ཟི་ལིང་དུ་བསྟུད་མར་ཉིན6ལ་པྲོག་གསར་ནད་པ་གཅིག་ཀྱང་བྱུང་མི་འདུག

གསར་འགོད་པས་པྲོག་གསར་གློ་ཚད་རིམས་ནད་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཟླ5བའི་ཚེས1ཉིན། ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་གྱི་བཀག་སྡོམ་ཁུལ། ཚོོད་འཛིན་ཁུལ་དང་གཙོ་གནད་གཅིག་བསྡུས་ཚོད་འཛིན་དོ་དམ་གྱི་མི14739ལ་ཉིང་སྐྱུར་བརྟག་དཔྱད་བྱས་པའི་བརྟག་འབྲས་ཚང་མ་སྲིབ་གཤིས་རེད།ཟླ4བའི་ཚེས26ཉིན་གྱི་ཆུ་ཚོད0ནས་ཟླ5བའི་ཚེས1ཉིན་གྱི་ཆུ་ཚོད24ཡི་བར། ཟི་ལིང་གྲོང་ཁྱེར་ཡོངས་སུ་བསྟུད་མར་ཉིན6ལ་པྲོག་གསར་གློ་ཚད་ནད་དུག་གདགས་གཤིས་ཅན་གཅིག་ཀྱང་བྱུང་མི་འདུག

གྲོང་ཁྱེར་ཡོངས་ཀྱི་རིམས་ནད་འགོག་ཟོན་གྲུབ་འབྲས་སྔར་ལས་སྲ་བརྟན་ཅན་དུ་གཏོང་ཆེད། རྒྱ་ཆེའི་གྲོང་ཁྱེར་སྡོད་དམངས་དག་གྲོང་ཁྱེར་ལས་གཞན་ལ་མི་འགྲོ་བ་དང་ཞིང་ཆེན་ལས་མི་བརྒལ་པ། ནང་སྒོས་སུ་ཉེ་ལམ་རིམས་ནད་བྱུང་སའི་ས་ཁུལ་དུ་འགྲོ་མི་རུང་། རང་སྲུང་རང་བདག་གི་འདུ་ཤེས་མཐོར་འདེགས་སུ་བཏང་ནས། ཁ་ཐུམ་རྒྱག་པ་དང་ལག་པ་བཀྲུ་པ། རླུང་རྒྱུ་རུ་འཇུག་པ། རྒྱུན་དུ་དུག་སེལ་བྱེད་པ་སོགས་ཀྱི་མི་སྒེར་འཕྲོད་བསྟེན་བྱ་བའི་གོམས་གཤིས་ལེགས་པོ་ཤིག་ཆགས་སུ་བཅུག་སྟེ། འདུ་འཛོམས་མི་བྱེད་པ་དང་མཉམ་རུབ་མི་བྱེད་པ། བདེ་འཇགས་ཀྱི་བར་ཐག་བཞག་སྟེ་འབྲེལ་འདྲིས་བྱེད་པ། མི་ཚོགས་ཉུང་ས་དང་མི་ཚོགས་འཁོར་རྒྱུགས་ཆེ་ས་རུ་མི་འགྲོ་བ། རང་འགུལ་གྱིས་རིམས་ནད་འགོག་ཟོན་བྱ་བའི་བྱེད་ཐབས་སྣ་ཚོགས་ལེགས་པོར་སྒྲུབ་དགོས། གལ་ཏེ་ཚ་རྒྱས་པ་དང་གློ་ལུ་བྱེད་པ། མིད་པ་ན་བ། ལུས་པོར་ཤུགས་མེད་པ། སྣའི་ཚོར་ཤེས་ཉམས་པ། ཁོག་པ་བཤལ་པ་སོགས་ཀྱི་ནད་རྟགས་ཡོད་ན་དུས་ལྟར་ཁ་ཐུམ་བརྒྱབ་སྟེ་སྨན་ཁང་དང་སྒོ་བསྟེན་ཁང་དུ་སོང་ནས་སྨན་བཅོས་བྱེད་དགོས།