རང་ཞིང་གིས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་དང་བཟོ་བའི་གདོང་ལེན་པའི་སྔོན་ཐོན་ཐུན་མོང་དང་མི་སྒེར་ལ་བྱ་དགའ་གནང་བ།

རང་རེའི་དྲ་བའི་འཕྲིན། ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་གྱི་སྔ་ནུབ་ཏུ། ཞིང་ཆེན་གྱི་འགོ་ཁྲིད་དབྱིན་པད་དང་མ་ཅི་ཞའོ། ལིའུ་ཀི་ཕིང་། ཝང་ལིས་མེན་བཅས་ཀྱིས་སོ་སོར་བཞུགས་མོལ་བརྗེ་རེས་དང་ཡུལ་དངོས་འཚམས་འདྲི། གཞི་རིམ་དུ་བྱ་དགའ་སྟེར་བ་སོགས་ཀྱི་རྣམ་པ་བརྒྱུད་དེ། 2022ལོར་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ལྕ་གཅིག་ངལ་རྩོལ་དགའ་རྟགས་དང་གཟེངས་རྟགས། བཟོ་བའི་གདོང་ལེན་རྟགས་ཀྱི་སྔོན་ཐོན་ཐུན་མོང་དང་མི་སྒེར་ལ་བྱ་དགའ་གནང་བ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཁོ་ཚོར་བླ་མེད་ཀྱི་གུས་འདུད་ཞུས་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ངལ་རྩོལ་པར་དུས་ཆེན་གྱི་འཚམས་འདྲི་ཞུས།

ཞིང་ཆེན་གྱི་འགོ་ཁྲིད་ཚོས་སོ་སོར་ཝུའུ་ཡུས་མེན་དང་ཀྲུའུ་ཁྲང་པའོ། ཧན་ཧའེ་ཡུན། ཡུས་ཝན་ཧུའུ། ཀྲང་ཡུན་ཀྲུང་སོགས་སྔོན་ཐོན་མི་སྒེར་དང་ཀྲུང་གོའི་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་ཟི་ཟི་ལིང་ཐའོ་ཅ་ཀྲའེ་འབབ་ཚུགས། ཀྲུང་གོ་གློག་འཕྲིན་གཞི་གྲངས་རིག་ནུས་ཚན་རྩལ་ཚད་ཡོད་ཀུང་ཟི་མཚོ་སྔོན་ཡན་ལག་ཀུང་ཟིའི་སྤྲིད་རྩིས་དང་དྲ་རྒྱའི་བདེ་འཇགས་པུའུ། མཚོ་སྔོན་དབྱི་ཧྭ་རྫས་འགྱུར་བཟོ་ལས་ཚད་ཡོད་འགན་ལེན་ཀུང་ཟི། ཧྲིན་ཡོན་སྡེ་ཚོགས་ཚད་ཡོད་ཀུང་ཟི། མཚོ་སྔོན་ཕིང་ཞིན་འཛུགས་སྐྲུན་སྡེ་ཚོགས། མཚོ་སྔོན་གློག་རྡུལ་རྒྱུ་ཆས་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་ཟི། མཚོ་སྔོན་པའེ་ཧི་ཧ་ཡང་ལས་རིགས་ཚད་ཡོད་འགན་ལེན་ཀུང་ཟིའི་ཞིབ་བཤེར་བཟོ་བཅོས་འཁོར་ཁང་རླངས་འཁོར་ཞིབ་བཤེར་བཟོ་བཅོས་འཛིན་གྲྭ་དང་པོ་སོགས་སྔོན་ཐོན་ཐུན་མོང་ལ་བྱ་དགའ་བྱིན།

ཞིང་ཆེན་གྱི་མགོ་ཁྲིད་ཚོས་ཁོ་ཚོས་མཚན་སྙན་གཅེས་སྤྲས་དང་མུ་མཐུད་འབད་འཐབ་བྱེད་པ་དང་། ངལ་རྩོལ་དཔེ་ལེགས་ཅན་གྱི་སྙིང་སྟོབས་དང་ངལ་རྩོལ་སྙིང་སྟོབས། བཟོ་སྐྲུན་པའི་སྙིང་སྟོབས་དར་སྤེལ་གཏོང་བ། དཔེ་ལེགས་ཅན་དང་དཔེ་སྟོན་དཔེ་མཚོན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས། ངལ་རྩོལ་གཟི་བརྗིད་ལྡན་པ་དང་ངལ་རྩོལ་བླ་ན་མེད་པ། ངལ་རྩོལ་རླབས་ཆེ་བ། ངལ་རྩོལ་ཆེས་མཛེས་པའི་སྤྱི་ཚོགས་དར་སྲོལ་གྲུབ་པར་བྱེད་དགོས། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཐུན་མོང་དང་མི་སྒེར་གྱིས། ཏང་དང་མི་དམངས་ཀྱི་རེ་སྒུག་སྟོང་ཟད་དུ་མི་གཏོང་བ་དང་། དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ། རྒྱལ་ཁབ་ཀྱི་ལས་དོན་གལ་ཆེན་ཡིད་ལ་འཛིན་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པའི་ལག་ལེན་ཁྲོད་ཞུགས་པ། གྲུབ་འབྲས་གསར་བ་འགྲེམ་སྟོན་བྱས་ཏེ། འགུལ་སྐྱོད་དངོས་ཀྱི་སྟེང་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་རྒྱུ་ཡིན་པའི་ཚུལ་བསྟན།

ལོ་ཙཱ་བ། ལྷ་ཆེན་རྒྱལ།