2022ལོའི་ཟླ5པའི་ཚེས2ཉིན་གྱི་མཚོ་སྔོན་གྱི་པྲོག་གསར་རིམས་ནད་ཀྱི་གནས་ཚུལ་གསར་ཤོས།

རང་རེའི་དྲ་བའི་འཕྲིན། ཟླ5པའི་ཚེས2ཉིན། མཚོ་སྔོན་དུ་གསར་དུ་བྱུང་བའི་ས་གནས་ཅན་གྱི་པྲོག་གསར་ནད་པ་མེད། ཉིན་དེར་ནད་པ5སྨན་ཁང་ནས་བུད། ད་སྔར་གནས་གཏན་སྨན་ཁང་དུ་བཀར་འཇུག་སྨན་བཅོས་བྱེད་བཞིན་པའི་ནད་པ20ཡོད། ས་གནས་ཅན་གྱི་ནད་རྟགས་མི་མངོན་པའི་ནད་པ་མེད། ཉིན་དེར་མི2ལ་བཀར་འཇུག་སྨན་བཅོས་ལྟ་ཞིབ་ཀྱི་མཚམས་བཞག་ཅིང་། མི15ལ་ད་དུང་སྨན་བཅོས་ལྟ་ཞིབ་བྱེད་སྒང་ཡིན།

ཟླ5པའི་ཚེས2ཉིན་གྱི་ཆུ་ཚོད24བར་དུ། མཚོ་སྔོན་ཞིང་ཆེན་དུ་ཁྱོན་བསྡོམས་པྲོག་གསར་གློ་ཚད་བྱུང་བའི་ས་གནས་ཅན་གྱི་ནད་པ95ཡོད་ཅིང་། སྨན་ཁང་ནས་ཕྱིར་བུད་པའི་ནད་པ་ཁྱོན་བསྡོམས75ཡོད་པ་རེད།

ལྷག་བསམ་གསལ་བརྡ།

འཆམ་མཐུན་བདེ་འཇགས་དང་བདེ་ཐང་གི“ལྔ་གཅིག”གུང་གསེང་ལ་རོལ་ཏེ། རིམས་ནད་འགོག་ཟོན་ལ་ལྷོད་གཡེང་ཏོག་ཙམ་ཡང་གཏོང་མི་རུང་།

--མི་སྣ་འགྲོ་འོང་ལས་རིམས་ནད་འགོས་པ་དང་མཆེད་པའི་ཉེན་ཁ་ཇེ་ཆུང་དུ་གཏང་ཆེད། རྒྱལ་ནང་གི་རིམས་ནད་ཁྲོད་ཀྱི་ཉེན་ཁ་ཆེ་བའི་ས་ཁུལ་གྱི་མི་སྣ་དར་སྤེལ་བཏང་སྟེ་དགོས་གལ་མེད་ན་ས་ཁོངས་ལས་བརྒལ་ནས་མཚོ་སྔོན་དུ་བསྐྱོད་པའམ་ཕྱིར་མཚོ་སྔོན་དུ་མི་ལྡོག་རྒྱུ་གལ། རང་རེའི་ཞིང་ཆེན་མི་སྣས་ས་ཆ་དེ་ག་ར་དུས་ཆེན་ལ་རོལ་རྒྱུ་དང་ས་ཆ་དེ་རང་གར་གུང་གསེང་གཏོང་བ། དགོས་གལ་མེད་ཚེ་མཚོ་སྔོན་ནས་ཕྱིར་མི་བསྐྱོད་པ་དར་སྤེལ་བཏང་ནས་ཞིང་ཆེན་ནང་ཁུལ་དུ་འགྲོ་སྐྱོད་ཉུང་དུ་གཏོང་བ་དང་། ཉེན་ཁ་ཆེ་བའི་ས་ཁུལ་དང་རིམས་ནད་ཐོན་ཁུལ་དུ་མི་འགྲོ་བ་བྱེད་དགོས།

--ཉེ་ཆར“རླངས་འཁོར་དང་མེ་འཁོར་ས་ཚུགས་དང་གནམ་ཐང་ས་ཚུགས”ལ་མུ་མཐུད་དུ་ཤུགས་བསྣན་ཏེ། ཞིང་ཆེན་དབར་གྱི་འགྲིམ་འགྲུལ་འགག་གནད་དང་སྡེ་ཁུལ་དུ་མཚོ་སྔོན་དུ་ཡོང་བའམ་ཕྱིར་མཚོ་སྔོན་དུ་ལྡོག་མཁན་མི་སྣར་རྩད་ཞིབ་འགོག་སྔོན་བྱ་དགོས། མཚོ་སྔོན་དུ་ཕྱིར་ལོག་བྱེད་མཁན་ཚང་མས“ཨང་རྟགས་ཟུང”གི་མཉམ་འབྲེལ་ཞིབ་བཤེར་དང་དྲོད་ཚད་ཚད་ལེན། ཆུ་ཚོད48ཀྱི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་སྲིབ་གཤིས་དཔང་རྟགས་ཞིབ་བཤེར་དང་དེ་བཞིན“ཡུལ་དངོས་ཞིབ་བཤེར་དོན་འཁྱོལ”སོགས་ཀྱི་འགོན་ཟོན་བྱེད་ཐབས་ལ་གཞོགས་འདེགས་ནན་པོ་བྱེད་དགོས།

--ཧྲང་ཧའེ་འམ་ཧྲང་ཧའེ་བརྒྱུད་པ་དང་དེ་བཞིན་ཉེན་ཁ་ཆེ་བའི་ས་ཁུལ་ནས་མཚོ་སྔོན་དུ་བསྐྱོད་པའམ་ཕྱིར་མཚོ་སྔོན་དུ་ལྡོག་མཁན་མི་སྣ་ཚང་མར་ཁ་བཀག་བརྒྱུད་འདྲེན་དང་ཉིན14རིང་གཅིག་སྡུད་བཀར་འཇུག་བྱེད་དགོས། ཉེན་ཁ་ཆུང་བའི་ས་ཁུལ་ནས་མཚོ་སྔོན་དུ་བསྐྱོད་པའམ་ཕྱིར་མཚོ་སྔོན་དུ་ལྡོག་མཁན་གྱི་ལམ་ཐིག་ཨང་བཤེར་སྟེང་སྐར་རྟགས་ཅན་གྱིས་བདེ་ཐང་ལྟ་ཞིབ་ཚད་ལེན་གྱི་ཉིང་སྐྱུར་ཞིབ་དཔྱད་ཉིན་གསུམ་དང་ཉིན་གཉིས་ཀྱི་བརྟག་དཔྱད་བྱེད་ཐབས་དོན་འཁྱོལ་ནན་པོ་བྱེད་དགོས།

--མཚོ་སྔོན་དུ་བསྐྱོད་པའམ་ཕྱིར་མཚོ་སྔོན་དུ་ལྡོག་མཁན་ཚང་མ་མཚོ་སྔོན་དུ་མ་འབྱོར་གོང་མི་སྒེར་རམ་ནང་མིས་སྔ་མི་ནས་དམིགས་སའི་སྡེ་ཁུལ་དང་སྡེ་བ། ལས་ཁུངས་སམ་མགྲོན་ཁང་བཅས་ལ་སྙན་སེང་ཞུས་ནས་མཚོ་སྔོན་དུ་འབྱོར་རྗེས་འཕྲལ་མར་སླར་ཡང་སྙན་སེང་ཞུ་དགོས། དུས་ཐོག་ཏུ་རང་འགུལ་ངང་སྙན་སེང་མི་ཞུ་པའི་མི་སྣར་ཁྲིམས་ལྟར་འབྲེལ་ཡོད་མི་སྣའི་འགན་འཁྲི་བདའ་འདེད་གཏོང་དགོས།

--མི་ཚང་མས་རང་ཉིད་ཀྱི་བདེ་ཐང་འགན་འཁྲི་ཨང་དང་པོ་བྱས་ཏེ་ཁ་རས་རྒྱག་པ་དང་། ལག་པ་འཁྲུ་བ། འབྲེལ་འདྲིས་བར་ཐག་ལ་རྨིད་གཅིག་འཇོག་པ། སྤྱི་སྤྱོད་ཐུར་མ་སྤྱོད་པ། འདུ་འཛོམས་ཉུང་ཙམ་བྱེད་པ། རླུང་རྒྱུ་རུ་འཇུག་པ་སོགས་ཀྱི་འཕྲོད་བསྟེན་གོམས་གཤིས་བཟང་པོ་མུ་མཐུད་མཐའ་འཁྱོངས་བྱེད་དགོས། གལ་སྲིད་ཚ་རྒྱས་པ་དང་སྐམ་ལུ་བྱེད་པ། སྣ་དང་མིད་པ་མི་བདེ་བ་སོགས་ཀྱི་དོགས་གཞི་ཡོད་པའི་ནད་རྟགས་ཐོན་ཚེ་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱས་ནས་གང་མྱུར་སྒོས་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱོད་དགོས།

--“དགོས་གལ་མེད་ན་འདུ་འཛོམས་མི་བྱེད་པ”དར་སྤེལ་བཏང་སྟེ། གཉེན་ཉེ་དང་གྲོགས་པོར་ལྟ་རུ་མི་འགྲོ་བ་དང་འདུ་འཛོམས་མི་བྱེད་པ། མི་སྣ་འདུ་འཛོམས་མང་ས་དང་མཁའ་རླུང་འཁོར་རྒྱུག་མི་བྱེད་པའི་གནས་སུ་མི་འགྲོ་བར་གཟུགས་པོའི་དྲོད་ཚད་འཇལ་བ་དང་ཁ་རས་ངེས་པར་དུ་བརྒྱག་པ། “བདེ་ཐང་ཨང་བཤེར་ཟུང”ངེས་པར་དུ་ཨང་བཤེར་བྱེད་པ་སོགས་ཀྱི་འགོག་ཟོན་བྱེད་ཐབས་ལག་བསྟར་ནན་པོ་བྱེད་དགོས།

ལོ་ཙཱ་བ། ལྷ་ཆེན་རྒྱལ།