མཚོ་སྔོན་ཞིང་ཆེན་གྱི2022ལོའི་དོན་ལས་ལས་ཁུངས་ཀྱིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་ལས་བྱེད་མི་སྣ་བསྡུ་བའི་ཡིག་རྒྱུགས་སྤྲོད་པའི་དུས་ཚོད་ཕྱི་འགྱངས་བྱས་པའི་བརྡ་སྦྱོར།

མིག་སྔར་རིམས་ནད་འགོག་ཟོན་གྱི་རྙོག་འཛིང་རང་བཞིན་དང་། དཀའ་ཚེགས་ཆེ་བའི་རང་བཞིན། བསྐྱར་ཟློས་རང་བཞིན་བཅས་ལ་དམིགས་ནས། མཚོ་སྔོན་ཞིང་ཆེན་གྱི་པྲོག་གསར་གློ་ཚད་རིམས་ནད་འགོག་ཟོན་གྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་དང་རྒྱུགས་སྤྲོད་ལས་དོན་མི་སྣའི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་འགན་ལེན་བྱ་ཆེད། 2022ལོའི་ཟླ5པའི་ཚེས21ཉིན(གཟའ་སྤེན་པ)གཏན་འཁེལ་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི2022ལོའི་དོན་ལས་ལས་ཁུངས་ཀྱིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་ལས་བྱེད་མི་སྣ་བསྡུ་བའི་ཡིག་རྒྱུགས་སྤྲོད་པའི་དུས་ཚོད་ཕྱི་འགྱངས་བྱས། རྒྱུགས་སྤྲོད་དུས་ཚོད་ཟླ་དྲུག་པའི་ཟླ་དཀྱིལ་དང་ཟླ་སྨད་བར་དུ་ཕྱི་འགྱངས་བྱས་ཤིང་། ཡིག་རྒྱུགས་སྤྲོད་པ་དང་རྒྱུགས་སྤྲོད་འཛིན་ཡིག་དཔར་པའི་དུས་ཚོད་རིམས་ནད་འགོག་ཟོན་གྱི་གནས་ཚུལ་ལྟར་ཟུར་དུ་བརྡ་ཐོ་གཏང་རྒྱུ་ཡིན། རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་རྣམས་ཀྱིས་མཚོ་སྔོན་ཞིང་ཆེན་མི་དོན་རྒྱུགས་སྤྲོད་ཆ་འཕྲིན་དྲ་བ(www.qhpta.com)དང་སྐད་འཕྲིན་གྱི“མཚོ་སྔོན་ཞིང་ཆེན་མི་དོན་རྒྱུགས་སྤྲོད་ལྟེ་གནས་ཀྱི་སྔོན་མངགས་ཨང་གྲངས”སྟེང་ཁྱབ་སྒྲོག་བྱས་པའི་འབྲེལ་ཡོད་ཆ་འཕྲིན་ལ་དོ་སྣང་ཆེན་པོ་བྱས་ཏེ། ཡིག་རྒྱུགས་ཀྱི་བཀོད་སྒྲིག་གསར་ཤོས་ཤེས་རྟོགས་བྱ་རོགས།

རྒྱ་ཆེའི་རྒྱུགས་སྤྲོད་སློབ་མའི་རྒྱབ་སྐྱོར་དང་གཞོགས་འདེགས་བཅས་ལ་ཐུགས་རྗེ་ཆེ་ཞུ།

མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་།

2022ལོའི་ཟླ5པའི་ཚེས11ཉིན།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།