མཚོ་སྔོན་སྤྱི་བདེ་ཁོངས་གཏོགས་ཀྱི་ཐུན་མོང13དང་མི་སྒེར13ལ་རྒྱལ་ཡོངས་ཀྱི་གཟེངས་རྟགས་ཐོབ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ5ཚེས25ཉིན། པེ་ཅིང་དུ་རྒྱལ་ཡོངས་སྤྱི་བདེ་ཁོངས་གཏོགས་ཀྱི་དཔའ་བོའི་ལག་རྗེས་བཞག་པའི་དཔེ་བཟང་ཐུན་མོང་ལ་གཟེངས་རྟགས་གནང་བའི་ཚོགས་ཆེན་བསྡུས་ཤིང་། ཚོགས་འདུའི་སྟེང་ཏང་གི་ཚོགས་ཆེན་བཅུ་དགུ་བ་ཚོགས་ཚུན་དུ། སྤྱི་བདེ་ཁོངས་གཏོགས་ནས་གཟེངས་སུ་ཐོན་པའི་སྔོན་ཐོན་ཐུན་མོང་དང་མི་སྒེར་ལ་གཟེངས་རྟགས་གནང་བ་དང་། རང་ཞིང་གི་སྤྱི་བདེ་ཁོངས་གཏོགས་ཀྱི་ཐུན་མོང13དང་།མི་སྒེར 13ལ་གཟེངས་རྟགས་ཐོབ་པ་རེད།

དེའི་ནང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་སྤྱི་བདེ་ཅུས་དང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་སྤྱི་བདེ་ཅུས་གཉིས་ལ“རྒྱལ་ཡོངས་ཀྱི་ཕུལ་བྱུང་སྤྱི་བདེ་ཅུས”ལ་བདམས། མཚོ་ཤར་གྲོང་ཁྱེར་ཧོར་གྲོང་ཧོར་རིགས་རང་སྐྱོང་རྫོང་སྤྱི་བདེ་ཅུས་ཝའེ་ཡུན་མངགས་གཏོང་ཁང་སོགས་ལས་ཁུངས7“རྒྱལ་ཡོངས་ཀྱི་སྤྱི་བདེ་གཞི་རིམ་ལས་ཁུངས་ཕུལ་བྱུང་ཅན”དུ་བདམས། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུས་མཁར་ནུབ་ཡན་ལག་ཅུས་དུག་འགོག་རུ་ཆེན་གྱི་རུ་གཙོ་ལའོ་ལིན་ཧྥ་སོགས་མི་དམངས་ཉེན་རྟོག་པ8“རྒྱལ་ཡོངས་མི་དམངས་ཉེན་རྟོག་པ་ཕུལ་བྱུང་ཅན”དུ་བདམས། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུས་མཁར་དཀྱིལ་ཡན་ལག་ཅུས་དཔལ་འབྱོར་མྱུལ་ཞིབ་རུ་ཆེན་གྱི་རུ་གཙོ་ཀེ་ལི་ཡེ་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཡན་ལག་རུ་ཁག་གི་རུ་གཙོ་ཟུར་པ་ཞིན་ཅིན་ཆིང“རྒྱལ་ཡོངས་དམིགས་བསལ་རིམ་པའི་མི་དམངས་ཉེན་རྟོག་ཕུལ་བྱུང་ཅན”དུ་བདམས། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུས་བཀོད་འདོམས་ལྟེ་གནས་སོགས་ལས་ཁུངས4“རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་དམངས་གཅེས་དཔེ་བཟང་ཐུན་མོང”དུ་བདམས། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱི་སློབ་སྟོན་པ་ཝང་ཁྲེང་སོགས་མི་དམངས་ཉེན་རྟོག་པ 3“རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་དམངས་གཅེས་དཔེ་བཟང”དུ་བདམས་ཡོད་པ་རེད།

ལོ་ལྔའི་ཚུན་ལ། མཚོ་སྔོན་གྱི་རིམ་ཁག་སྤྱི་བདེ་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མུ་འབྲེལ་གསུང་བཤད་ཀྱི་དགོངས་དོན་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ། “གཏན་འཁེལ་གཉིས”སྐྱོང་བཀུར་དང་། “འདུ་ཤེས་བཞི”ཆེར་བསྐྱེད། “རང་རྟོན་བཞི”བརྟན་པོ། “སྲུང་སྐྱོབ་གཉིས”ལེགས་པོར་སྲུང་ནས་བདེ་སྲུང་བདེ་སྐྱོང་གཙིགས་འཛིན་དང་སྤྱི་བདེ་ལས་སྒྲུབ་ཀྱི་སྤུས་ཚད་མཐོར་འདེགས་བརྗོད་གཞིར་བཟུང་ནས་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་ལ་སྲུང་སྐྱོབ་དང་། ཁྲིམས་འགལ་ཉེས་བསགས་ལ་རྡུང་རྡེག་ཚ་ནན། སྤྱི་ཚོགས་བདེ་སྐྱོང་ལ་ཕྱོགས་བསྡུས་དག་ཐེར། བདེ་སྲུང་ཁྲི་འཇགས་ཀྱི་གལ་ཆེའི་འཐབ་རྩོད་ཆེན་པོ་བཞིར་མཐའ་གཅིག་ཏུ་རྒོལ་ཏེ་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ཞི་འཇགས་སུ་གནས་པར་སྲུང་སྐྱོང་ནུས་ལྡན་བྱས་ཡོད་དོ། །

ཁོན་ཐར་འཚོས་བསྒྱུར།