ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་སྤྲོ་བས་བསུ།

— མཚོ་སྔོན་ཞིང་ཆེན་གྱི2022ལོའི་རིགས10དང་དོན་ཚན47ཅན་གྱི་དམངས་ཚིས་དོན་དངོས་བཟོ་སྐྲུན། (དང་པོ།)

ལས་ཞུགས་ལ་སྐུལ་འདེད་གཏོང་པའི་བཟོ་སྐྲུན།

ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་དྲིལ་སྒྲོག་འགྲེལ་བརྗོད་ནུས་ཤུགས་ཆེས་ཆེར་གཏོང་རྒྱུ།

ལས་ཞུགས་ལས་གཏོདཞབས་ཞུའི་བྱ་འགུལ་མི་འདྲ་པ300ལྷག་སྤེལ་རྒྱུ།

ལས་ཞུགས་ལས་རྐང་མི་འདྲ་པ6000ལྷག་མཁོ་སྤྲོད་བྱ་རྒྱུ།

ཞིང་ཆེན་རིམ་པའི་ལས་ཞུགས་སློབ་སྦྱོང་གི་རྟེན་གཞི་མི་འདྲ་པ30ལྷག་འཛུགས་སྐྲུན་བྱ་རྒྱུ།

ན་གཞོན་ལས་གཏོད་ཐད་དངུལ་བུན་ཉུང་གྲལ་རིགས་མི་འདྲ་པ་ཁྲི4500ལྷག་བསྐྱི་རྒྱུ།

ཡུལ་གཞན་གནས་སྤོར་གྱིས་མང་ཚོགས་ལ་ལས་ཞུགས་ལས་གཏོད་ཀྱི་རོགས་སྐྱོར་བྱ་བ་ལེགས་པོར་སྒྲུབ་ནས། ལས་ཞུགས་ཀྱི་འདོད་འདུན་ཡོད་པའི་ཡུལ་སྤོར་མང་ཚོགས་ཀྱི་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ།

ཁ་གསབ་རང་བཞིན་གྱི་ལས་རིགས་རྩལ་ནུས་གསབ་སྦྱོང་མི་ཐེངས་ཁྲི10ལྷག་ལ་སྤེལ་རྒྱུ།

ཞིང་ཆེན་ཡོངས་ཀྱི་མཁར་གྲོང་གི་མི་གྲངས་ཁྲི6ལས་ཞུགས་བྱ་རྒྱུ།

ཞིང་ཕྱུགས་ས་ཁུལ་གྱི་ངལ་རྩོལ་ནུས་ཤུགས་གཞན་སྒྱུར་ལས་ཞུགས་མི་གྲངས་ཁྲི105ལ་འབུད་དུ་འཇུག་རྒྱུ།

སློབ་གསོའི་སྤུས་ཚད་མཐོར་འདེགས་བཟོ་སྐྲུན།

སློབ་གསོའི་མ་དངུལ་རོགས་སྒྲུབ་སྲིད་ཇུས་དང་ཆ་སྙོམས་དངུལ་གཏོང་ལམ་ལུགས་འཐུས་ཚང་དུ་བཏང་ལ། བོད་ཁུལ་གྱི་ཁུལ་དང་རྫོང་གི་གྲ་སྒྲིག་སློབ་གསོ་ནས་མཐོ་འབྲིང་སློབ་གསོའི་རོགས་སྒྲུབ་ཚད་གཞི་མཐོར་འདེགས་ཀྱིས་སློབ་གསོའི་འགན་སྲུང་ཆུ་ཚད་མཐོར་འདེགས་སུ་གཏོང་རྒྱུ།

འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མའི་ལས་བྱའི་ཁུར་བོ་དང་སློབ་ཕྱིའི་གསབ་སྦྱོང་གི་ཁུར་བོ་ཇེ་ཡང་དུ་བཏང་ནས། སློབ་ཕྱིའི་གསབ་སྦྱོང་གི་སྤྱོད་ལམ་སྔར་ལས་སྒྲིག་སྲོལ་ཅན་དང་སློབ་རའི་བསླབ་ཕྱིའི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་གཏོང་རྒྱུ།

རྨང་གཞི་སློབ་གསོའི་སློབ་གྲྭ50གསར་འཛུགས་རྒྱ་སྐྱེད་དང་། སློབ་རའི་སློབ་སྒྲུབ་ཆ་རྐྱེན་ལ་བཅོས་སྒྱུར་བྱ་རྒྱུ།

ཁྲིད་རྟེན་དགེ་རྒན500འདེམས་མངགས་བྱས་ཏེ“ཚན་ཆུང་གི་རྣམ་པ”ལག་བསྟར་གྱིས་སློབ་ཁྲིད་ལ་རོགས་སྐྱོར་བྱས་ཤིང་། ཕུལ་བྱུང་དགེ་རྒན་གྲོང་གསེབ་སློབ་གྲྭ་དང་ཆ་རྐྱེན་ཞན་པའི་སློབ་གྲྭ་རུ་འགྲོ་རྒྱུགས་བྱ་རྒྱུར་སྣེ་ཁྲིད་བྱ་རྒྱུ།

སློབ་གྲྭ་ཆུང་འབྲིང་དང་བྱིས་སྐྱོང་གླིང་གི་དགེ་རྒན་དག་རྩ་འཛུགས་བྱས་ཏེ་མི་ཐེངས་ཁྲི1.5ལ་དངོས་སུ་གསབ་སྦྱོང་བྱ་རྒྱུ།

དགེ་རྒན་གྱི་ཀུན་སྤྱོད་ལ་ཆེད་དོན་དག་ཐེར་བྱེད་པའི་བྱ་འགུལ་སྤེལ་ནས། སློབ་སྒྲུབ་བྱ་སྤྱོད་སྒྲིག་སྲོལ་ཅན་དང་སྲི་ཆགས་སྤྱོད་གཙང་གི་སློབ་གསོའི་སྐྱེ་ཁམས་གསར་བཞེངས་བྱ་རྒྱུ།

མཚོ་སྔོན་སློབ་ཆེན་དང་མཚོ་སྔོན་དགེ་ཐོན་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན་བཅས་ལ་སློབ་མའི་མལ་ཤག་ཐོག་ཁང་རེ་གསར་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ།

སྡོད་ཁང་བཅོས་སྒྱུར་གྱི་བཟོ་སྐྲུན།

ཞིང་ཆེན་ཡོངས་ཀྱི་བརྟན་ནོར་ལོ་རྒྱུས་ཤུལ་བཞག་གནད་དོན་སེལ་བཀྲོལ་བྱ་བར་མུ་མཐུད་དུ་སྐུལ་འདེད་བཏང་ནས། གཞིས་ཁུལ85ཡི་སྒྲུབ་ཐབས་མེད་པའི་བརྟན་ནོར་དཔང་ཡིག་གི་གནད་དོན་ཐག་གཅོད་བྱས་ཏེ། མང་ཚོགས་ཀྱིས་ཁང་བ་ཉོ་སྒྲུབ་བྱེད་པའི་ཁྲིམས་མཐུན་ཁེ་དབང་ལ་འགེབས་སྲུང་བྱ་རྒྱུ།

མཁར་གྲོང་གི་གཞིས་ཁུལ་རྙིང་བ་ཁྲི4.09ལ་བཅོས་སྒྱུར་བྱེད་པའི་བཟོ་སྐྲུན་དངོས་སུ་ལག་བསྟར་གྱིས་གྲོན་ནུས་དྲོད་སྲུང་ལ་སྐུལ་འདེད་དང་གཞུང་ལམ། འདྲེན་སྦུགས་སོགས་ཀྱི་རྨང་གཞིའི་སྒྲིག་ཆས་རིམ་སྤར་དག་ཐེར་བཅོས་སྒྱུར་ཆུ་ཚད་མཐོར་འདེགས་སུ་གཏོང་རྒྱུ།

བཅོས་སྒྱུར་གྱི་ཆ་རྐྱེན་དང་མཐུན་པ་ལ་མང་ཚོགས་ཀྱི་འདོད་མོས་དྲག་པོའི་གཞིས་ཁུལ་རྙིང་བ100ལ་གློག་སྐས་སྒྲིག་འཇུག་བྱས་ཏེ། སྡོད་དམངས་དག་གི་འགྲོ་འདུག་ཆ་རྐྱེན་ལ་ལེགས་བཅོས་བྱ་རྒྱུ།

མཁར་གྲོང་གི་སྡོད་ཁང་ཐབས་ཆག6707ལ་བཅོས་སྒྱུར་དང་རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་ཁྲི4ལ་ལེགས་བཅོས་བྱེད་པའི་བཟོ་སྐྲུན་དངོས་སུ་ལས་འགོ་བརྩམས་ཤིང་། རོང་འབྲོག་མང་ཚོགས་ཀྱི་ཉེན་ཁ་ཆེ་བའི་སྡོད་ཁང་ལ་ལེགས་བཅོས་བྱ་རྒྱུར་སྐུལ་འདེད་བཏང་ནས། མཁར་གྲོང་གི་དཀའ་ཁག་ཆེ་བའི་མང་ཚོགས6078ལ་སྡོད་ཁང་བོགས་གཏོང་གི་ཁ་གསབ་བྱིན་ནས། མང་ཚོགས་ཀྱི་གཞི་རྩའི་སྡོད་ཁང་གི་དགོས་མཁོ་བསྐངས་རྒྱུ།

བདེ་ཐང་མཚོ་སྔོན་གྱི་བཟོ་སྐྲུན།

ཐུམ་འབུའི་ནད་དང་གློ་གཅོང་ནད་ཀྱི་སྨན་བཅོས་རྣམ་གྲངས་ལག་བསྟར་ལ་སྐུལ་འདེད་བཏང་ནས། དོགས་གཞི་ཡོད་པའི་མི་གྲངས་སོ་སོ་ཁྲི12དང་ཁྲི1.5ལ་བརྟག་དཔྱད་རབས་དང་རིམ་པ་བརྒྱུད། འགོས་ཁྱབ་བྱུང་ཡུལ་གཙོ་བོ་གཏན་འགོག་ནུས་ལྡན་ཐུབ་ཡོད།

སྨན་བཅོས་སྒྲིག་འཛུགས་ཀྱིས་སྨན་རིན་གང་འདོད་དུ་བསྡུ་པ་དང་ནོར་འཁྲུལ་དང་གོ་འཛོལ། གང་འདོད་སྨན་བཅོས་བྱེད་པ། སྨན་བཅོས་འགན་སྲུང་གཡོ་ལེན་བྱེད་པ་བཅས་ལ་དག་ཐེར་བྱ་རྒྱུ།

སྨན་བཅོས་ལས་ཁུངས་ཀྱིས་གང་འདོད་དུ་སྨན་རིན་བསྡུ་པ། སྨན་བཅོས་ལ་ནོར་འཁྲུལ་དང་གོ་འཛོལ། གང་བྱུང་བྱེད་པ་སོགས་ཀྱི་གནད་དོན་ཐད་ལ་དག་ཐེར་བྱ་འགུལ་སྤེལ་རྒྱུ། ཚོང་དོན་འགན་སྲུང་ཀུང་ཟིའི་སྨན་བཅོས་འགན་སྲུང་ལས་སྒྲུབ་ཀྱི་ཞབས་ཞུའི་བྱ་བའི་ཐད་ཉིན་རྒྱུན་ཞིབ་བཤེར་དང་ལས་ཆོད་དཔྱད་འཇོག་ལེགས་པོར་སྒྲུབ་ནས། སྨན་བཅོས་འགན་སྲུང་གཡོ་ལེན་ལ་རྡུང་རྡེག་གཏོང་བའི་ཆེད་དོན་དག་ཐེར་ལ་སྐུལ་འདེད་ཀྱིས་སྨན་བཅོས་ཞབས་ཞུ་སྒྲིག་སྲོལ་ཅན་ཏུ་གཏོང་རྒྱུ།

སྨན་རྫས་སིལ་འཚོང་དང་དེར་འབྲེལ་ལས་གཉེར་མཁན་གྱི་རིན་གོང་གསལ་འབྱེད་ལ་ཞིབ་བཤེར་བྱེད་པའི་ཚད་གཞི་ཆེས་ཆེར་བཏང་ནས། རིན་གོང་ཁྲིམས་འགལ་བྱ་སྤྱོད་ལ་རྩད་གཅོད་ནན་མོ་བྱས་ཏེ། མང་ཚོགས་ཀྱིས་སྨན་རྫས་འཛད་སྤྱོད་བྱེད་པའི་ཁེ་དབང་ལ་སྲུང་སྐྱོབ་བྱ་རྒྱུ།

ཞིང་ཆེན་རིམ་པའི་ཕུལ་བྱུང་ཆེད་མཁས་པས་ནད་ལ་བརྟག་པ་དང་རྒྱང་སྒྱུར་སྨན་བཅོས་ཡོངས་སུ་ཁེབས་པར་བྱས་ཏེ། གཞི་རིམ་འཕྲོད་བསྟེན་འཇོན་མིའི་ནུས་པ་མཐོར་འདེགས་དང་གསབ་སྦྱོང་བྱེད་ཐབས་ལ་བརྟེན་ནས། ནུས་པ་ཞན་པའི་སྨན་བཅོས་ལས་ཁུངས་ཀྱི་རྒྱུན་མཐོང་ནད་རིགས་ལ་སྨན་བཅོས་བྱེད་པའི་ཆུ་ཚད་མཐོར་འདེགས་སུ་གཏོང་རྒྱུ།

མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་ནོར་སྲིད་ཁ་གསབ་ཚད་གཞི་མུ་མཐུད་དུ་མཐོར་འདེགས་སུ་གཏོང་རྒྱུ་སྙོམས་སྒྲིག་བྱ་རྒྱུ།

ལས་བཟོ་པའི་སྨན་བཅོས་འགན་སྲུང་སྒོ་བསྟེན་ཁང་གིས་སྒྲུབ་པའི་འགན་སྲུང་ལམ་ལུགས་ལ་སྐུལ་འདེད་བཏང་ནས། སྒོ་བསྟེན་སྨན་བཅོས་དང་ཞབས་ཞུའི་དོ་དམ་སྤུས་ལེགས་ཅན་ཏུ་བཏང་ནས། སྨན་བཅོས་རྩིས་ཞུའི་ནུས་ཆོད་མཐོར་འདེགས་སུ་གཏོང་རྒྱུ།

ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་སྲུང་ཞབས་ཞུའི་སྟེགས་བུར་བརྟེན་ནས། སྨན་བཅོས་རང་སྒྲུབ་གཅིག་ལྕོགས་སྒྲུབ་བྱེད་འཕྲུལ་ཆས་ཀྱི་སྒྲིག་འཛུགས་ལ་ཤུགས་བསྣན་ཏེ། ཞབས་ཞུའི་བྱེད་ནུས་འཐུས་ཚང་དུ་བཏང་ལ། སྨན་བཅོས་རྩིས་རྒྱག་བྱེད་ཐབས་ཕུན་སུམ་ཚོགས་པར་བཏང་པས། ནད་པ་དག་གྲལ་བསྒྲིགས་ནས་རྩིས་རྒྱག་པའི་དུས་ཚོད་ལ་གྲོན་ཆུང་བྱས། ལས་བཟོ་པའི་སྨན་བཅོས་ཕན་ཚུན་འགན་སྲུང་འཆར་གཞི་མུ་མཐུད་དུ་ལག་བསྟར་གྱིས་ལས་བཟོ་པའི་མང་ཚོགས་ཀྱི་སྨན་བཅོས་འགན་ཁུར་ཇེ་ཡང་དུ་བཏང་ལ། ཟས་རིགས་ཐོན་སྐྱེད་དང་ཕྱིར་འཚོང་། བཟའ་བཅའི་ཞབས་ཞུའི་ཟས་རིགས་བདེ་འཇགས་ཀྱི་ཞིབ་བཤེར་མ་དཔེ་ཆེན་པོ32གྱི་ནང་ནས་རིགས་མི་འདྲ་པ5000ལ་བརྟག་དཔྱད་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཟས་རིགས་བདེ་འཇགས་ཐད་ལ་འགན་སྲུང་བྱ་རྒྱུ།

བརྩེ་སེམས་རོགས་སྐྱོར་བཟོ་སྐྲུན།

རྒན་གསོ་ཞབས་ཞུའི་བརྒྱུད་རིམ་དང་རྣམ་གྲངས། རྒྱུ་སྤུས་སོགས་ཀྱི་གནས་ཚུལ་ཐད་ལ་ཚད་ལེན་དཔྱད་ཞིབ་དང་ལྟ་སྐུལ་དག་ཐེར་བྱས་ཏེ། རྒན་གསོ་སྒྲིག་འཛུགས་ཀྱི་ཞབས་ཞུའི་རྒྱུ་སྤུས་མུ་མཐུད་ཇེ་མཐོར་བཏང་། ལས་འཁྱུར་མི་སྣའི་རྒན་གོསིའི་གཟིགས་སྐྱོང་མ་དངུལ་གྱི་ཆུ་ཚད་ལ་སྙོམས་སྒྲིག་མཐོར་འདེགས་བཏང་། རྒན་གསོའི་ཉེན་སྲུང་སྤྱི་གཞུང་ཞབས་ཞུ་འཐུས་ཚང་གིས་སྤྱི་ཚོགས་འགན་སྲུང་ཞབས་ཞུའི་དོན་ཚན་དེ་ཞིང་ཆེན་བརྒལ་ནས་སྒྲུབ་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ།

མང་ཚོགས་ལ་སྟབས་བདེ་བསྐྲུན་ནས་སྒྲིག་གཞིའི་དོན་ལས་ལས་ཁུངས་དང་ཁེ་ལས་ལས་བཟོ་པ། མཁར་གྲོང་སྡོད་དམངས་ཀྱི་རྒན་གསོའི་འགན་སྲུང་མ་དངུལ་ལས་མི་སྒེར་གྱི་རྩིས་ཐོ་རྩད་གཅོད་ཐུབ་པ་སོགས་བྱས་ཏེ། 12333མི་དོན་སྤྱི་ཚོགས་འགན་སྲུང་སྲིད་ཇུས་ཀྱི་བློ་འདྲི་ཞབས་ཞུའི་ནུས་པ་ཡང་མཐོར་འདེགས་ཀྱིས་ཁ་པར་སྐུད་ལམ་ཕྱོགས་བསྡུས་མཐུད་སྦྲེལ་གྱི་ཚད་གཞི80%ཡན་ལ་སླེབས་སུ་འཇུག་རྒྱུ།

ཞིང་ཆེན་ཡོངས་ཀྱི་མངགས་བཅོས་ཞབས་ཞུའི་སྒྲིག་འཛུགས་ཀྱི་ཁ་གྲངས་དེ2021ལོ་ལས10%ཡི་ཡན་ལ་འཕར་བ་དང་། རིམ་བཞིན་བྱིས་པ་གཉོར་སྐྱོང་བྱེད་མཁན་མེད་པའི་གནད་དོན་དེ་ཐག་གཅོད་བྱ་རྒྱུ།

རང་ཞིང་གི་ནད་གཞི་ཚབས་ཆེན་གྱི་སྨན་བཅོས་འགན་སྲུང་དང་མྱུར་སྐྱོབས་སྒྲིག་སྲོལ་འཐུས་ཚང་དུ་བཏང་ནས། དཀའ་ཁག་ཆེ་བའི་མང་ཚོགས་ལ་ནད་གཞི་ཚབས་ཆེན་བྱུང་བའི་སྨན་བཅོས་རིན་དངུལ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་རྒྱུ།

ཞིང་ཕྱུགས་ལས་ས་ཁུལ་གྱི་བུད་མེད་དག་ལ“སྐྲན་ནད་གཉིས”ཀྱི་རིན་མེད་བརྟག་དཔྱད་མི་ཐེངས་ཁྲི17ལ་བྱ་རྒྱུ།

ཆ་རྐྱེན་ཡོངས་སུ་ཚང་བའི་འགན་སྲུང་དམའ་པའི་ཁྱིམ་ཚང་གི“སྐྲན་ནད་གཉིས”ཕོགས་པའི་བུད་མེད་ནད་པ300ལ་མྱུར་སྐྱོབས་སྨན་བཅོས་བྱ་རྒྱུ།

དབང་པོ་སྐྱོན་ཅན་གྱི་བྱིས་པ3200ལ་ལུས་གསོའི་མྱུར་སྐྱོབས་སྨན་བཅོས་མཁོ་སྤྲོད་བྱ་རྒྱུ།

དབང་པོ་སྐྱོན་ཅན་གྱི་མི་གྲངས་ཁྲི1ལ་གཞི་རྩའི་རོགས་སྐྱོར་ཡོ་བྱད་དང་དེར་འཚམ་ཞབས་ཞུ་མཁོ་སྤྲོད་བྱ་རྒྱུ།

མཐོ་འབྲིང་དང་སློབ་ཆེན་དུས་རིམ་གྱི་སློབ་གསོ་མྱངས་བཞིན་པའི་དཔལ་འབྱོར་ལ་དཀའ་ཁག་ཆེ་བའི་ཁྱིམ་ཚང་གི་དབང་པོ་སྐྱོན་ཅན་སློབ་མ400ལ་སློབ་གསོའི་རོགས་སྒྲུབ་མ་དངུལ་གནང་པ།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།