2022ལོའི་རྒྱུགས་གཞི་འདི་དག་ཕྱིར་འགྱངས་བྱས་འདུག

2022ལོའི་རྒྱལ་ཡོངས་ཀྱི་རྩིས་གཉེར་ཆེད་ལས་ལག་རྩལ་གྱི་ཐོག་མའི་རྒྱུགས་གཞི་དང་མཐོ་རིམ་རྒྱུགས་གཞི་ཕྱིར་འགྱུངས་བྱས་པ།

ནོར་སྲིད་སྡེ་ཁག་གཞུང་སྒྲུབ་ཐིང་གིས་སྤེལ་པའི་བརྡ་སྦྱོར་ལྟར་ན། ཉེ་སྔོན་པྲོག་གསར་རིམས་ནད་ཀྱི་འགོག་ཟོན་བླང་བྱ་གཞིར་བཟུང་སྟེ། རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་དང་རྒྱུགས་གཞིའི་ལས་བཟོ་པ་དག་གི་གཟུགས་པོའི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་དོན་དངོས་ཐོགའགན་ལེན་བྱ་ཆེད། ཞིབ་འཇུག་གཏན་འབེབས་བརྒྱུད། 2022ལོའི་རྒྱལ་ཡོངས་ཀྱི་རྩིས་གཉེར་ཆེད་ལས་ལག་རྩལ་གྱི་ཐོག་མའི་ཐོབ་ཐང་རྒྱུགས་གཞི་དང་མཐོ་རིམ་ཐོབ་ཐང་རྒྱུགས་གཞི་ཕྱིར་འགྱུངས་བྱས་ཏེ་སྤེལ་རྒྱུ་ཡིན་པས། ཞིབ་ཕྲའི་རྒྱུགས་ལེན་དུས་ཚོད་དང་བྱ་བའི་བཀོད་སྒྲིག་སྐོར་ཟུར་དུ་བརྡ་གཏང་ངེས།

2022ལོའི་དབྱིན་ཡིག་ཆེད་ལས་ཀྱི་རིམ་བརྒྱད་རྒྱུགས་གཞི་ལོ་སྨད་དུ་ཕྱིར་འགྱངས་བྱས།

ཉེ་སྔོན་མཐོ་རིམ་སློབ་གྲྭའི་དབྱིན་ཡིག་ཆེད་ལས་སློབ་ཁྲིད་ཚོད་རྒྱུགས་གཞུང་སྒྲུབ་ཁང་གིས་སྤེལ་པའི་བརྡ་སྦྱོར་ལྟར་ན། ཉེ་དུས་རྒྱལ་ཡོངས་ཀྱི་རིམས་ནད་འགོག་ཟོན་རྣམ་པ་གཞིང་བཟུང་སྟེ། དེ་སྔ་གཏན་འབེབས་བྱས་པའི2022ལོའི་ཟླ5པའི་ཚེས28ཉིན་གྱི་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་དབྱིན་ཡིག་ཆེད་ལས་ཀྱི་རིམ་བརྒྱད་རྒྱུགས་གཞི(TEM8)དེ། 2022ལོའི་ལོ་སྨད་དུ་ཕྱིར་འགྱངས་བྱས་ནས་སྤེལ་རྒྱུ་ཡིན་པས། ཞིབ་ཕྲའི་དུས་ཚོད་གཞུང་ཕྱོགས་དྲ་ཚིགས་སྟེང་བརྡ་ཁྱབ་གཏང་རྒྱུ།

ལོ་ཙཱ་བ། ལྷ་ཆེན་རྒྱལ།