ཟི་ལིང་གྲོང་ཁྱེར་གྱི་པྲོག་གསར་གློ་ཚད་རིམས་ནད་འགོག་ཟོན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བརྡ་ཁྱབ།(ཨང100པ)

མིག་སྔར་རྒྱལ་ནང་དུ་རིམས་ནད་བྱུང་ཚུལ་མང་ཙམ་མཆེད་པའི་རྣམ་པ་ཡིན་ལ། རིམས་ནད་འགོག་ཟོན་གྱི་དུས་བབ་ཛ་དྲག་ཡིན་པས། “རིམས་ནད་ཕྱི་ནས་ནང་དུ་མཆེད་པར་བཀག་འགོག་བྱེད་པ་དང་ནང་ནས་བསྐྱར་འཕར་འབྱུང་བར་བཀག་འགོག་བྱེད་པའི”སྤྱིའི་ཐབས་ཇུས་དང་“འགུལ་རྣམ་གཙང་སེལ”གྱི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་ལྷོད་མེད་བྱེད་པ། “ཕྱོགས་བཞིའི་འགན་འཁྲི”སྔར་ལས་གཏན་ཁེལ་གསལ་པོ་བྱེད་པ། སྙན་ཞུའི་བརྒྱུད་རིམ་སྔར་ལས་ཇེ་ལེགས་སུ་བཏང་ནས་ཟི་ལིང་དུ་ཡོང་བ་དང་ཕྱིར་ཟི་ལིང་དུ་ལྡོག་པའི་མི་སྣར་ཐོ་འགོད་སྙན་ཞུའི་ལས་དོན་སྒྲུབ་པར་སྟབས་བདེ་བསྐྲུན་ཡོད།

2022ལོའི་ཟླ5པའི་ཚེས11ཉིན་ནས་བཟུང་། ཟི་ལིང་གྲོང་ཁྱེར་གྱིས་རིམས་ནད་འགོག་ཟོན་སྙན་ཞུའི་མ་ལག་དངོས་སུ་སྤྱོད་འགོ་འཛུགས་རྒྱུ་ཡིན། ཟི་ལིང་དུ་ཡོང་བ་དང་ཕྱིར་ཟི་ལིང་དུ་ལྡོག་པའི་མི་སྣ་ཚང་མས་ངེས་པར་དུ་ཆུ་ཚོད48ཀྱི་ཉིང་སྐྱུར་བརྟག་དཔྱད་ཚད་ལེན་གྱི་སྲིབ་གཤིས་དཔང་ཡིག་དང“བདེ་ཐང་ཨང་བཤེར”“ལམ་ཐིག་ཨང་བཤེར”གྱི་ལྗང་མདོག་ཨང་བཤེར་འཁྱེར་ནས་ཟི་ལིང་དུ་ཡོང་ཆོག་ལ། མ་འབྱོར་གོང་གི་ཆུ་ཚོད24ཡི་ནང་ཐོ་འགོད་སྙན་ཞུ་བྱེད་དགོས་པ་དང་ཐོ་འགོད་མ་བྱས་པའི་མི་སྣ་གནས་སྐབས་སུ་ཟི་ལིང་དུ་ཡོང་མི་ཆོག 

ཐོ་འགོད་བྱེད་སྐབས་སུ། ཟི་ལིང་དུ་ལྡོག་མཁན་མི་སྣས་རང་གི་ཐོབ་ཐང་ལག་ཁྱེར་དང་། “བདེ་ཐང་ཨང་བཤེར”“ལམ་ཐིག་ཨང་བཤེར”གྱི་ལྗང་མདོག་པར་རིས་སྔོན་དུ་གྲ་སྒྲིག་བྱེད་དགོས་ཤིང་། གཤམ་གྱི་རྩ་གཉིས་ཨང་བཤེར་བརྒྱུད་ནས་སྙན་ཞུ་བྱ་དགོས།

ཟི་ལིང་གྲོང་ཁྱེར་གྱི་པྲོག་གསར་གློ་ཚད་རིམས་ནད་འགོག་ཟོན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ།

2022ལོའི་ཟླ5པའི་ཚེས11ཉིན།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།