ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་ཟོན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བརྡ་ཁྱབ། (ཨང106པ།)

ཟླ5པའི་ཚེས12ཉིན་གྱི་ཆུ་ཚོད0ནས་ཆུ་ཚོད12གྱི་བར་ཟི་ལིང་གྲོང་ཁྱེར་ལ་པྲོག་གསར་གློ་ཚད་ནད་དུག་གདགས་གཤིས་ཅན་གྱི་ནད་པ་གསར་པ2བྱུང་པས། ད་ལྟ་འབྲེལ་ཡོད་སྐོར་གྱི་བརྡ་སྦྱོར་བཏང་པ་གཤམ་གསལ་ལྟར།

གདགས་གཤིས་ཅན་ཨང1པོ། ཕོ། ལོ52 བརྡ་ཁྱབ་ཨང89པའི་ནང་ཁྱབ་བསྒྲགས་བྱས་པའི་གདགས་གཤིས་ཅན་གྱི་ནད་པ་ཨང38པའི་སྐྱེས་པ། མཁར་དཀྱིལ་ཁུལ་གྱི་གཙོ་གནད་བདག་དོམ་ཚོད་འཛིན་མི་ཚོགས་ལ་ཉིང་སྐྱུར་ཚད་ལེན་བརྟག་འཇལ་སྐབས་གསར་དུ་རྙེད།

གདགས་གཤིས་ཅན་ཨང2པ། ཕོ། ལོ24 མཁར་ནུབ་ཁུལ་གྱི་གཙོ་གནད་བདག་དོམ་ཚོད་འཛིན་མི་ཚོགས་ལ་ཉིང་སྐྱུར་ཚད་ལེན་བརྟག་འཇལ་སྐབས་གསར་དུ་རྙེད།

ད་ལྟ་གོང་གསལ་གདགས་གཤིས་ཅན་གྱི་ནད་པ་འདི་གཉིས་གནས་གཏན་ཁེལ་སྨན་ཁང་དུ་བསྐྱལ་ཏེ་སྨན་བཅོས་བྱེད་བཞིན་ཡོད་པ་མ་ཟད། ཁོ་ཚོའི་སོང་ས་བསྡད་ས་སོགས་ལ་རྩད་གཅོད་བྱེད་བཞིན་པའི་སྒང་ཡིན།

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་ཟོན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ནས།

2022ལོའི་ཟླ5པའི་ཚེས12ཉིན།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།