༄༅། །མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱི་2021ལོའི་ནགས་ལས་ཀྱི་གནོད་ལྡན་སྐྱེ་དངོས་འགོག་སྡོམ་གྱི་དམིགས་འབེན་འགན་འཁྲིར་དཔྱད་ཞིབ་བྱས་པའི་གནས་ཚུལ་སྐོར་གྱི་བརྡ་ཁྱབ།

མཚོ་སྲིད་གཞུང་ལས་འཕྲིན〔2022〕ཨང28པ།

གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་ནགས་རྩྭ་ཅུས། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་བཅས་ལ།

2021ལོར་ས་ཁུལ་སོ་སོས་ནགས་ལས་ཀྱི་གནོད་ལྡན་སྐྱེ་དངོས་གཙོ་གྲས་འགོག་སྡོམ་བྱེད་པའི་སྲིད་འཛིན་མགོ་ཁྲིད་ཀྱི་འགན་འཁྲིའི་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཤིང། སྲིད་གཞུང་གིས་གཙོ་ཁྲིད་དང་སྡེ་ཁག་གིས་མཉམ་ལས་བྱེད་པའི་རྐྱེན་སྲོལ་སྔར་བས་འཐུས་ཚང་དུ་བཏང་བ་དང། འགོ་སྡོམ་གྱི་ལས་འགན་རིམ་པ་བཞིན་དོན་འཁྱོལ་བྱས་ཐོག སེམས་ཞིབ་མོས་རྩ་འཛུགས་དང་བཀོད་སྒྲིག་ཞིབ་ཚགས། གཙོ་གནད་འབུར་ཐོན། དོན་འཁྱོལ་ནན་འཛིན་བཅས་བྱས་ནས་ཞིང་ཆེན་ཡོངས་ཀྱི་ནགས་ལས་སྐྱེ་དངོས་ཀྱི་གནོད་འཚེ་སྔོན་འགོག་ལ་གྲུབ་འབྲས་མངོན་གསལ་ཐོབ་པ་དང། ཞིང་ཆེན་ཡོངས་སུ་ཕྱི་ནས་ཡོང་བའི་ནགས་ལས་ཀྱི་གནོད་ལྡན་སྐྱེ་དངོས་གཙོ་གྲས་ནང་དུ་ཁྱབ་པ་དང་ཚོད་འཛིན་མི་ཐུབ་པའི་གནོད་འཚེའི་གནས་ཚུལ་བྱུང་མེད། ལོ་ཧྲིལ་པོར་ནགས་ལས་ཀྱི་གནོད་ལྡན་སྐྱེ་དངོས་འགོག་སྡོམ་རྒྱ་ཁྱོན་མུའུ་ཁྲི287.9ལེགས་འགྲུབ་བྱས་པ་དང། གནོད་མེད་འགོག་བཅོས་བྱས་ཚད97.44%ཟིན་ཞིང། གནོད་འཚེ་ཕོག་པའི་རྒྱ་ཁྱོན་མུའུ་ཁྲི0.12ཡོད་པ་ལས་གནོད་འཚེ་བྱུང་ཚད1ལ་མར་ཆག་པས・5ཡི་ཚོད་འཛིན་དམིགས་ཚད་ལས་དམའ་རེད། སྡོང་ཕྲུག་ཐོན་ཁུལ་དུ་རིམས་བཤེར་བྱས་པའི་རྒྱ་ཁྱོན་མུའུ་ཁྲི11.23ཡོངས་འགྲུབ་བྱས་ནས་ཐོན་ཁུལ་དུ་རིམས་བཤེར་བྱས་ཚད100%ལ་སླེབས་ཡོད། གསོམ་སྡོང་དང་དེའི་གྲུབ་རྫས་ལ་བསྐྱར་ཞིབ་བྱས་ཚད100%ཟིན་ཡོད། ནགས་ལས་ཀྱི་གནོད་ལྡན་སྐྱེ་དངོས་གཙོ་གྲས་འབྱུང་བའི་རྒྱ་ཁྱོན་སྔོན་དཔག་བྱས་པ་ཡང་དག་གི་ཚད96.97%ཟིན་པས། ཞིང་ཆེན་སྲིད་གཞུང་གིས་སྤྲད་པའི་འགོག་སྡོམ་གྱི་དམིགས་འབེན་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་ཡོད།

གྲོང་ཁྱེར་དང་ཁུལ་སོ་སོས་སྲིད་གཞུང་གིས2021ལོའི་ནགས་ལས་ཀྱི་གནོད་ལྡན་སྐྱེ་དངོས་འགོག་སྡོམ་དམིགས་འབེན་དོ་དམ་གྱི་འགན་འཁྲི་བསྒྲུབས་ཚུལ་ལ་ཕྱོགས་བསྡུས་སྒོས་དཔྱད་བསྡུར་བྱས་པའི་མཇུག་འབྲས་ལ་གཞིགས་ཏེ། བསྡུར་གྲུབ་འབྲས་ཨང་དང་པོ་ནས་གསུམ་པའི་བར་གྱི་རྨ་ལྷོ་ཁུལ་སྲིད་གཞུང་དང། ཟི་ལིང་གྲོང་ཁྱེར་སྲིད་གཞུང། མཚོ་ཤར་གྲོང་ཁྱེར་སྲིད་གཞུང་བཅས་ལ་བརྡ་ཁྱབ་བཏང་ནས་བསྟོད་བསྔགས་བྱས་པ་ཡིན།

2022ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་དང་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བ་འཚོག་པའི་ལོ་ཡིན་ལ། “ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་པའི་འགག་གི་ཞིག་ཀྱང་ཡིན་པས། བྱ་བ་སྣ་ཚོགས་སོ་སོ་ལེགས་པོར་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཡོད། གཟེངས་བསྟོད་ཐོབ་པའི་ས་ཁུལ་གྱིས་ང་རྒྱལ་སོགས་སྤངས་ནས་ཡང་འབད་བསྐྱར་འབད་ཀྱིས་བྱ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོར་འདེགས་གཏང་དགོས། ས་ཁུལ་ས་སོས་གཟེངས་བསྟོད་ཐོབ་པའི་ས་ཁུལ་མིག་དཔེར་བཟུང་ནས། འགན་འཁྲིའི་འདུ་ཤེས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་བཏང་སྟེ། རྩ་འཛུགས་དང་མགོ་ཁྲིད་ཐད་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་པ་དང། འགོག་སྡོམ་གྱི་འགན་འཁྲི་དོན་འཁྱོལ་བྱེད་པ། སྔོན་འགོག་བྱ་ཐབས་ལ་ཤུགས་སྣོན་པ་བཅས་ཀྱི་སྒོ་ནས་ནགས་ཚལ་ཐོན་ཁུངས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པ་དང། སྐྱེ་དངོས་བདེ་འཇགས་ཀྱི་འགོག་རགས་ཇེ་བརྟན་དུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ཐད་ལ་བྱས་རྗེས་གསར་པ་སྔར་ལས་ཆེན་པོ་འཇོག་པར་ཧུར་བརྩོན་བྱ་དགོས།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།

2022ལོའི་ཟླ2པའི་ཚེས21ཉིན།