། གོ་རིམ་ལྡན་པའི་སྒོ་ནས་ཞིང་ཕྱུགས་ལས་ཀྱི་མི་གྲངས་གྲོང་རྡལ་དུ་སྤོ་སྒྱུར་བྱེད་པར་སྣེ་ཁྲིད་བྱ་དགོས་ཤིང་ཞིང་ལས་མིན་པའི་ལས་ཞུགས་ཀྱི་ཁ་གྲངས་ཇེ་ཆེར་བཏང་སྟེ། ལས་རིགས་ལག་རྩལ་གྱི་གསོ་སྦྱོང་བྱེད་པར་ཤུགས་བསྣན་ནས་ངལ་རྩོལ་པའི་སྤུས་ཚད་དང་ལས་ཞུགས་རྒྱུ་སྤུས་མཐོར་འདེགས་སུ་གཏང་དགོས། ཞིང་ཕྱུགས་ལས་ཀྱི་ཚོང་གཉེར་བྱེད་པོ་གསར་བ་གསོ་སྐྱོང་བྱས་ཏེ་ལས་རིགས་གསར་བའི་རོང་འབྲོག་པ་སྐྱེད་སྲིང་བྱ་དགོས། རོང་འབྲོག་པའི་ཡོང་སྒོ་འཕར་བའི་ཐབས་ལམ་རྒྱ་སྐྱེད་པ་དང་ཁྱད་ལྡན་ངལ་ལས་ཀྱི་ཟོང་རྟགས་གྲགས་ཅན་གསོ་སྐྱོང་དང་། སྐྱེ་ཁམས་དོ་དམ་གྱི་ལས་གནས་ཚད་ལྡན་ལེགས་སྒྲིག་དང་སྙོམ་སྒྲིག་ལེགས་པོ་བཅས་བྱས་ཏེ་གྲོང་གསེབ་དམངས་ཕྱུག་གི་ཐོན་ལས་འཕེལ་རྒྱས་སུ་གཏང་དགོས། “འབྲིང་སྐྱེད་དམའ་འདེགས”སྲིད་ཇུས་དོན་འཁྱོལ་ལེགས་པོ་བྱེད་པ་དང་ཡོང་འབབ་འབྲིང་གྲས་ཀྱི་ཚོགས་སྤྱི2035ལོར་སླེབས་དུས་ལྡབ་འཕར་བྱེད་པའི་འཆར་གཞི་ལག་བསྟར་བྱེད་པ་དང་ཡོང་འབབ་དམའ་གྲས་ཀྱི་ཚོགས་སྤྱིའི་ཡོང་འབབ་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཤུགས་བསྣན་དགོས། གཙོ་རྒྱུ་ལྟར་བགོ་བྱ་བྱེད་པའི་སྲིད་ཇུས་ལམ་ལུགས་འཐུས་ཚང་དུ་བཏང་སྟེ་བགོ་བྱ་ཡང་བསྐྱར་རྒྱག་པའི་ལེགས་སྒྲིག་བྱེད་ནུས་འདོན་སྤེལ་བྱས་ནས་སྤྱི་ཚོགས་འགན་སྲུང་དང་ནོར་སྲིད་སྤོར་སྒྱུར་དངུལ་སྤྲོད་སོགས་སྲིད་ཇུས་ཀྱི་གནད་འཁེལ་རང་བཞིན་མཐོ་རུ་གཏང་དགོས་ལ། ཁེ་ལས་དང་སྤྱི་ཚོགས་ཚོགས་སྤྱི་དག་དགེ་ལས་ཀྱི་བྱ་གཞག་ནང་ཧུར་ཐག་ཞུགས་པར་སྣེ་ཁྲིད་དང་རྒྱབ་སྐྱོར་བྱ་དགོས།

གཞི་རྩའི་སྤྱི་པའི་ཞབས་ཕྱིའི་ཆུ་ཚད་མཐོར་འདེགས་སུ་གཏང་དགོས། གཞི་རྩའི་སྤྱི་པའི་ཞབས་ཕྱིའི་ཆ་སྙོམས་ཅན་དང་ཁྱབ་ནུས་རང་བཞིན་མཐོ་རུ་གཏོང་རྒྱུར་ཤུགས་རྒྱག་དགོས་ལ་རྒྱ་ཆེའི་མང་ཚོགས་ཀྱི་ཆེས་དོ་ཁུར་བྱེད་པའི་ཁྱབ་ཁོངས་ལ་དམིགས་ནས་སྲིད་ཇུས་ལག་བསྟར་ནུས་ལྡན་བྱ་དགོས། ཕྱོགས་ཡོངས་ནས་ཏང་གི་སློབ་གསོའི་བྱེད་ཕྱོགས་ལག་བསྟར་བྱས་ཏེ་ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་གསོ་སྐྱོང་བྱེད་པའི་སློབ་གསོའི་མ་ལག་འཐུས་ཚང་འཛུགས་ནས་སློབ་གསོ་དེང་རབས་ཅན་དུ་གཏོང་བར་མྱུར་དུ་སྐུལ་འདེད་གཏང་དགོས། སློབ་སྔོན་སློབ་གསོར་ཀུན་ཕན་བདེ་འཇགས་ཡིན་པ་དང་འོས་འགན་སློབ་གསོ་སྤུས་ལེགས་དོ་མཉམ་ལྡན་པ། མཐོ་འབྲིང་རིམ་པའི་སློབ་གསོ་སྣ་མང་རང་བཞིན་ཡིན་པ་བཅས་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏང་དགོས་པ་དང་། “སྙུང་གཉིས”བྱ་བ་ངེས་དོན་གྱིས་སྤེལ་བར་སྐུལ་སྤེལ་བྱས་ཏེ་མཐོ་རྒྱུགས་ཀྱི་ཕྱོགས་བསྡུས་བཅོས་སྒྱུར་གཏིང་ཟབ་བྱ་དགོས། ལས་རིགས་ལག་རྩལ་སློབ་གསོའི་འོས་འཚམས་རང་བཞིན་ཇེ་མཐོར་གཏོང་བ་དང“མཚོ་སྔོན་བཟོ་བོ”སྔར་ལས་མང་བ་སྐྱེད་སྲིང་བྱ་དགོས། མཐོ་རིམ་སློབ་གསོའི་དོན་སྤྱི་རྣམ་པའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱས་ཏེ“རྩེར་སོན་གཉིས”འཛུགས་སྐྲུན་བྱེད་པར་ཤུགས་བསྣན་དགོས། བདེ་ཐང་མཚོ་སྔོན་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་ནས“སྨན་ལྔ”མཉམ་འབྲེལ་གྱི་བཅོས་སྒྱུར་གཏིང་ཟབ་བྱ་དགོས་པ་དང་། གཞུང་བཙུགས་སྨན་ཁང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས་ལ་རིམས་ནད་སྔོན་འགོག་སྒྲིག་གཞི་མྱུར་དུ་བཅོས་སྒྱུར་བྱས་ནས་འགོས་ནད་སྔོན་འགོག་དང་མྱུར་མཁོ་ཐག་གཅོག་བྱེད་ཤུགས་ཆེ་རུ་གཏང་དགོས། མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་དང་རྒྱལ་ཁབ་མངའ་ཁོངས་ཀྱི་སྨན་བཅོས་ལྟེ་གནས་མྱུར་དུ་འཛུགས་སྐྲུན་བྱས་ཏེ་ཀྲུང་བོད་གསོ་རིག་རྒྱུན་འཛིན་དང་གསར་སྐྲུན། འཕེལ་རྒྱས་བཅས་གཏོང་བར་རྒྱབ་སྐྱོར་བྱ་དགོས། སློབ་གསོ་སྨན་བཅོས་ཀྱིས་མཚོ་སྔོན་ལ་རོགས་སྐྱོར་དང་མཉམ་ལས་གཏིང་ཟབ་སྤེལ་ནས་རིགས་སོ་སོའི་མང་ཚོགས་ཀྱིས་སྔར་ལས་སྤུས་ལེགས་དང་སྟབས་བདེའི་ཞབས་ཕྱི་ལོངས་སུ་སྤྱོད་དུ་འཇུག་དགོས། མི་འབོར་ཡུན་རིང་དོ་མཉམ་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་དང་། གཞིས་སྡོད་དང་གཞིས་ཁུལ་སྒྲིག་གཞི་ཕན་ཚུན་མཐུན་སྦྱོར་དང་། སྨན་བཅོས་དང་ཁམས་གསོ་ཟུང་དུ་འབྲེལ་བའི་རྒན་གསོ་ཞབས་ཕྱིའི་ལམ་ལུགས་མུ་མཐུད་དུ་བཙུགས་ནས་བྱིས་པ་གསུམ་སྐྱེས་པའི་སྲིད་ཇུས་ཀྱི་སྒྲིག་གཞི་དང་བྱེད་ཐབས་འཐུས་ཚང་དུ་གཏང་དགོས་ལ། ཀུན་ལ་ཕན་པའི་བུ་བཅོལ་ཞབས་ཕྱི་ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་གཏོང་བ་དང“རྒན་རྒོན་དང་བྱིས་པའི”བདེ་སྐྱིད་སྲུང་དགོས། སྡོད་ཁང་གི་འདོན་སྤྲོད་མ་ལག་ཇེ་ལེགས་སུ་བསྒྱུར་ཏེ་འགན་སྲུང་ཆུ་ཚད་མཐོར་འདེགས་སུ་བཏང་ནས་རིགས་སོ་སོའི་མང་ཚོགས་ལ་འདུག་སའི་ཁང་བ་ཡོད་དགོས།

རིམ་པ་མང་པོའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏང་དགོས། སྤྱི་ཚོགས་འགན་སྲུང་ཞེས་པའི་དམངས་ཚིས་བདེ་འཇགས་དྲ་རྒྱ་བརྟན་པོར་འཐག་ནས་རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བ་བདེ་སྐྱིད་ཡོང་བར་བྱ་དགོས། སྤྱི་ཚོགས་འགན་སྲུང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་ན་ལམ་ལུགས་བཀོད་སྒྲིག་སྔར་ལས་འོས་འཚམས་དང་ཁྱབ་རྒྱ་སྔར་ལས་རྒྱ་ཆེ་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་འགན་སྲུང་གཅིག་གྱུར་འཆར་འགོད་བྱས་ཏེ་གཞི་རྩའི་རྒན་གསོ་དང་སྨན་བཅོས། ལས་ཤོར། ལས་རྨས། བུ་སྐྱེས་སོགས་ཉེན་སྲུང་ལམ་ལུགས་འཐུས་ཚང་དུ་གཏང་དགོས་པ་དང་མུ་མཐུད་དུ་སྤྱི་ཚོགས་འགན་སྲུང་གི་སྤྱི་པའི་ཞབས་ཕྱི་ནུས་པ་མཐོར་འདེགས་སུ་གཏང་དགོས། དམངས་ཚིས་ཆེས་དམའ་བའི་འགན་སྲུང་དང་དཀའ་ཁག་འཕྲད་པའི་མང་ཚོགས་ལ་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་སྟེ་སྲུང་དགོས་བ་ཞིག་ངེས་པར་སྲུང་དགོས་ལ་རོགས་བྱ་དགོས་པ་ཞིག་ལ་ངེས་པར་རོགས་བྱ་དགོས། ལོངས་སྤྱོད་བྱེད་འོས་པ་ཞིག་ངེས་པར་ལོངས་སྤྱོད་བྱེད་དུ་འཇུག་དགོས། བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་པ་དང་དབང་བོ་སྐྱོན་ཅན་དང་དྭ་ཕྲུག་སོགས་དམིགས་བསལ་ཚོགས་ཁྱུ་ལ་བྱམས་སེམས་བཅངས་ཏེ་ཞབས་ཕྱི་བསྒྲུབ་དགོས། ཁོལ་འཁྱུར་དམག་མིའི་བྱ་བའི་མ་ལག་དང་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏང་དགོས།

རྒྱལ་སྲིད་ནི་མི་དམངས་ཡིན་ལ། མི་དམངས་ནི་རྒྱལ་སྲིད་ཡིན། ང་ཚོས་དུས་ནམ་ཡིན་ཡང་མི་དམངས་ཀྱི་ཁེ་ཕན་དེ་བླ་ན་མེད་པའི་གནས་སུ་བཞག་སྟེ་ཐབས་བརྒྱ་ཇུས་སྟོང་གིས་མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་ས་ཡ་དྲུག་གི་བྱ་བ་ངེས་པ་དོན་གྱིས་ལེགས་པོར་བསྒྲུབས་ནས་མང་ཚོགས་ཀྱི་འཚོ་བ་སྔར་ལས་རྒྱུ་སྤུས་ལྡན་ཞིང་ཡིད་སེམས་བདེ་ལ་སྔར་ལས་མཛེས་སྡུག་གིས་ཕྱུག་ཏུ་འཇུག་དགོས།

དྲུག་པ། བློ་བརྟན་འགྱུར་མེད་ཀྱིས་དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བར་སྐུལ་འདེད་གཏང་དགོས།

མཚོ་སྔོན་དུ་མི་རིགས་བྱ་བ་ལེགས་པོ་བསྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ལ་སྤྱི་ཡོངས་དང་འབྲེལ་བ་ཡོད། ཕྱོགས་ཡོངས་ནས་དུས་རབས་གསར་བའི་ཏང་གི་བོད་སྐྱོང་ཇུས་གཞི་ཆེན་པོ་དང་ཏང་གི་མི་རིགས་སྲིད་ཇུས། ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་ལག་བསྟར་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བ་གཙོ་རྐང་དུ་གཟུང་དགོས་ཤིང་། མཐུན་སྒྲིལ་སྒོས་རིགས་སོ་སོའི་མང་ཚོགས་སྣེ་ཁྲིད་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་དང་མཛེས་སྡུག་གི་འཚོ་བ་གསར་སྐྲུན་བྱ་དགོས།

ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་སྒོ་ཀུན་ནས་གཟུག་དགོས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་དང་རིགས་སོ་སོའི་མི་རིགས་ཀྱིས་རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་ཚད་མཐོའི་ངོས་འཛིན་གཅིག་མཐུན་ཡོང་བ་མུ་མཐུད་གཏིང་ཟབ་ཏུ་གཏང་དགོས་ལ། རིགས་སོ་སོའི་མང་ཚོགས་ཀྱིས་བདེ་སྡུག་མཉམ་མྱོང་དང་ཁྲེལ་གྲགས་མཉམ་ཁུར། ཤི་གསོན་མཉམ་གནས། ལས་དབང་མཉམ་གནས་བཅས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་ཆགས་པར་སྣེ་ཁྲིད་བྱ་དགོས། རིག་གནས་ཀྱི་ཤེས་ཞེན་ཆེ་རུ་གཏོང་བའི་རྩ་བ་འདི་དམ་འཛིན་བྱ་དགོས་པ་དང་། ཐུན་མོང་རང་བཞིན་དང་བར་ཁྱད་རང་བཞིན་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་རིགས་སོ་སོའི་མི་རིགས་ཀྱི་འདུ་ཤེས། ཀྲུང་ཧྭ་མི་རིགས་དང་རིགས་སོ་སོའི་མི་རིགས་ཀྱི་རིག་གནས། དངོས་པོ་དང་བསམ་བློའི་འབྲེལ་བ་བཅས་ཐག་གཅོད་ཡང་དག་བྱས་ཏེ་རིགས་སོ་སོའི་ཐུན་མོང་གི་བསམ་བློའི་རྨང་གཞི་སྲ་བརྟན་དུ་གཏང་དགོས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་འཕེལ་རྒྱས་གཏོང་བའི་བཟོ་སྐྲུན་དང་ཀྲུང་ཧྭ་མི་རིགས་མཐོང་ཚོར་སྣང་བརྙན་བཟོ་སྐྲུན་ལག་བསྟར་བྱས་ཏེ་རིགས་སོ་སོའི་མི་རིགས་ཀྱི་དམངས་སེམས་གཅིག་སྡུད་དང་སེམས་པ་གཅིག་ལ་གཅིག་བརྟེན་ཡིན་པ་བྱ་དགོས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཕྱོགས་ཡོངས་ནས་ཁྱབ་བརྡལ་དུ་གཏང་དགོས་པ་དང་དེང་རབས་དཔལ་ཡོན་སློབ་གསོར་ཤུགས་བསྣན་དགོས་ལ། རིགས་སོ་སོའི་མི་རིགས་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ལ་བསྐྱོད་པར་སྐུལ་འདེད་གཏང་དགོས།

རིགས་སོ་སོའི་མི་རིགས་རྣམས་ཕན་ཚུན་འབྲེལ་འདྲིས་དང་བརྗེ་རེས། མཉམ་འདྲེས་བྱེད་པར་སྐུལ་སྤེལ་གཏང་དགོས། རིགས་སོ་སོའི་མི་རིགས་ཀྱི་མི་འབོར་གོ་རིམ་ལྡན་པའི་ངང་མཉམ་སྡོད་བྱེད་པར་སྐུལ་འདེད་བྱེད་པ་དང་། རོང་འབྲོག་ཁུལ་གྱི་མང་ཚོགས་དང་ན་ཆུང་གཞོན་ནུ་མངའ་ཁོངས་བརྒལ་ནས་ལས་ཞུགས་དང་སློབ་གཉེར་བྱེད་པར་སྐུལ་མ་དང་རྒྱབ་སྐྱོར་བྱ་དགོས། གྲོང་ཁྱེར་གྱི་སྟེགས་བུ་གཙོ་བོའི་བྱེད་ནུས་ཕུན་སུམ་ཚོགས་པའི་འདོན་སྤེལ་བྱེད་པ་དང་མི་རིགས་སོ་སོ་གྲོང་ཁྱེར་ནང་ཞུགས་པའི་བྱེད་ཐབས་འཐུས་ཚང་དུ་གཏང་དགོས། ཕན་ཚུན་མཉམ་བསྲེས་རྣམ་པའི་སྤྱི་ཚོགས་ཀྱི་གྲུབ་ཚུལ་དང་གཞིས་ཁུལ་ཁོར་ཡུག་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། གཞིས་ཁུལ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བའི་གཡུལ་ས་གལ་ཆེན་དུ་བརྩིས་ནས་གཞིས་ཁུལ་གྱི“སེ་འབྲུ་ཁྱིམ་གཞིས”འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་ཏེ་གཞི་རྒྱ་ཆེན་པོའི་འབྲེལ་འདྲིས་དང་ཕྱོགས་ཡོངས་ནས་བརྗེ་རེས། གཏིང་ཟབ་པའི་མཉམ་འདྲེས་བཅས་བྱེད་པའི་ནུས་ལྡན་ཐབས་ལམ་མུ་མཐུད་དུ་རྒྱ་སྐྱེད་ནས་བར་སྟོང་དང་རིག་གནས། དཔལ་འབྱོར། སྤྱི་ཚོགས། སེམས་ཁམས་སོགས་ཀྱི་ཕྱོགས་ཡོངས་ནས་རིམ་པ་བཞིན་མཉམ་བསྲེས་ཐུབ་པ་མངོན་འགྱུར་འབྱུང་དགོས། རིགས་སོ་སོའི་མི་རིགས་འབྲེལ་འདྲིས་དང་བརྗེ་རེས། མཉམ་འདྲེས་ཀྱི་ལོ་རྒྱུས་ཞིབ་འཇུག་བྱ་བར་ཤུགས་བསྣན་ནས་མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསོན་ཉམས་ལྡན་པའི་གཏམ་རྒྱུད་བརྗོད་དགོས།

མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་གཏིང་ཟབ་ཏུ་གཏང་དགོས། གཞི་རྟེན་གསར་སྐྲུན་དང་ནང་དོན་ཕུན་སུམ་ཇེ་ཚོགས། རྒྱ་སྐྱེད་ཕྱིར་སྲིང་བཅས་བྱས་ཏེ་ཕྱོགས་ཡོངས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་འཛུགས་ཐད་མུ་མཐུད་དུ་སྔོན་གྲས་སུ་ཚུད་དགོས། དྲིལ་སྒྲོག་སློབ་གསོའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། རྒྱལ་དམངས་སློབ་གསོ་དང་ལས་བྱེད་སློབ་གསོ། སྤྱི་ཚོགས་སློབ་གསོ་བཅས་དམ་འཛིན་བྱས་ཏེ་ཁྱབ་རྒྱ་ཇེ་ཆེར་བཏང་ནས་ཕན་འབྲས་ཇེ་མཐོར་གཏང་དགོས། གཏིང་ཟབ་སྒོས“བཅུ་སྤེལ”བྱ་འགུལ་གསར་སྐྲུན་བྱས་ཏེ། ཡང་བསྐྱར་ཞིང་ཆེན་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ལས་ཁུངས་དང་དཔེ་སྟོན་ཤང་གྲོང་། དཔེ་སྟོན་སྡེ་བ། གཞོན་ནུ་ལོ་ཆུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་དཔེ་སྟོན་ས་ཚིགས་སྐོར་ཞིག་གསར་འཛུགས་བྱ་དགོས། “མི་རིགས་མཐུན་སྒྲིལ+”མཉམ་འདྲེས་འཕེལ་རྒྱས་འགུལ་སྐྱོད་གསར་སྐྲུན་སྐུལ་འདེད་གཏོང་བ་དང་། གསར་སྐྲུན་སྐུལ་འདེད་དང་དཔལ་འབྱོར་འཕེལ་རྒྱས། སྐྱེ་ཁམས་སྲུང་སྐྱོབ། དམངས་ཚིས་ལེགས་བཅོས། ཆོགས་ལུགས་དོ་དམ། སྤྱི་ཚོགས་བརྟན་འཇགས་བཅས་ཁ་སྤྲོད་ངང་མདུན་དུ་བསྐྱོད་ཅིང་དམ་ཚགས་ཀྱིས་ཟུང་འབྲེལ་བྱས་ཏེ། བྱ་བ་སོ་སོ་ཧུར་ཐག་གིས་གཟུགས་བརྙན་ལྡན་པ་དང་ཚོར་ཤེས་ལྡན་པ། ཕན་འབྲས་ལྡན་པ་ཞིག་ཏུ་བསྒྲུབ་ཐུབ་དགོས།

ཁྲིམས་ལྟར་ཆོས་ལུགས་ལས་དོན་དོ་དམ་བྱ་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་སྒྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཆོས་ལུགས་བྱ་བའི་སྒྲིག་སྲོལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་ཞིང་། ཁྲིམས་མཐུན་སྲུང་སྐྱོབ་དང་ཁྲིམས་འགལ་གཏན་འགོག ཐལ་དྲགས་འགོག་སྡོམ། སིམ་འཛུལ་བཀག་འགོག ཉེས་བསགས་རྡུང་རྡེག་བཅས་རྒྱུན་འཁྱོངས་བྱས་ཏེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་གྱི་བཅོས་སྐྱོང་མ་ལག་འཛུགས་གྲུབ་བྱ་དགོས། དགོན་སྡེ་དོ་དམ་གྱི་ཕུགས་ཕན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཆོས་ལུགས་སྡེ་རུ་ཁྲིམས་ལྟར་རང་ཉིད་དོ་དམ་བྱེད་པའི་ནུས་པ་མཐོར་འདེགས་གཏོང་བར་མཛུབ་སྟོན་དང་རྒྱབ་སྐྱོར་བྱ་དགོས་ཤིང་། ནུས་ཡོད་དོ་དམ་སྟེང་མུ་མཐུད་དུ་ཉམས་མྱོང་གསར་བ་འཚོལ་ཞིབ་བྱ་དགོས། སྦྲེལ་དྲས་ཆོས་ལུགས་ལས་དོན་དོ་དམ་བྱེད་པར་ཤུགས་བསྣན་དགོས། ཤུགས་ཆེན་པོས་ཆོས་ལུགས་དཔེ་ཁྲིད་མི་སྣས་ཁྲིམས་བརྩི་ཁྲིམས་སྲུང་བྱེད་པ་དང་རྒྱལ་གཅེས་ཆོས་གཅེས་བྱེད་པའི་སྲོལ་རྒྱུན་བཟང་བོ་དར་སྤེལ་བཏང་སྟེ། ཆོས་ལུགས་སྡེ་ཡི་འཐུས་ཚབ་མི་སྣའི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱ་དགོས། ཆོས་ལུགས་བསྟན་དོན་གྱི་འགྲེལ་བཤད་གསར་བའི་བཟོ་སྐྲུན་ལག་བསྟར་བྱས་ནས། ཀྲུང་ཧྭའི་ཕུལ་བྱུང་རིག་གནས་ཀྱིས་ཆོས་ལུགས་སིམ་པར་བྱེད་པ་གཏིང་ཟབ་ཏུ་བཏང་སྟེ། ཧུར་ཐག་གིས་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྣེ་ཁྲིད་བྱ་དགོས།

མཐུན་སྒྲིལ་གྱིས་སྟོབས་ཤུགས་འཕེལ། རིག་གནས་ཀྱིས་མི་སེམས་འདུལ། ང་ཚོས་མཐུན་སྒྲིལ་ཆེན་པོས་རིགས་སོ་སོའི་མང་ཚོགས་ཀྱི་སྣེ་ཁྲིད་ནས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་དཔུང་རྡང་གཅིག་ཏུ་བསྒྲིལ་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལང་ཚོའི་མེ་ཏོག་དུས་རྟག་ཏུ་བཞད་དུ་འཇུག་དགོས་ལ། ཞུམ་མེད་མདུན་སྐྱོད་ཀྱི་སྟོབས་ཤུགས་ཕྱོགས་གཅིག་ཏུ་བསྡུས་ཚེ། གསོན་ཤུགས་ལྡན་པའི་ངང་མ་འོངས་པར་ཁ་ཕྱོགས་ཐུབ།

བདུན་པ། བློ་བརྟན་འགྱུར་མེད་ཀྱིས་ཆུ་ཚད་མཐོན་པོའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱ་དགོས།

སྤུས་ལེགས་པའི་སྤྱི་ཚོགས་བཅོས་སྐྱོང་ནི་སྤྱི་ཚོགས་འཆམ་མཐུན་གྱི་སྔོན་འགྲོ་དང་འགན་སྲུང་ཡིན། རྒྱལ་ཁབ་སྤྱིའི་བདེ་འཇགས་ལྟ་བ་ལག་ལེན་མཐའ་འཁྱོལ་དང་། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱེད་ཅིང་། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་ཁ་ཕྱོགས་བྱས་ཏེ། སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་གསར་བ་གཟུག་དགོས། ནུས་ཡོད་ཀྱིས་རྒྱལ་ཁབ་བདེ་འཇགས་འཐབ་ཇུས་གཙོ་གནས་བྱེད་ནུས་ཇེ་དྲག་ཏུ་བཏང་ནས། ཆབ་སྲིད་སྔར་ལས་བདེ་འཇགས་དང་སྤྱི་ཚོགས་སྔར་ལས་བདེ་འགོད། མི་དམངས་སྔར་ལས་བདེ་སྐྱིད་ལྡན་པར་ཁག་ཐེག་བྱ་དགོས།

རྒྱལ་ཁབ་བདེ་འཇགས་མ་ལག་དང་ནུས་པ་འཛུགས་སྐྲུན་ལ་ཤུགས་བསྣན་དགོས། ཕྱོགས་ཡོངས་ནས་ཏང་ཨུས(ཏང་ཙུའུ)རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བྱེད་པའི་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱེད་པ་དང་། གཅིག་བསྡུས་གཅིག་གྱུར་དང་ནུས་མཐོ་དབང་ཤུགས་ལྡན་པའི་རྒྱལ་ཁབ་བདེ་འཇགས་མགོ་ཁྲིད་སྒྲིག་སྲོལ་དང་། རྒྱལ་ཁབ་བདེ་འཇགས་འཁོར་སྐྱོད་རྐྱེན་སྲོལ་འཐུས་སྒོ་ཇེ་ཚང་དུ་གཏང་དགོས། ཆབ་སྲིད་བདེ་འཇགས་གོ་གནས་དང་པོ་རུ་བཞག་སྟེ། ཆབ་སྲིད་དང་རྒྱལ་ཁོངས། དཔལ་འབྱོར། རིག་གནས། སྤྱི་ཚོགས། སྐྱེ་ཁམས་སོགས་ཀྱི་བདེ་འཇགས་གཞི་གཅིག་ཏུ་གྲུབ་པའི་རྒྱལ་ཁབ་བདེ་འཇགས་མ་ལག་གཟུག་དགོས། རྒྱལ་ཁབ་བདེ་འཇགས་ཀྱི་ཉེན་ཁའི་བརྡར་གཅོད་ཞིབ་འཇུག་དང་འགོག་སྡོམ་མཉམ་ལས། སྔོན་འགོག་འདུམ་གཅོད་བཅས་ཀྱི་རྐྱེན་སྲོལ་འཛུགས་སྐྲུན་དང་འཐུས་ཚང་དུ་གཏང་དགོས། མཚོ་སྔོན་མཐའ་བདེ་བོད་བརྟན་གྱི་འཐབ་ཇུས་གོ་གནས་སྲ་བརྟན་དུ་གཏོང་བ་དང་། རྒྱལ་སྲུང་སྐུལ་སློང་སྒྲིག་སྲོལ་བཅོས་སྒྱུར་སྐུལ་འདེད་བཏང་སྟེ། མུ་མཐུད་དུ“ངོ་རྒོལ་གཉིས་དང་སྔོན་འགོག་བཞི”སྤེལ་ཅིང་། ཁྲིམས་ལྟར་དགྲ་འཛིན་སྟོབས་ཤུགས་ཀྱིས་ཁ་བྲལ་སིམ་འཛུལ་བྱེད་པའི་གཏོར་བརླག་བྱ་འགུལ་ལ་རྡུང་རྡེག་བཏང་ནས། མཐའ་གཅིག་ཏུ་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བྱ་དགོས། དྲ་རྒྱའི་བདེ་འཇགས་ནུས་པ་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། གཞི་གྲངས་བདེ་འཇགས་ཇེ་དྲག་ཏུ་གཏང་དགོས། རྒྱལ་ཁབ་བདེ་འཇགས་དྲིལ་སྒྲོག་སློབ་གསོ་དང་རྒྱལ་སྲུང་སློབ་གསོ་སྤེལ་ཏེ། སྤྱི་ཚོགས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་གི་མི་དམངས་འགོག་ར་བརྟན་པོར་གཟུག་དགོས།

ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་བཅོས་སྐྱོང་གསར་སྐྲུན་ལ་སྐུལ་འདེད་གཏང་དགོས། སྤྱི་ཚོགས་བཅོས་སྐྱོང་འདུ་ཤེས་གསར་སྐྲུན་བྱེད་པ་སྟེ། གསོན་ཤུགས་དང་སྒྲིག་ལམ་གྱི་འབྲེལ་བ་དམ་འཛིན་བྱས་ནས། སྤྱི་ཚོགས་ལ་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་གོ་རིམ་ལྡན་པ་ཞིག་ཡོང་དགོས། སྤྱི་ཚོགས་བཅོས་སྐྱོང་སྒྲིག་སྲོལ་གསར་སྐྲུན་བྱེད་པ་སྟེ། ཆབ་སྲིད་སྣེ་ཁྲིད་དང་ཁྲིམས་སྐྱོང་འགན་སྲུང་། སྤྱོད་སྐྱོང་འདུལ་སྦྱོང་། རང་སྐྱོང་རྨང་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། མུ་མཐུད་དུ་སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏང་དགོས། སྤྱི་ཚོགས་བཅོས་སྐྱོང་རྣམ་པ་གསར་སྐྲུན་བྱེད་པ་སྟེ། ཆེད་དོན་བཅོས་སྐྱོང་དང་མ་ལག་བཅོས་སྐྱོང་། ཁྲིམས་ལྟར་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། མགོ་ཁུངས་བཅོས་སྐྱོང་བཅས་ཕན་ཚུན་ཟུང་འབྲེལ་བྱེད་པར་སྐུལ་འདེད་བཏང་ནས། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་དང་དྲ་མིག་ཅན། ཆ་འཕྲིན་ཅན་མཉམ་གཅིག་ཏུ་འདྲེས་པའི་སྤྱི་ཚོགས་བཅོས་སྐྱོང་རྣམ་པ་ཁྱབ་སྤེལ་གཏང་དགོས། ཤང་གྲོང་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གཙོ་གནད་དུ་བཟུང་སྟེ། གཞི་རིམ་བཅོས་སྐྱོང་ནུས་པའི་དེང་རབས་ཅན་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཕྱོགས་ཡོངས་ནས་གྲོང་ཁྱེར་མངའ་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ནུས་པ་དང་ཆུ་ཚད་མཐོར་འདེགས་བཏང་ནས། མ་འོངས་པར་སྡོད་ཁུལ་དུ་རྣམ་པ་གསར་བའི་བཅོས་སྐྱོང་སྡེ་ཚན་གསར་འཛུགས་བྱས་ཏེ། གྲོང་གསེབ་བཅོས་སྐྱོང་མ་ལག་གི་ཚོད་ལྟའི་དཔེ་སྟོན་ས་ཚིགས་འཛུགས་སྐྲུན་ཟབ་སྤེལ་གཏང་དགོས། དུས་རབས་གསར་བའི“ཧྥིན་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བ་དང་། ཏང་སྲིད་མགོ་ཁྲིད་ལས་བྱེད་ཀྱི་གཤམ་སྐྱོད་ཞུ་ཉན་ལམ་ལུགས་བཙུགས་ཏེ། རྩོད་གླེང་འབྱུང་ཁུངས་ནས་ཐག་གཅོད་དང་གཞི་རིམ་དུ་འདུམ་གཅོད་བྱ་དགོས། སྤྱི་ཚོགས་བདེ་སྲུང་འགོག་སྡོམ་མ་ལག་འཐུས་ཚང་དུ་བཏང་ནས། “དཀར་གསལ་བཟོ་སྐྲུན”གྱི་རིམ་འཕར་པར་གཞི་གསར་སྐྲུན་བྱ་དགོས། གཏིང་ཟབ་ཀྱིས་མཚོ་སྔོན་དང་ཟི་ཁྲོན། ཀན་སུའུ་ཡི་འབྲེལ་མཚམས་ས་གནས་ཀྱི་བདེ་འཇགས་དང་དར་སྤེལ་བཟོ་སྐྲུན་སྐུལ་འདེད་གཏང་དགོས། རྒྱུན་རྣམ་རང་བཞིན་གྱིས་ནག་འཇོམས་ངན་སེལ་འཐབ་འཛིང་སྐུལ་འདེད་གཏང་དགོས།

ནུས་ཡོད་ཀྱིས་སྤྱི་པའི་བདེ་འཇགས་ལ་འགན་སྲུང་བྱ་དགོས། སྤྱི་པའི་བདེ་འཇགས་ཀྱི་རྐྱེན་ངན་གྲལ་བཤེར་དང་བདེ་འཇགས་སྔོན་འགོག་ཚོད་འཛིན་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། སྤྱི་པའི་བདེ་འཇགས་དོན་རྐྱེན་མ་བྱུང་གོང་བཀག་འགོག་བྱེད་པར་ཁག་ཐེག་བྱ་དགོས། བདེ་འཇགས་ཐོན་སྐྱེད་མ་ལག་འཐུས་ཚང་དུ་གཏོང་བ་སྟེ། ནན་ཏན་གྱིས་བདེ་འཇགས་ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་སྐུལ་དོ་དམ་དང་ཁྲིམས་བསྟར་ཇེ་དྲག་ཏུ་བཏང་ནས། མཐའ་གཅིག་ཏུ་ཚབས་ཆེ་བའི་དོན་རྐྱེན་ཆེན་པོ་བཀག་འགོག་དང་ནུས་ཡོད་ཀྱིས་སྤྱིར་བཏང་གི་དོན་རྐྱེན་ཇེ་ཉུང་དུ་གཏང་དགོས། ཟས་རིགས་དང་སྨན་རྫས་བདེ་འཇགས་ཀྱི་དེང་རབས་ཅན་བཅོས་སྐྱོང་མ་ལག་འཛུགས་པ་དང་། ཟས་རིགས་དང་སྨན་རྫས་བདེ་འཇགས་གནད་དོན་ཐད“གུ་ཡངས་གཏན་ནས་མེད་པ”ལག་བསྟར་བྱ་དགོས། སྤྱིའི་འཕྲོད་བསྟེན་མ་ལག་འཐུས་ཚང་དུ་གཏོང་བ་དང་། ལྷོད་གཡེང་སྤུ་ཙམ་མེད་པར་རྒྱུན་རྣམ་ཅན་རིམས་ནད་འགོག་སྡོམ་དམ་འཛིན་བྱས་ཏེ། གལ་ཆེའི་རིམས་ནད་འགོག་སྡོམ་སྐྱོབ་བཅོས་མ་ལག་འཛུགས་སྐྲུན་ལ་ཤུགས་བསྣན་དགོས། སྐྱེ་དངོས་བདེ་འཇགས་ཀྱི་ཉེན་ཁ་འགོག་སྡོམ་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། གཉེར་སྟངས་གསར་བའི་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་དང་རྐྱེན་ངན་དག་ཐེར་ཇེ་དྲག་ཏུ་གཏང་དགོས། གནོད་འགོག་གནོད་སེལ་དང་མྱུར་མཁོ་དོ་དམ་མ་ལག་ནུས་པ་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ཏེ། ཕྱོགས་བསྡུས་རང་བཞིན་གྱི་མེ་གསོད་རོགས་སྐྱོབ་རུ་དཔུང་བཅོས་སྒྱུར་སྐུལ་འདེད་གཏོང་བ་དང་། འཐབ་ཇུས་དང་མྱུར་མཁོ་དངོས་རྫས་ཉར་གསོག་ལ་ཤུགས་བསྣན་ནས། གནོད་སྐྱོན་ལ་གདོང་གཏོད་པའི་ཐག་གཅོད་ཀྱི་ཕྱོགས་བསྡུས་ནུས་པ་མཐོར་འདེགས་སུ་གཏང་དགོས།

བདེ་སྡོད་ལས་བརྩོན་ནི་རིགས་སོ་སོའི་མང་ཚོགས་ཀྱི་བསམ་འདུན་ཡིན། ང་ཚོས་ཐོག་མཐའ་བར་གསུམ་དུ“བཅོས་སྐྱོང་ཆེན་པོ”དང“བདེ་འཇགས་ཆེན་པོ”ཡི་འདུ་ཤེས་བརྟན་པོ་བཅངས་ནས། བདེ་འཇགས་དྲ་རྒྱ་འཛུགས་པ་དང་བདེ་འཇགས་ཚོར་བ་མཐོར་འདེགས་སུ་བཏང་སྟེ། མཐོ་སྒང་གི་ཡུལ་གྲུ་སོ་སོ་བདེ་ཞིང་སྐྱིད་ལ་འཆམ་ཞིང་མཐུན་པར་གནས་དགོས།

བརྒྱད་པ། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཚོགས་རིང་ལུགས་དམངས་གཙོ་ཆབ་སྲིད་འཛུགས་སྐྲུན་ལ་སྐུལ་འདེད་གཏང་དགོས།

སྤྱི་ཚོགས་རིང་ལུགས་དམངས་གཙོ་ཆབ་སྲིད་འཛུགས་སྐྲུན་ནི་དེང་རབས་ཅན་འཛུགས་སྐྲུན་གྱི་ཆབ་སྲིད་རྨང་གཞི་ཡིན། ཏང་གི་མགོ་ཁྲིད་དང་མི་དམངས་ཁྱིམ་གྱི་བདག་པོ་ཡིན་པ། ཁྲིམས་ལྟར་རྒྱལ་སྐྱོང་གཅིག་གྱུར་དམ་པོ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། མུ་མཐུད་དུ་འཕེལ་རྒྱས་ཀྱི་གོ་རིམ་ཧྲིལ་པོར་མི་དམངས་དམངས་གཙོ་བྱེད་པ་དང་། གསོན་ཉམས་ལྡན་པ་དང་གཏན་འཇགས་མཐུན་སྒྲིལ་གྱི་ཆབ་སྲིད་རྣམ་པ་སྲ་བརྟན་དང་འཕེལ་རྒྱས་སུ་གཏང་དགོས།

དུས་རབས་གསར་བའི་དམངས་ཆེན་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱ་དགོས། ཏང་གིས་དམངས་ཆེན་བྱ་བར་ཕྱོགས་ཡོངས་ནས་མགོ་ཁྲིད་བྱེད་པར་ཤུགས་སྣོན་པ་དང་། དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས“སྡེ་ཁག་བཞི”ཡི་ངེས་གནས་བླང་བྱ་ལྟར། ཕྱོགས་ཡོངས་ནས་ཁྲིམས་ལྟར་འགན་དབང་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱ་དགོས། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་འཛུགས་བྱ་བའི་རྒྱུ་སྤུས་མཐོར་འདེགས་གཏང་དགོས་ཤིང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་སྤྱི་ཡོངས་དང་གཙོ་གནད་བྱ་བ་སྐུལ་འདེད་གཏོང་བའི་ཁྱད་ཆོས། ཞིབ་ཚགས་ཁྲིམས་འཛུགས་བཅས་དང་དམ་དུ་འབྲེལ་ཏེ། ཁྲིམས་བཟང་བོས་བཅོས་སྐྱོང་ལེགས་པོ་བྱེད་པར་སྐུལ་འདེད་གཏང་དགོས། དམངས་ཆེན་གྱིས་ནུས་ཡོད་སྒོས་དོན་ཚན་གལ་ཆེན་གྱི་ཐག་གཅོད་དབང་ཆ་དང་འདེམ་བསྐོ་བསྐོ་འཐེན་དབང་ཆ་ལག་ལེན་བྱེད་པར་རྒྱབ་སྐྱོར་དང་ཁག་ཐེག་བྱ་དགོས། དམངས་ཆེན་ལྟ་སྐུལ་འགན་ནུས་ཇེ་དྲག་ཏུ་གཏོང་བ་དང་། ལྟ་སྐུལ་རྣམ་པ་གསར་སྐྲུན་བྱས་ཏེ། ལྟ་སྐུལ་གྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཇེ་མཐོར་གཏང་དགོས། འཐུས་མིའི་བྱ་བའི་ཆུ་ཚད་མཐོར་འདེགས་བཏང་ནས་གྲོས་གཞི་གྲོས་འདོན་བྱ་བའི་རྒྱུ་སྤུས་མཐོ་རུ་གཏང་དགོས། ས་གནས་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཛུགས་སྐྲུན་ལ་ཤུགས་བསྣན་དགོས།

དུས་རབས་གསར་བའི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱ་དགོས། ཏང་གིས་མགོ་ཁྲིད་བྱེད་པའི་ཏང་མང་མཉམ་འབྲེལ་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏང་དགོས། མི་དམངས་སྲིད་གྲོས་ཀྱིས་ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་གི་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པར་རྒྱབ་སྐྱོར་བྱས་ནས། གཅིག་མཐུན་ལྟ་བ་སྔར་བས་གོང་བུར་ཆགས་པར་བྱ་དགོས། ཏང་ཁག་དང་ཚོགས་པ་སོ་སོ། མི་རིགས་དང་ལས་རིགས་སོ་སོའི་མི་སྣས་གཏིང་ཟབ་སྒོས་ཏང་གི་གསར་གཏོད་གཞུང་ལུགས་སློབ་སྦྱོང་བྱེད་པར་སྣེ་ཁྲིད་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་མོས་མཐུན་དང་བསམ་བློ་མོས་མཐུན། གཞུང་ལུགས་མོས་མཐུན། བརྩེ་འདང་མོས་མཐུན་ཇེ་ཟབ་ཏུ་གཏང་དགོས། རྒྱུན་མཐུད་ངང་ཆེད་དོན་གྲོས་སྡུར་སྡེ་ཁག་འཛུགས་སྐྲུན་ཟབ་སྤེལ་གཏོང་བ་དང་། ཏང་ཨུས་གནད་དོན་སྟོན་པ་དང་སྲིད་གཞུང་གིས་གནད་དོན་འདོན་པ། སྲིད་གྲོས་ཀྱིས་གནད་དོན་སེལ་བར་དམ་འབྲེལ་བྱས་ཏེ་ཤུགས་བརྒྱབ་ནས། མུ་མཐུད་དུ་གྲོས་སྡུར་དམངས་གཙོའི་ཆུ་ཚད་མཐོར་འདེགས་གཏང་དགོས། མི་དམངས་སྲིད་གྲོས་ཀྱི་རིགས་ཁོངས་དགེ་མཚན་ལ་མཐོང་ཆེན་དང་འདོན་སྤེལ་བྱས་ཏེ། ཨུ་ཡོན་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་བསྣན་དགོས། ཤུགས་ཆེན་པོས་གཞི་རིམ་གྲོས་སྡུར་དམངས་གཙོ་འཕེལ་རྒྱས་གཏང་དགོས།

ཏན་ཏིག་གིས་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་གཏང་དགོས། ཕྱོགས་ཡོངས་ནས་རྩ་ཁྲིམས་ལག་ལེན་མཐའ་འཁྱོལ་བྱེད་པ་དང་། རྩ་ཁྲིམས་ཀྱི་དབང་ཤུགས་དང་ལ་རྒྱར་སྲུང་སྐྱོང་བྱས་ཏེ། ལྷན་གཅིག་ཏུ་ཁྲིམས་སྐྱོང་མཚོ་སྔོན་དང་ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་གཏང་དགོས། ནན་ཏན་གྱིས་གལ་ཆེའི་སྲིད་འཛིན་ཇུས་ཆོད་གོ་རིམ་དོན་འཁྱོལ་བྱེད་པ་དང་། སྲིད་འཛིན་ཕྱོགས་བསྡུས་ཁྲིམས་བསྟར་བྱ་བའི་མ་ལག་འཐུས་ཚང་དུ་གཏོང་ཞིང་། དྲང་བདེན་དཔལ་ཡོན་གྱི་ཁྲིམས་བསྟར་ཚད་ལྡན་དུ་བཏང་སྟེ། འགན་ནུས་མངོན་གསལ་དང་ཁྲིམས་ལྟར་སྲིད་འཛིན་གྱི་བཅོས་སྐྱོང་མ་ལག་གཟུག་དགོས། ཁྲིམས་འཛིན་སྒྲིག་སྲོལ་གྱི་ཕྱོགས་བསྡུས་ཆ་སྒྲིག་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་། ཕྱོགས་ཡོངས་ནས་ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བཏང་སྟེ། ཁྲིམས་འཛིན་ཚོད་འཛིན་ལྟ་སྐུལ་ལ་ཤུགས་བསྣན་ནས། དྲང་བདེན་ཁྲིམས་འཛིན་ལ་སྐུལ་འདེད་གཏང་དགོས། དུས་རབས་གསར་པའི་ཁྲིམས་སྐྱོང་འཇོན་མི་སྐྱེད་སྲིང་ལ་ཤུགས་སྣོན་པ་དང་། “ལྔ་བརྒྱད”ཁྲིམས་ཁྱབ་ཟབ་སྤེལ་གཏོང་ཞིང་། སྤྱིའི་བཅའ་ཁྲིམས་ཞབས་ཕྱིའི་མ་ལག་འཐུས་ཚང་དུ་བཏང་སྟེ། སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་རིག་གནས་དར་སྤེལ་བཏང་ནས། སྤྱི་ཚོགས་ཡོངས་ཀྱིས་ཁྲིམས་བརྩི་བ་དང་ཁྲིམས་སློབ་པ། ཁྲིམས་སྲུང་བ། ཁྲིམས་སྤྱོད་པར་སྐུལ་འདེད་གཏང་དགོས།

ཆེས་ཁྱབ་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏང་དགོས། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་རྒྱུན་འཁྱོངས་བྱས་ཏེ། ཚད་གཞི་ཆེ་ཤོས་ནས་ཧུར་བརྩོན་གྱི་རྒྱུ་རྐྱེན་མཐའ་དག་སྐུལ་སློང་བྱ་དགོས། དམངས་གཙོ་ཏང་ཁག་དང་ཏང་ཕྱིའི་ཤེས་ལྡན་མི་སྣ། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གྲལ་རིམ་གསར་བའི་མི་སྣ། ཕྱི་རྒྱལ་མི་སྣའི་བྱ་བ་ལེགས་པོར་བསྒྲུབས་ཏེ། ཏང་ཕྱིའི་འཐུས་ཚབ་མི་སྣའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཀང་ཨའོ་ཐེ་སྤུན་ཟླ་དང་ཕྱི་རྒྱལ་གྱི་ཕྱི་སྡོད་སྤུན་ཟླའི་མཛའ་མཐུན་འབྲེལ་འདྲིས་མཉམ་འབྲེལ་ཇེ་ཟབ་ཏུ་བཏང་སྟེ། མཐུན་སྒྲིལ་གྱི་ངོས་ཇེ་ཆེ་དང་དཀྱེལ་ཡངས་རང་བཞིན་ཇེ་དྲག་ཏུ་གཏང་དགོས།

ཏང་གི་མང་ཚོགས་ཚོགས་པའི་བྱ་བ་དང་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ལ་ཤུགས་བསྣན་དགོས། ཏང་འཛུགས་སྐྱོང་གིས་མང་ཚོགས་འཛུགས་སྐྱོང་ལ་སྣེ་ཁྲིད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། མང་ཚོགས་ཚོགས་པའི་མཉམ་ལས་ཅན་འཛུགས་སྐྲུན་ཟབ་སྤེལ་བཏང་སྟེ། བཟོ་ཚོགས་དང་གུང་གཞོན་ཚོགས་པ། བུད་མེད་མཉམ་ལྷན་སོགས་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་ཆབ་སྲིད་རང་བཞིན་དང་སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་རྒྱུན་འཁྱོངས་དང་ཇེ་དྲག་ཏུ་བཏང་ནས། ཏང་གིས་མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་འབྲེལ་ཟམ་ནུས་པ་འདོན་སྤེལ་བཟང་བོ་བྱ་དགོས། ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་ལམ་ལུགས་དོན་འཁྱོལ་བྱས་ཏེ། དམག་སྒར་དང་ས་གནས་ལ་མཐུན་སྦྱོར་བྱེད་པ། སེམས་ཤུགས་ཡོད་རྒུས་བཅའ་སྡོད་དམག་མིའི“རྗེས་གསུམ”གནད་དོན་ཐག་གཅོད་བྱས་ནས། དུས་རབས་གསར་བའི་གཉིས་བཀུར་མཉམ་སྐྲུན་གྱི་རྣམ་པ་གསར་བ་གསར་འབྱེད་བྱ་དགོས།

བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་རིན་ཐང་ནི་ལག་ལེན་སྟེང་དུ་ཡོད། ང་ཚོས་སྤྱི་ཚོགས་རིང་ལུགས་དམངས་གཙོའི་ཆབ་སྲིད་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཚེ། སྔར་ལས་ལྷག་པར་ལམ་ལུགས་དགེ་མཚན་དེ་བཅོས་སྐྱོང་ནུས་ཚད་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་མདུན་སྐྱོད་སྟོབས་ཤུགས་སུ་བསྒྱུར་ཐུབ་པ་ཡིན།

དགུ་བ། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་སྤེལ་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས།

སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་སྤེལ་འཕེལ་རྒྱས་མེད་ཚེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མེད། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་དང་། དར་ཆ་སྒྲེང་བ་དང་དམངས་སེམས་བསྡུ་བ། མི་གསར་སྐྱེད་སྲིང་། རིག་གནས་དར་སྤེལ། གཟུགས་བརྙན་མངོན་སྟོན་བྱེད་ཅིང་། ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་དཔལ་ཡོན་ཡར་ཐོན་སྐུལ་འདེད་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྲ་བརྟན་གྱི་བསམ་བློའི་ཁག་ཐེག་དང་མཐའ་མེད་པའི་སྙིང་སྟོབས་སྒུལ་ཤུགས་བསྩལ་དགོས།

སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་གཏང་དགོས། བསམ་བློའི་དར་ཆ་མཐོན་པོར་བསྒྲེངས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མང་ཚོགས་ཀྱི་ཉེ་འགྲམ་དུ་ཐོན་པ་དང་མང་ཚོགས་ཀྱི་སེམས་སུ་ཟུག་པར་སྐུལ་འདེད་གཏོང་བ་དང་། རིགས་སོ་སོའི་མང་ཚོགས་ཀྱིས་གནས་ལུགས་ཀྱི་སྟོབས་ཤུགས་དང་ལག་ལེན་གྱི་སྟོབས་ཤུགས། མི་གཤིས་ཀྱི་སྟོབས་ཤུགས་ཚོར་ཤེས་ཟབ་མོ་སྐྱེས་པར་སྣེ་ཁྲིད་བྱ་དགོས། རྒྱུན་མཐུད་ངང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་སྣེ་ཁྲིད་ནུས་པ་དང་བརླན་སིམ་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་ཞིང་། སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྲུན་བཟོ་སྐྲུན་ལག་བསྟར་བྱས་ཏེ། རྒྱལ་ཁབ་ཀྱི་མཚན་སྙན་བྱས་རྗེས་གཟེངས་བསྟོད་བྱ་དགའ་ཡི་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་། གདམ་འཛུགས་སྐྱེད་སྲིང་དང་སྔོན་ཐོན་དཔེ་མཚོན་དྲིལ་སྒྲོག་བྱས་ནས། མུ་མཐུད་དུ་སྤྱི་ཚོགས་དཔལ་ཡོན་ཚད་ཐིག་མཐོར་འདེགས་གཏང་དགོས། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་གསར་འཛུགས་རྒྱ་བསྐྱེད་གསར་སྐྲུན་དང་། མང་ཚོགས་རིག་གནས་བྱ་འགུལ་ཕུན་སུམ་ཚོགས་པར་གཏོང་ཞིང་། ཁྱབ་རྒྱ་ཆེ་བའི་སྒོ་ནས་དུས་རབས་སྲོལ་གསར་འགུལ་སྐྱོད་དར་སྤེལ་བཏང་སྟེ། གཏིང་ཟབ་སྒོས་སྲོལ་བརྗེ་ལུགས་སྒྱུར་སྐུལ་འདེད་གཏང་དགོས། ཡར་ཐོན་དགེ་བརྩོན་དང་འབད་འབུངས་ཡར་བརྩོན་གྱི་དཔལ་ཡོན་དར་སྲོལ་སྐྱེད་སྲིང་བྱ་དགོས། དམངས་ཡོངས་ཀྱི་དཔེ་ཀློག་ལ་སྐུལ་འདེད་བཏང་སྟེ། ཤེས་ལྡན་མཚོ་སྔོན་འཛུགས་སྐྲུན་བྱ་དགོས། དུས་རབས་གསར་བའི་དཔལ་ཡོན་ལག་བསྟར་ལྟེ་གནས་འཛུགས་སྐྲུན་རྒྱ་བསྐྱེད་ནས། དང་བླངས་པའི་ཞབས་ཕྱི་གསར་སྐྲུན་བྱ་དགོས། ཡིན་རྟོན་མཚོ་སྔོན་འཛུགས་སྐྲུན་དང་ཁྱིམ་ཚང་གི་ཁྱིམ་སློབ་ཁྱིམ་སྲོལ་འཛུགས་སྐྲུན་ལ་ཤུགས་བསྣན་དགོས། གཞོན་ནུ་ལོ་ཆུང་གི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། གཞོན་ནུ་ལོ་ཆུང་གི་བདེ་ཐང་འཚར་ལོངས་ལ་སྐུལ་འདེད་གཏང་དགོས། དཔལ་ཡོན་གྲོང་ཁྱེར་གསར་འཛུགས་ཀྱི་འབྲས་བུ་སྲ་བརྟན་དང་མཐོར་འདེགས་བཏང་སྟེ། སྔར་ལས་ལྷག་པའི་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གསར་འཛུགས་བྱེད་པར་བརྩོན་ལེན་བྱ་དགོས།

འདུ་ཤེས་འཛིན་སྟངས་བྱ་བའི་མགོ་ཁྲིད་དབང་ཆ་དམ་པོར་གཟུང་དགོས། ཏང་གིས་དྲིལ་སྒྲོག་དོ་དམ་བྱེད་པ་དང་ཏང་གིས་འདུ་ཤེས་འཛིན་སྟངས་དོ་དམ་བྱེད་པ། ཏང་གིས་སྨྱན་སྦྱོར་དོ་དམ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ནན་ཏན་གྱིས་འདུ་ཤེས་འཛིན་སྟངས་བྱ་བའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་ཅིང་། འདུ་ཤེས་འཛིན་སྟངས་ཀྱི་ཉེན་ཁའི་འགོག་སྡོམ་དང་མྱུར་མཁོ་ཐག་གཅོད་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། བསམ་བློ་ཆབ་སྲིད་སློབ་ཚན་བཅོས་སྒྱུར་གསར་སྐྲུན་ཟབ་སྤེལ་བྱེད་པ་དང་། དུས་རབས་གསར་བའི་མར་ཁེ་སི་རིང་ལུགས་སློབ་གླིང་འཛུགས་སྐྲུན་ལ་ཤུགས་བསྣན་དགོས། ཁ་བྲལ་ངོ་རྒོལ་དང་སིམ་འཛུལ་ངོ་རྒོལ་འཐབ་འཛིང་གི་དྲིལ་སྒྲོག་སློབ་གསོར་ཤུགས་བསྣན་ཏེ། གནས་ལུགས་ཡོད་པ་དང་ཕན་ཁེ་ཡོད་པ། གོ་རིམ་ཡོད་པའི་སྒོ་ནས་གླེང་ཕྱོགས་འཐབ་འཛིང་སྤེལ་དགོས། སྙིགས་འདོར་དྭངས་འབྱེད་བྱས་ཏེ། “འཆལ་སེལ་ཉེས་རྡུང”བྱ་བ་དང་རིག་གནས་རོལ་རྩེད་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ཟབ་སྤེལ་གཏང་དགོས། སྨྱན་སྦྱོར་ཀུན་འདུས་ཀྱི་བརྒྱུད་སྒྲོག་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས། སྨྱན་སྦྱོར་མཉམ་འདྲེས་གཏིང་ཟབ་ཏུ་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏང་དགོས། “དྭངས་གཙང་དྲ་བ”འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། ཕྱོགས་ཡོངས་ནས་དཔལ་ཡོན་དྲ་སྒྲུབ་དང་དཔལ་ཡོན་དྲ་སྤྱོད། དཔལ་ཡོན་དྲ་འཇུག དཔལ་ཡོན་དྲ་དར་ལ་སྐུལ་འདེད་གཏང་དགོས།

རིག་གནས་ལས་དོན་དང་རིག་གནས་ཐོན་ལས་དར་སྤེལ་གཏང་དགོས། དེང་རབས་སྤྱིའི་རིག་གནས་ཞབས་ཕྱིའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། གྲོང་ཁྱེར་རིག་གནས་འཛུགས་སྐྲུན་ལ་ཤུགས་སྣོན་ཞིང་། གྲོང་གསེབ་རིག་གནས་དར་སྤེལ་ལ་སྐུལ་འདེད་བཏང་ནས། ཤང་གྲོང་མངའ་ཁོངས་ཀྱི་རིག་གནས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་སྤེལ་གཏང་དགོས། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་དང་རྒྱང་སྐྱོད་དང་ལྕགས་རི་རིང་མོ། རྨ་ཆུ། འབྲི་ཆུ་བཅས་ཀྱི་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། རྨ་ཙོང་རིག་གནས་དང་ཁུ་ནུ་རིག་གནས་ཀྱི་རྔམ་མཐུག་ཉར་གསོག་དང་ཕུན་ཚོགས་ནང་དོན་སྔོག་འདོན་བྱས་ཏེ། ཤུགས་རྐྱེན་ནུས་ཤུགས་ཇེ་མཐོར་གཏང་དགོས། མཚོ་སྔོན་དཔལ་ཡོན་འཚོལ་ཁུངས་དང་ཕུལ་བྱུང་མི་རིགས་རིག་གནས་སོགས་ཁྱབ་ཁོངས་ཞིབ་འཇུག་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་བའི་ཀྲུང་ཧྭའི་ཕུལ་བྱུང་རིག་གནས་ཀྱི་མཚོ་སྔོན་སྙིང་སྟོབས་མཚོན་རྟགས་བཙོ་སྦྱང་འགྲེམས་སྟོན་བྱས་ཏེ། “རི་རྫོང་ཆུ་ཁུངས”དང“རབ་མཛེས་མཚོ་སྔོན”གྱི་རིག་གནས་མཚོན་རྟགས་གསར་སྐྲུན་བྱ་དགོས། རྒྱལ་དབང་རིག་རྩལ་ཚོགས་པའི་བཅོས་སྒྱུར་གཏིང་ཟབ་སྤེལ་བ་དང་། གསར་འགྱུར་དཔར་སྐྲུན་དང་རྒྱང་སྒྲོག གློག་བརྙན་འཕྲིན། རྩོམ་རིག་སྒྱུ་རྩལ་སོགས་དར་སྤེལ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏང་དགོས། མཚན་ཉིད་རིག་པ་དང་སྤྱི་ཚོགས་རིག་པ། ཚན་རིག་རིག་པ་བཅས་ཀྱིས་འཕེལ་རྒྱས་ལག་ལེན་སྤྱི་སྡོམ་དང་གཞུང་ལུགས་གསར་སྐྲུན་སྐུལ་འདེད་སྟེང་བྱ་བྱེད་གསར་བ་སྟོན་དགོས། རྣམ་པ་གསར་བའི་རིག་མཛོད་འཛུགས་སྐྲུན་ལ་ཤུགས་བསྣན་དགོས། དེང་རབས་ཁྱད་ལྡན་རིག་གནས་ཐོན་ལས་མ་ལག་འཐུས་ཚང་དུ་བཏང་ནས། སྤུས་ལེགས་རིག་གནས་ཐོན་རྫས་མཁོ་འདོན་རྒྱ་སྐྱེད་དེ། སྔར་ལས་མང་པོའི་ཕུལ་བྱུང་བརྩམས་ཆོས་འགྲེམས་སྤེལ་བྱ་དགོས། ཕྱི་ཕྱོགས་དྲིལ་སྒྲོག་དང་རིག་གནས་འབྲེལ་འདྲིས་ལ་ཤུགས་རྒྱག་དགོས། རིག་དངོས་སྲུང་སྐྱོབ་བེད་སྤྱོད་དང་ཤུལ་བཞག་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་ལ་ཤུགས་བསྣན་དགོས། ཆུ་ཚད་མཐོ་བའི་དམངས་ཡོངས་ལུས་སྦྱོང་ཞབས་ཕྱིའི་མ་ལག་འཛུགས་པ་དང་། སྔར་ལས་ལྷག་པར་རྒྱལ་ཁབ་མཐོ་སྒང་ལུས་རྩལ་སྦྱོང་བརྡར་རྟེན་གཞིའི་ནུས་པ་འདོན་སྤེལ་བྱས་ནས། རྒྱལ་ཡོངས་མི་རིགས་ལུས་རྩལ་འགུལ་སྐྱོད་དཔེ་སྟོན་ས་ཁུལ་བསྐྲུན་དགོས།

སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ནི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་བྱེད་པའི་དེང་རབས་ཅན་ལ་གོ ང་ཚོས་རིག་གནས་ཀྱིས་མི་སེམས་འདུལ་བ་དང་རིག་གནས་ཀྱིས་སྟོབས་ཤུགས་བསྡུ་བ། རིག་གནས་ཀྱིས་ལས་རིགས་དར་བ་རྒྱུན་འཁྱོངས་བྱས་ཚེ། རིག་གནས་ཀྱི་འོད་ཟེར་གྱིས་མཚོ་སྔོན་གྱི་དེང་རབས་ཅན་འཛུགས་སྐྲུན་ལམ་བུར་མཚར་སྡུག་གིས་ཁེངས་པར་བྱེད་པ་ཡིན།

བཅུ་བ། བློ་བརྟན་འགྱུར་མེད་ཀྱིས་ཏང་འཛུགས་སྐྲུན་སྔར་ལས་སྟོབས་ལྡན་དུ་གཏང་དགོས།

དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་གནད་འགག་ནི་ཏང་ཡིན། གནད་འགག་ནི་ཏང་གིས་ཏང་དོ་དམ་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་དགོས། ཏང་ནི་ཆེས་མཐོ་བའི་ཆབ་སྲིད་མགོ་ཁྲིད་ཀྱི་སྟོབས་ཤུགས་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་ནི་ཅི་ཞིག་ཡིན་པ་དང་ཅི་ཞིག་བསྒྲུབ་དགོས་པའི་གཞི་རྩའི་གནད་དོན་ཡིད་ལ་དམ་པོར་གཟུང་དགོས། གཏིང་ཟབ་ཀྱིས་དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་དང་དུས་རབས་གསར་བའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་ལེན་མཐར་ཕྱིན་བྱས་ཏེ། རང་ཉིད་གསར་བརྗེ་ཡི་སྙིང་སྟོབས་ཀྱིས་མུ་མཐུད་དུ་རང་གི་འཛུགས་སྐྲུན་རྒྱུ་སྤུས་མཐོར་འདེགས་གཏོང་བ་དང་། རྒྱུན་མཐུད་ངང་ལས་བྱེད་སྤྱོད་དྲང་དང་སྲིད་གཞུང་སྤྱོད་གཙང་། ཆབ་སྲིད་དྭངས་གཙང་། སྤྱི་ཚོགས་གསལ་དྭངས་ཀྱི་ཆབ་སྲིད་སྐྱེ་ཁམས་ཤིག་བསྐྲུན་དགོས།

དར་ཆ་གསལ་སྒྲེང་གིས་ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་བསྣན་དགོས། ང་ཚོས་མཐའ་གཅིག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གོ་གནས་ལ་སྲུང་སྐྱོང་བྱེད་པ་དང་། མཐའ་གཅིག་ཏུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དབང་ཤུགས་དང་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་ལ་སྲུང་སྐྱོང་བྱས་ཏེ། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་དམ་གསལ་བྱ་དགོས། ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གཟིགས་མཆན་གལ་ཆེན་གྱི་དགོངས་པ་ཆབ་སྲིད་ཀྱི་དོན་ཆེན་དང་ཆབ་སྲིད་ཀྱི་འགན་འཁྲི། ཆབ་སྲིད་ཀྱི་སྒྲིག་ཁྲིམས་སུ་བརྩི་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་། “ཕྱི་མིག་ལྟ་བའི”བྱ་བའི་རྐྱེན་སྲོལ་འཐུས་ཚང་དང་དོན་འཁྱོལ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གཟིགས་མཆན་གལ་ཆེན་ཆད་ལྷག་ཅི་ཡང་མེད་པར་ལག་ལེན་དོན་འཁྱོལ་བྱ་དགོས། ཏང་ནང་གི་ཆབ་སྲིད་འཚོ་བ་གཟབ་ནན་བྱེད་པ་དང་། ནན་ཏན་གྱིས་དམངས་གཙོ་གཅིག་བསྡུས་ལམ་ལུགས་དང་དོན་ཚན་གལ་ཆེན་སྙན་ཞུ་བྱེད་པའི་ལམ་ལུགས་ལག་བསྟར་བྱས་ཏེ། དུས་རབས་གསར་བའི་ཏང་ནང་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཚོ་སྔོན་ནས་མཐའ་གཅིག་ཏུ་སྲིད་བཀའ་ཐོགས་མེད་དང་བཀའ་སྒྲུབ་ཁྲིམས་བརྩི་བྱེད་ཐུབ་པར་ཁག་ཐེག་བྱ་དགོས།

ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་དགོས། ང་ཚོས་གཏིང་ཟབ་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། དུས་བསྟུན་འཕེལ་རྒྱས་ངང་ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏང་དགོས། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་ཏང་ཡོན་ལས་བྱེད་ཀྱི་བྱ་བའི་མ་ལག་ལ་དྲག་ཆས་སྤྲས་ནས། གསོ་སྦྱོང་དང་རེས་སྐོར་གསོ་སྦྱོང་ལམ་ལུགས་དོན་འཁྱོལ་བྱ་དགོས། ཏང་ཡོན་མགོ་ཁྲིད་ལས་བྱེད་པས་དུས་ཐོག་ཏུ་སློབ་སྦྱོང་བྱས་ནས་གོ་བ་ལེན་པ་དང་ཏང་ཨུ(ཏང་ཙུའུ)ཚོགས་འདུའི་གྲོས་དོན་དང་པོ་ཞིབ་འཇུག་དོན་འཁྱོལ་ལམ་ལུགས་འཐུས་ཚང་དུ་གཏང་དགོས། ཕུགས་བསམ་དད་མོས་བརྟན་པོ་བྱེད་པ་ཏང་གི་བསམ་བློ་འཛུགས་སྐྲུན་གྱི་འགན་འཁྲི་ཐོག་མ་ཡིན་པ་དང་། ཏང་ལ་བློ་དཀར་བའི་སློབ་གསོར་ཤུགས་སྣོན་ཞིང་། གསར་བརྗེ་ཐོན་ཁུངས་ལེགས་པར་སྤྱད་དེ། གུང་ཁྲན་ཏང་མིའི་སྙིང་སྟོབས་རྩ་ལག་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། ཏང་ཡོན་ལས་བྱེད་ཀྱིས་ཏང་གི་དམིགས་འབེན་ཡིད་ལ་དམ་པོར་འཛིན་པར་སྣེ་ཁྲིད་བྱས་ནས། གུང་ཁྲན་རིང་ལུགས་ཀྱི་རྒྱང་རིང་ཕུགས་འདུན་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་འདུན་བརྟན་པོར་གཟུག་དགོས། རྒྱུན་རྣམ་ཅན་གྱི་ཕུགས་ཕན་རང་བཞིན་གྱི་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། མུ་མཐུད་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏང་དགོས།

སྤུས་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་དཔུང་སྡེ་གཟུག་དགོས། ང་ཚོས་ཏང་གིས་ལས་བྱེད་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། དུས་རབས་གསར་བའི་ལས་བྱེད་བཟང་བོའི་ཚད་གཞི་རྒྱུན་འཁྱོངས་བྱེད་ཅིང་། “སྐྱེད་སྲིང་འདེམས་སྒྲུག་དོ་དམ་བཀོལ་སྤྱོད”བྱ་བ་ལེགས་སྒྱུར་བྱས་ཏེ། ཆབ་སྲིད་སྤུས་ཚད་རྟོག་ཞིབ་དཔྱད་ཞིབ་དང་འབྲས་བུ་དཔྱད་ཞིབ་འབུར་ཐོན་བྱས་ནས། རྗེས་རབས་སྐྱེད་སྲིང་གི་རྩ་བའི་ཇུས་ཆེན་དམ་འཛིན་བྱ་དགོས། རྒྱལ་ཡོངས་ཏང་སྲིད་མགོ་ཁྲིད་དཔུང་སྡེ་འཛུགས་སྐྲུན་གྱི་འཆར་འགོད་རྩ་གནད་དོན་འཁྱོལ་བྱེད་པ་དང་། ཏང་སྲིད“མགོ་ཁྲིད་དང་པོ”སྐྱེད་སྲིང་བཟོ་སྐྲུན་ལ་སྐུལ་འདེད་བཏང་སྟེ། མུ་མཐུད་དུ་དཔུང་སྡེ་གྲུབ་ཚུལ་ལེགས་སྒྱུར་བྱས་ནས། སྤྱི་ཡོངས་བྱེད་ནུས་ཇེ་མཐོར་གཏང་དགོས། ལས་བྱེད་པའི་ཆེད་ལས་ཅན་ནུས་པ་མཐོར་འདེགས་འཆར་གཞི་ལག་བསྟར་བྱ་དགོས། ཤུགས་ཆེན་པོས་ཕུལ་བྱུང་ན་གཞོན་ལས་བྱེད་ཤེས་རྟོགས་དང་སྐྱེད་སྲིང་། གདམ་གསེས་བཅས་བྱས་ཏེ། ན་གཞོན་ལས་བྱེད་པའི་སློབ་གསོའི་དོ་དམ་ལྟ་སྐུལ་ལ་ཤུགས་བསྣན་དགོས། གཅིག་གྱུར་འཆར་འགོད་ཀྱིས་བུད་མེད་ལས་བྱེད་པ་དང་གྲངས་ཉུང་མི་རིགས་ལས་བྱེད་པ། ཏང་ཕྱིའི་ལས་བྱེད་པ་སྐྱེད་སྲིང་དམ་དུ་གཟུང་དགོས། གོམ་གང་མདུན་སྤོས་ཀྱིས་ལས་བྱེད་པའི་ཁག་འཁུར་དང་བྱས་རྗེས་འཇོག་སེམས་སྐུལ་སློང་བྱེད་པ་དང་། ལས་བྱེད་པའི་གོང་འོག་གཉིས་འཕེར་གྱི་ལམ་ལུགས་རྐྱེན་སྲོལ་ལ་སྐུལ་འདེད་གཏོང་ཞིང་། གཞི་རིམ་ལས་བྱེད་པ་སྟེ་ལྷག་པར་དཀའ་ཚེགས་ཆེ་བའི་ས་ཁུལ་གྱི་ལས་བྱེད་པར་སེམས་ཁུར་དང་གཅེས་སྤྲས་བྱ་དགོས། གཞུང་ཞབས་པའི་རིགས་དབྱེ་དོ་དམ་ལ་སྐུལ་འདེད་གཏང་དགོས། དུས་རབས་གསར་བའི་ལས་བྲལ་ངལ་གསོ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པའི་བྱ་བར་ཤུགས་བསྣན་དགོས། གཏིང་ཟབ་ཀྱིས་འཇོན་མིས་ཞིང་ཆེན་སྟོབས་ལྡན་དུ་བསྒྱུར་བའི་འཐབ་ཇུས་ལག་ལེན་དང་། འཇོན་མིའི་འཕེལ་རྒྱས་ཀྱི་སྒྲིག་སྲོལ་རྐྱེན་སྲོལ་བཅོས་སྒྱུར་ཟབ་སྤེལ་གཏོང་ཞིང་། འཇོན་མིའི་རྒྱབ་སྐྱོར་སྐྱེད་སྲིང་གི་གཞི་རྩའི་ཞིབ་འཇུག་ལ་ཤུགས་སྣོན་པ། “ཁུ་ནུ་འཇོན་མིའི”འགུལ་སྐྱོད་དམ་འཛིན་བྱེད་པ་དང་། ཤུགས་ཆེན་པོས་ལག་རྩལ་རིགས་དང་དོ་དམ་རིགས་ཀྱི་འཇོན་མི་སྐྱེད་སྲིང་བྱས་ཏེ། སྔར་ལས་ལྷག་པར་མཚོ་སྔོན་རོགས་སྐྱོར་ལས་བྱེད་འཇོན་མིའི་ནུས་པ་འདོན་སྤེལ་བྱས་ནས། སྐྱེད་སྲིང་བྱེད་ཐུབ་པ་དང་ནང་འདྲེན་བྱེད་ཐུབ་པ། ལེགས་པོར་བཀོལ་ཐུབ་པ། འདུག་ཏུ་འཇུག་ཐུབ་པ་བཅས་བྱ་དགོས།

གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ཕྱོགས་ཡོངས་ནས་གོང་འཕེལ་དང་ཕྱོགས་ཡོངས་ནས་བརྟན་བརླིང་ཡོང་བར་སྐུལ་འདེད་གཏང་དགོས། ང་ཚོས་གཞི་རིམ་དམ་འཛིན་གྱི་མངོན་གསལ་ཁ་ཕྱོགས་བརྟན་པོར་འཛུགས་པ་དང་། རྩ་འཛུགས་ཤེད་ཤུགས་མཐོར་འདེགས་གཙོ་གནད་དུ་བཟུང་སྟེ། གོང་འོག་འབྲེལ་མཐུད་དང་ནུས་ཡོད་ལག་བསྟར་གྱི་རྩ་འཛུགས་མ་ལག་དམ་ཚགས་དང་སྟོབས་ལྡན་དུ་གཏང་དགོས། “རྩ་འཛུགས་མ་ལག་འཛུགས་སྐྲུན་བྱེད་པའི་ལོ་གསུམ་གྱི་འགུལ་སྐྱོད”ཀྱི་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་བཏང་ནས། གཞི་རིམ་ཏང་རྩ་འཛུགས་ཚད་གཞི་ཅན་དང་ཚད་ལྡན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏང་དགོས། ཏང་འཛུགས་སྐྱོང་གིས་གྲོང་གསེབ་དར་སྤེལ་སྐུལ་འདེད་གཏོང་བ་ཟབ་སྤེལ་བྱས་ཏེ། གྲོང་གསེབ་དཔུང་སྡེའི་ནུས་པ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། རྒྱུན་རྣམ་རང་བཞིན་གྱིས་ནུས་མེད་ལྷོད་གཡེང་གི་གཞི་རིམ་ཏང་རྩ་འཛུགས་ཀྱི་གྲལ་བཤེར་དག་ཐེར་སྤེལ་དགོས། ནན་ཏན་གྱིས་གཞི་རིམ་ཏང་འཛུགས་སྐྱོང་བྱ་བའི་འགན་འཁྲི་ལམ་ལུགས་དོན་འཁྱོལ་བྱེད་པ་དང་། གཅིག་གྱུར་འཆར་འགོད་ཀྱིས་གྲོང་ཁྱེར་དང་ཞིང་སྡེ། སྡེ་ཁག ཁེ་ལས། ལས་དོན། “གསར་གཉིས”སོགས་མངའ་ཁོངས་སོ་སོའི་གཞི་རིམ་ཏང་འཛུགས་སྐྱོང་གི་གོ་གནས་རིམ་འཕར་བྱེད་པར་སྐུལ་འདེད་བཏང་སྟེ། ཆབ་སྲིད་ཀྱི་འགག་སྒོ་དང་གོ་རིམ་གྱི་འགག་སྒོ། སྐྱེད་སྲིང་འགག་སྒོ་དམ་སྲུང་བྱ་དགོས་ཤིང་། ཏང་ཡོན་གྱི་སྤུས་ཚད་མཐོར་འདེགས་བཏང་ནས། ཏང་གི་ངག་ལ་ཉན་པ་དང་དད་མོས་བརྟན་པོ། སྤུས་ཚད་ལེགས་པོ། སྒྲིག་ཁྲིམས་དམ་གསལ། ནུས་པ་འབུར་ཐོན་ཡིན་པའི་ཏང་ཡོན་དཔུང་སྡེ་གཟུག་དགོས།

རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྤྱོད་བཟང་སྒྲིག་ནན་བྱ་དགོས། ང་ཚོས་ཏང་ཡོན་དང་ལས་བྱེད་པར་ཀུན་སྤྱོད་ཆེན་པོ་ཤེས་པ་དང་སྤྱི་པའི་སྤྱོད་བཟང་བརྩི་སྲུང་། སྒེར་གྱི་ཀུན་སྤྱོད་གཟབ་ནན་བྱེད་པར་སྣེ་ཁྲིད་པ་དང་། ཐོག་མཐའ་བར་གསུམ་དུ་གུང་ཁྲན་ཏང་མིའི་ཆབ་སྲིད་རང་གཤིས་རྒྱུན་འཁྱོངས་བྱས་ཏེ། ཡང་དག་པའི་ཆབ་སྲིད་གྲུབ་འབྲས་ཀྱི་ལྟ་བ་གཟུག་དགོས། རྒྱུན་མཐུད་ངང་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་པ་དོན་འཁྱོལ་བྱས་ནས། རྒྱུན་ཆད་མེད་པར“སྤྱོད་ཚུལ་བཞི”ཡོ་བསྲང་བཅོས་སྐྱོང་བྱ་དགོས། ནན་ཏན་གྱིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་མི་བྱེད་པའི་བྱ་སྤྱོད་ཚང་མ་དང་། མི་བདེན་རྫུན་བཟོ་དང་མངོན་བརྩི་ལྐོག་འགལ། བབ་བསྟུན་བཅོས་སྒྱུར། ཆད་ལྷག་ཤོར་བ། གདམ་གསེས་རང་བཞིན་གྱིས་ལག་བསྟར་བྱེད་པའི་བྱ་སྤྱོད་ཚང་མ། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་བཟོ་བ་དང་གཞི་རིམ་གྱི་འགན་འཁུར་ཇེ་ལྕིར་གཏོང་བ། མིག་མཛེས་ནང་སྟོང་གི་ཕྱི་ཚུལ་རིང་ལུགས་དང་དཔོན་ངན་རིང་ལུགས་སྣང་མེད་དུ་འཇོག་པ། ཆོས་ཉིད་ལ་བརྩི་སྲུང་མི་བྱེད་པ་དང་ཕྱི་རོལ་དོན་དངོས་ལ་བརྩི་སྲུང་མི་བྱེད་པའི་བྱ་སྤྱོད་ཚང་མ། ཕན་ཚུན་ཁག་དཀྲི་དང་ལས་འགན་སྣང་མེད། གོང་འཕེལ་གྱི་སེམས་མེད་པའི་བྱ་སྤྱོད་ཚང་མ། མང་ཚོགས་ཀྱི་མདུན་དུ་རྫིག་ཉམས་སྟོན་ཞིང་། གོང་རིམ་གྱི་མདུན་དུ་ལས་ཁུལ་བྱེད་བཞིན་བྱ་བའི་ལས་འགན་སྟེང་ཉི་མ་འཁྱོལ་ཐབས་བྱེད་པའི་བྱ་སྤྱོད་ཚང་མར་གུ་ཡངས་གཏན་ནས་མེད་པར་ངེས་པར་མཐའ་གཅིག་ཏུ་བཅོས་སྐྱོང་བྱ་དགོས། གཏིང་ཟབ་ཀྱིས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་དང་གྲོང་གསེབ་དར་སྤེལ་གཉིས་ཀྱི་ཆེད་དོན་ལྟ་སྐུལ་ནུས་ཡོད་ཀྱིས་འབྲེལ་མཐུད་བྱེད་པར་སྲ་བརྟན་དང་རྒྱ་སྐྱེད་བྱས་ཏེ། ཏན་ཏིག་གིས་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་སྐུལ་འདེད་གཏང་དགོས།

རུལ་སུངས་ངོ་རྒོལ་འཐབ་འཛིང་གི་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་སྲ་བརྟན་འཕེལ་རྒྱས་སུ་གཏང་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པ་ནི་རང་ཉིད་གསར་བརྗེ་ངོ་མ་དེ་ཡིན། ང་ཚོས་རུལ་མི་ཕོད་པ་དང་རུལ་མི་ཐུབ་པ། རུལ་མི་འདོད་པའི་གཞི་གཅིག་སྐུལ་འདེད་རྒྱུན་འཁྱོངས་བྱེད་པ་དང་། རུལ་སུངས་རྡུང་རྡེག་དང་ལམ་ལུགས་ཚོད་གཅུན། ངེས་ཤེས་མཐོར་འདེགས་གཞི་གཅིག་ཤུགས་འདོན་རྒྱུན་འཁྱོངས་བྱས་ཏེ། ལྟ་སྐུལ་དང་ཡོ་བསྲང་། བཅོས་སྐྱོང་གི་འཁོར་སྐྱོད་ལེགས་པོ་ཞིག་གྲུབ་ཏུ་བཅུག་ནས། མཐའ་གཅིག་ཏུ་རུལ་སུངས་ངོ་རྒོལ་འཐབ་འཛིང་གི་མཁྲེགས་གཏོར་དམག་འཁྲུག་དང་ཡུན་རིང་དམག་འཁྲུག་ལས་རྣམ་པར་རྒྱལ་དགོས། གཙོ་གནད་ཁྱབ་ཁོངས་དང་གནད་འགག་བྱ་རིམ་ལ་དམ་དུ་དམིགས་ཤིང་། མཐའ་གཅིག་ཏུ་རུལ་སུངས་གྱོད་གཞི་ཚབས་ཆེན་རྩད་གཅོད་བྱེད་པ་དང་། མཐའ་གཅིག་ཏུ “ཡོད་པ་བདུན”གྱི་གནད་དོན་སྔོན་འགོག་རྩད་གཅོད་བྱས་ཏེ། རུལ་སུངས་ཉེས་ཅན་གནས་ས་དང་ཐར་ས་མེད་པ་ཞིག་ཏུ་གཏང་དགོས། གནད་འཁེལ་གྱིས“རྣམ་པ་བདུན”བཀོལ་སྤྱོད་དང་ལྟ་སྐུལ། སྒྲིག་ཁྲིམས་ལག་བསྟར་བཅས་བྱེད་པ་དང་། ནན་ཏན་གྱིས“དབྱེ་འབྱེད་གསུམ”དོན་འཁྱོལ་བྱས་ཏེ། དོ་དམ་ནན་མོ་དང་བརྩེ་བ་ཟབ་མོ་ཟུང་འབྲེལ། སྐུལ་སློང་དང་ཚོད་གཅུན་མཉམ་དུ་གལ་ཆེར་འཛིན་པ་བསྒྲུབ་ཐུབ་དགོས། ལམ་ལུགས་རྐྱེན་སྲོལ་འཛུགས་སྐྲུན་ཤུགས་དྲག་ཏུ་གཏོང་བ་དང་། དཔེ་བརྟེན་བཅོས་སྐུལ་ཟབ་སྤེལ་བྱས་ཏེ། རིམ་དགར་རིགས་དགར་གྱི་ཉེན་བརྡའི་སློབ་གསོ་སྤེལ་ཞིང་། སྤྱོད་གཙང་རིག་གནས་འཛུགས་སྐྲུན་བྱས་ཏེ། “སྤྱོད་གཙང་མཚོ་སྔོན”འཛུགས་སྐྲུན་འགུལ་སྐྱོད་སྤེལ་དགོས། ཆབ་སྲིད་ཀྱི་སྐོར་ཞིབ་ངེས་གནས་རྒྱུུན་འཁྱོངས་བྱེད་པ་དང་། སྐོར་གཟིགས་སྐོར་ཞིབ་ཀྱི་གོང་འོག་མཉམ་སྐུལ་ལ་ཤུགས་བསྣན་ཏེ། ཏང་ནང་ལྟ་སྐུལ་དེ་གཞན་གྱི་རིགས་སོ་སོའི་ལྟ་སྐུལ་དང་འབྲེལ་མཐུད་མཉམ་འདྲེས་བྱེད་པར་སྐུལ་འདེད་བཏང་ནས། ཕྱོགས་བསྡུས་ལྟ་སྐུལ་ནུས་ཚད་ཇེ་མཐོར་གཏང་དགོས། སྒྲིག་བཤེར་ལྟ་ཞིབ་སྒྲིག་སྲོལ་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་། “མགོ་ཁྲིད་དང་པོ”དང་མགོ་ཁྲིད་དཔུང་སྡེའི་ལྟ་སྐུལ་ལ་ཤུགས་བསྣན་ཏེ། དོན་དངོས་ཀྱིས་ཏང་གི་རང་ཉིད་གཙང་བཅོས་དང་རང་ཉིད་འཐུས་ཚང་། རང་ཉིད་གསར་བཅོས། རང་ཉིད་མཐོར་འདེགས་ཀྱི་ནུས་པ་ཇེ་མཐོར་གཏང་དགོས།

རང་ཉིད་གསར་བརྗེ་ནི་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཉམས་མྱོང་ཡིན། ཏང་བཙུགས་ཏེ་ལོ་བརྒྱ་འཁོར་བའི་མགོ་བརྩམ་ས་གསར་བ་དེ་རུ་འགྲེང་ཚེ། ང་ཚོས་བློ་སྤོབས་ཆེན་པོས་རང་ཉིད་གསར་བརྗེ་བྱེད་ཕོད་དེ། འཐབ་འཛིང་སྙིང་སྟོབས་དར་སྤེལ་དང་འཐབ་འཛིང་འཇོན་ནུས་ཇེ་མཐོར་གཏོང་ཐུབ་ཚེ། ཏང་འཛུགས་སྐྲུན་སྔར་ལས་ལྷག་པར་སྲ་བརྟན་དུ་གཏོང་ཐུབ་ཁོ་ཐག་ཡིན་ལ། དུས་རྟག་ཏུ་གསོན་ཤུགས་ཀྱི་དཔལ་འབར་ཞིང་འཐབ་ཤུགས་ཀྱི་སྟོབས་ལྡན་ངེས་ཡིན།

ལང་ཚོ་ཡིས་རེ་བ་ཁྲི་ཕྲག་སྟེར་ཞིང་། གཞོན་ནུ་ཡིས་སྔར་ལས་མཛེས་པའི་སང་ཉིན་བསྐྲུན་ཐུབ། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་དམ་པོར་འཛིན་པ་དང་། ཕུགས་འདུན་དད་མོས་བརྟན་འཛུགས་བྱས་ཏེ། རང་འགུལ་གྱིས་འགན་འཁྲི་ལྕི་མོ་ཕྲག་ཏུ་ལེན་དགོས། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་པ་དང་། གོང་འཕེལ་བརྩོན་ལེན་བྱེད་ཅིང་ནུས་ཤུགས་ཕྱོགས་བསྡུས་བྱས་ཏེ། རང་གི་ལྷག་བསམ་དྲོན་མོ་དེ་མཐོ་སྒང་ས་ཆེན་སྟེང་ཕངས་མེད་དུ་ཕུལ་ནས། ལང་ཚོའི་མེ་ཏོག་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་སྟེང་རྣམ་པར་བཞད་དུ་འཇུག་དགོས།

བློ་མཐུན་རྣམ་པ། ལོ་བརྒྱའི་འབད་འཐབ་ལ་ཕྱིར་ལྟ་ཞིག་བྱས་ཚེ། ཏང་གིས་མཚོ་སྔོན་མི་དམངས་ལ་མགོ་ཁྲིད་དེ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འཕོ་འགྱུར་བྱུང་ཡོད་པས། ང་ཚོ་ང་རྒྱལ་ཆེན་པོ་སྐྱེས་འོས། མ་འོངས་པའི་བགྲོད་ལམ་ལ་རྒྱང་ལྟ་བྱས་ཚེ། ང་ཚོ་བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་པའི་ཁ་ཕྱོགས་ལ་ཧུར་བརྩོན་དང་སྤོབས་པས་མདུན་སྐྱོད་བྱས་པས་ན། མཚོ་སྔོན་གྱིས་འོད་སྟོང་འབར་བའི་འབྱུང་འགྱུར་ཞིག་བསུ་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད། འདི་ལྟ་བུའི་རླབས་ཆེན་གྱི་དུས་རབས་ཤིག་ཏུ་སྐྱེས་པ་ནི་ང་ཚོའི་ལས་བསོད་ཡིན་ལ། འདི་ལྟ་བུའི་རླབས་ཆེན་གྱི་དུས་རབས་ཤིག་སྟོང་ཟད་དུ་མི་གཏོང་རྒྱུ་ནི་ང་ཚོའི་བཟློག་མེད་ཀྱི་འགན་འཁྲི་ཡིན། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་རང་འགུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་དད་མོས་བརྟན་པོ་བྱེད་མཁན་དང་རྣམ་དག་གི་ལག་ལེན་པ་བྱེད་པ་དང་། སྟོང་ལབ་ཀྱིས་རྒྱལ་ཁབ་རྒུད་པ་དང་དངོས་སྒྲུབ་ཀྱིས་རྒྱལ་ཁབ་དར་བ་ཡིད་ལ་དམ་པོར་བཟུང་སྟེ། མི་དམངས་ལ་འགན་འཁུར་བའི་ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་བརྩེ་སེམས་ཇེ་དྲག་དང་། བླ་ན་མེད་པའི་བསམ་བློའི་རྟོགས་པ་བརྩོན་ལེན། མཐོ་ཞིང་བརྟན་པའི་འགན་འཁུར་ནུས་པ་ཇེ་དྲག་ཏུ་གཏང་དགོས། གསར་འབྱེད་ཡར་བརྩོན་དང་ནམ་ཡང་སྒྱིད་ལུག་མི་བྱེད་པའི་འབད་འཐབ་སྙིང་སྟོབས། སྐར་ཆ་བརྩོན་ལེན་དང་སྙིང་སྟོབས་ཆེར་བསྐྱེད་ཀྱི་དཔའ་ངར་ཉམས་འགྱུར། སོང་ན་རྐང་རྗེས་ཡོད་ཅིང་སྒྲུབ་ན་འབྲས་བུ་སྨིན་པའི་བྱ་བའི་སྤྱོད་སྟངས་བརྟན་པོ་གཟུག་དགོས། ཧུར་ཐག་གིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སོ་སོ་མགྱོགས་མྱུར་ངང་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་དུ་བསྒྱུར་ཏེ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་སྤྲོད་དགོས། ང་ཚོ་སྔར་ལས་ལྷག་པར་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་བརྟན་པོ་བྱས་ཏེ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་འཆང་ཞིང་། སྟོབས་ཤུགས་ཆེར་བསྐྱེད་དང་སྤོབས་པས་མདུན་སྐྱོད་བྱ་དགོས་ལ། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་བ་འཚོགས་པར་བསུ་མ་བྱེད་པ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་བྲི་དགོས་ལ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱ་དགོས་སོ། །