ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་ཟོན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བརྡ་ཁྱབ། (ཨང104པ།)

ཟླ5པའི་ཚེས11ཉིན་གྱི་ཆུ་ཚོད16ནས་ཆུ་ཚོད20དང་སྐར་མ29ཡི་བར་ཟི་ལིང་གྲོང་ཁྱེར་ལ་པྲོག་གསར་གློ་ཚད་ནད་དུག་གདགས་གཤིས་ཅན་གྱི་ནད་པ་གསར་པ10བྱུང་པས། ད་ལྟ་འབྲེལ་ཡོད་སྐོར་གྱི་བརྡ་སྦྱོར་བཏང་པ་གཤམ་གསལ་ལྟར།

གདགས་གཤིས་ཅན་ཨང11པ། ཕོ། ལོ22 མཁར་ནུབ་ཁུལ་གྱི་གཙོ་གནད་བདག་དོམ་ཚོད་འཛིན་མི་ཚོགས་ལ་ཉིང་སྐྱུར་ཚད་ལེན་བརྟག་འཇལ་སྐབས་གསར་དུ་རྙེད།

གདགས་གཤིས་ཅན་ཨང12པ། མོ། ལོ44 མཁར་ནུབ་ཁུལ་གྱི་གཙོ་གནད་བདག་དོམ་ཚོད་འཛིན་མི་ཚོགས་ལ་ཉིང་སྐྱུར་ཚད་ལེན་བརྟག་འཇལ་སྐབས་གསར་དུ་རྙེད།

གདགས་གཤིས་ཅན་ཨང13པ། ཕོ། ལོ31 བརྡ་ཁྱབ་ཨང87པའི་ནང་ཁྱབ་བསྒྲགས་བྱས་པའི་གདགས་གཤིས་ཅན་གྱི་ནད་པ་ཨང26པའི་བུ། མཁར་ནུབ་ཁུལ་གྱི་གཙོ་གནད་བདག་དོམ་ཚོད་འཛིན་མི་ཚོགས་ལ་ཉིང་སྐྱུར་ཚད་ལེན་བརྟག་འཇལ་སྐབས་གསར་དུ་རྙེད།

གདགས་གཤིས་ཅན་ཨང14པ། མོ། ལོ12 བརྡ་ཁྱབ་ཨང93པའི་ནང་ཁྱབ་བསྒྲགས་བྱས་པའི་གདགས་གཤིས་ཅན་གྱི་ནད་པ་ཨང50པའི་ཨ་ཅེ། མཁར་ནུབ་ཁུལ་གྱི་གཙོ་གནད་བདག་དོམ་ཚོད་འཛིན་མི་ཚོགས་ལ་ཉིང་སྐྱུར་ཚད་ལེན་བརྟག་འཇལ་སྐབས་གསར་དུ་རྙེད།

གདགས་གཤིས་ཅན་ཨང15པ། མོ། ལོ3 མཁར་ནུབ་ཁུལ་གྱི་གཙོ་གནད་བདག་དོམ་ཚོད་འཛིན་མི་ཚོགས་ལ་ཉིང་སྐྱུར་ཚད་ལེན་བརྟག་འཇལ་སྐབས་གསར་དུ་རྙེད།

གདགས་གཤིས་ཅན་ཨང16པ། མོ། ལོ34 རྟ་ཐང་རྫོང་གི་གཙོ་གནད་བདག་དོམ་ཚོད་འཛིན་མི་ཚོགས་ལ་ཉིང་སྐྱུར་ཚད་ལེན་བརྟག་འཇལ་སྐབས་གསར་དུ་རྙེད།

གདགས་གཤིས་ཅན་ཨང17པ། ཕོ། ལོ11 ཐེངས་འདིའི་བརྡ་ཁྱབ་ནང་ཁྱབ་བསྒྲགས་བྱས་པའི་གདགས་གཤིས་ཅན་གྱི་ནད་པ་ཨང16པའི་བུ། རྟ་ཐང་རྫོང་གི་གཙོ་གནད་བདག་དོམ་ཚོད་འཛིན་མི་ཚོགས་ལ་ཉིང་སྐྱུར་ཚད་ལེན་བརྟག་འཇལ་སྐབས་གསར་དུ་རྙེད།

གདགས་གཤིས་ཅན་ཨང18པ། མོ། ལོ37 རྟ་ཐང་རྫོང་གི་གཙོ་གནད་བདག་དོམ་ཚོད་འཛིན་མི་ཚོགས་ལ་ཉིང་སྐྱུར་ཚད་ལེན་བརྟག་འཇལ་སྐབས་གསར་དུ་རྙེད།

གདགས་གཤིས་ཅན་ཨང19པ། མོ། ལོ20 བརྡ་ཁྱབ་ཨང101པའི་ནང་ཁྱབ་བསྒྲགས་བྱས་པའི་གདགས་གཤིས་ཅན་གྱི་ནད་པ་ཨང42ལ་འབྲེལ་འདྲིས་དམ་ཟབ་བྱེད་མཁན། རྟ་ཐང་རྫོང་གི་གཙོ་གནད་བདག་དོམ་ཚོད་འཛིན་མི་ཚོགས་ལ་ཉིང་སྐྱུར་ཚད་ལེན་བརྟག་འཇལ་སྐབས་གསར་དུ་རྙེད།

གདགས་གཤིས་ཅན་ཨང20པ། མོ། ལོ31 བརྡ་ཁྱབ་ཨང95པའི་ནང་ཁྱབ་བསྒྲགས་བྱས་པའི་གདགས་གཤིས་ཅན་གྱི་ནད་པ་ཨང3པའི་ཨ་མ། སྐུ་འབུམ་ས་ཁུལ་གྱི་གཙོ་གནད་བདག་དོམ་ཚོད་འཛིན་མི་ཚོགས་ལ་ཉིང་སྐྱུར་ཚད་ལེན་བརྟག་འཇལ་སྐབས་གསར་དུ་རྙེད།

ད་ལྟ་གོང་གསལ་གདགས་གཤིས་ཅན་གྱི་ནད་པ་འདི་དག་གནས་གཏན་ཁེལ་སྨན་ཁང་དུ་བསྐྱལ་ཏེ་སྨན་བཅོས་བྱེད་བཞིན་ཡོད་པ་མ་ཟད། ཁོ་ཚོའི་སོང་ས་བསྡད་ས་སོགས་ལ་རྩད་གཅོད་བྱེད་བཞིན་པའི་སྒང་ཡིན།

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་ཟོན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ནས།

2022ལོའི་ཟླ5པའི་ཚེས11ཉིན།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།