མཚོ་སྔོན་ཞིང་ཆེན་མི་དོན་རྒྱུགས་ལེན་ལྟེ་གནས་ཀྱི་བྲེལ་མྱུར་བརྡ་སྦྱོར།

མཚོ་སྔོན་ཞིང་ཆེན་གྱི2022ལོའི་དོན་ལས་ལས་ཁུངས་ཀྱིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་ལས་བྱེད་པ་བསྡུ་བའི་ཡིག་རྒྱུགས་སྤྲོད་མཁན་ཁག་ཅིག་གིས་རྒྱུགས་སྤྲོད་ས་ཁུལ་བདམས་ནོར་ཐེབས་པའི་སྐོར་གྱི་བྲེལ་མྱུར་བརྡ་ཐོ།

འབྲེལ་ཡོད་རྒྱུགས་སྤྲོད་སློབ་མ།

རང་ཞིང་གི་པྲོག་གསར་གློ་ཚད་རིམས་ནད་འགོག་ཟོན་གྱི་བཀོད་སྒྲིག་བླང་བྱ་ལྟར། ཞིང་ཆེན་ནང་ཁུལ་གྱི་མཐོ་རིམ་སློབ་གྲྭ(སློབ་གླིང་)སོ་སོས་རིམས་ནད་འགོག་ཟོན་ཐད་སློབ་གྲྭའི་སྒོ་བསྡམས་ནས་དོ་དམ་བྱ་དགོས་ཤིང་། མཚོ་སྔོན་ཞིང་ཆེན་གྱི2022ལོའི་དོན་ལས་ལས་ཁུངས་ཀྱིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་ལས་བྱེད་པ་བསྡུ་བའི་རྒྱུགས་ལེན་ས་ཁུལ་ལེགས་སྒྲིག་བྱེད་དུས།“མཚོ་སྔོན་སློབ་ཆེན་གྱི་རྒྱུགས་ཁུལ”དང་། “མཚོ་སྔོན་མི་རིགས་སློབ་ཆེན་གྱི་རྒྱུགས་ཁུལ” “མཚོ་སྔོན་དགེ་འོས་སློབ་ཆེན་གྱི(མཁར་བྱང་སློབ་ཁུལ)རྒྱུགས་ཁུལ” “མཚོ་སྔོན་དགེ་འོས་སློབ་ཆེན་གྱི(མཁར་ནུབ་སློབ་ཁུལ)རྒྱུགས་ཁུལ” “ཟི་ལིང་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གླིང་གི་རྒྱུགས་ཁུལ” “མཚོ་སྔོན་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་གི་རྒྱུགས་ཁུལ” “མཚོ་སྔོན་འཕྲོད་བསྟེན་ལས་རིགས་ལག་རྩལ་སློབ་གླིང་གི་རྒྱུགས་ཁུལ”བཅས་རྒྱུགས་ཁུལ7ད་ལྟ་དང་ཡང་ན་རྒྱུགས་ལེན་དུས་སུ་སློབ་གྲྭའི་ནང་ཁུལ་དུ་བསྡད་ཡོད་པ་དག་ལ་དམིགས་ནས་བཀོད་སྒྲིག་བརྒྱབ་པ་ཡིན།

ཡིག་རྒྱུགས་སྤྲོད་ཁུལ་བསྐྱར་འདེམས་ཟླ5པའི་ཚེས28ཉིན་མཇུག་འགྲིལ་བ་ཡིན། ད་ལྟ་རྒྱུགས་སྤྲོད་སློབ་མ་ཁག་ཅིག་སློབ་གྲྭའི་ཕྱི་ན་ཡོད་པ་དང་། རྒྱུགས་ཁུལ་སློབ་གྲྭའི་ནང་བདམས་ཡོད་པ་རེད། དེ་བས་ཡིག་རྒྱུགས་ནང་ཞུགས་མི་ཐུབ་པའི་གནས་ཚུལ་སྔོན་འགོག་བྱ་ཆེད། ངེད་ལྟེ་གནས་ཀྱིས་དུས་ཐོག་དུ་རྒྱུགས་སྤྲོད་སློབ་མར་འབྲེལ་བ་བྱས་ནས་རྒྱུགས་ཁུལ་ཡང་བསྐྱར་འདེམ་དུ་བཅུག་མོད། རྒྱུགས་སྤྲོད་སློབ་མ་ཁ་ཤས་ཀྱི་ཐོ་འགོད་སྐབས་བཞག་པའི་ཁ་པར་ཨང་གྲངས་ལ་ནོར་འཁྲུལ་ཡོད་པ་སོགས་དབང་གིས་འབྲེལ་གཏུག་བྱེད་མ་ཐུབ་པས། གཤམ་གསལ་གྱི་རྒྱུགས་སྤྲོད་སློབ་མ་འདི་དག་གིས་ཟླ5པའི་ཚེས31ཉིན་གྱི་ཆུ་ཚོད18ཀྱི་སྔོན་ལ་རང་འགུལ་ངང་མྱུར་བ་མྱུར་དུ་ངེད་ལྟེ་གནས་སུ་འབྲེལ་བ་བྱས་ཏེ། རྒྱུགས་ཁུལ་གཏན་འཁེལ་བྱ་དགོས།      

འབྲེལ་གཏུག་ཁ་པར། 0971-8258589、8258592、8258593

མཚོ་སྔོན་ཞིང་ཆེན་གྱི2022ལོའི་དོན་ལས་ལས་ཁུངས་ཀྱིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་ལས་བྱེད་པ་བསྡུ་བའི་ཡིག་རྒྱུགས་ཁུལ་འདེམས་ནོར་ཐེབས་པར་འབྲེལ་གཏུག་བྱེད་ཐབས་བྲལ་བའི་མིང་ཐོ།

མཚོ་སྔོན་ཞིང་ཆེན་མི་དོན་རྒྱུགས་ལེན་ལྟེ་གནས།

2022ལོའི་ཟླ5པའི་ཚེས30ཉིན།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།