ངལ་རྩོལ་དུས་ཆེན་སྐབས་རླངས་འཁོར་ཆུང་གྲས་ལ་ལམ་གླ་ལེན་རྒྱུ་མ་རེད།

ཚེས26ཉིན་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་ད་ལོའི་ལྔ་གཅིག་ངལ་རྩོལ་དུས་ཆེན་གྱི་གུང་གསེང་སྐབས་སུ་འདུག་སྟེགས7ཅན་དང་དེའི་མན་གྱི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་དག་གཞུང་ལམ་སྟེང་ཤར་སྐྱོད་བྱས་ན་ལམ་གླ་རིན་མེད་བྱ་རྒྱུ་རེད། རླངས་འཁོར་ཆུང་གྲས་ཀྱི་ལམ་གླ་རིན་མེད་བྱེད་པའི་དུས་ཚོད་ནི་ཟླ4པའི་ཚེས30ཉིན་གྱི་དུས་ཚོད0ནས་ཟླ5པའི་ཚེས4ཉིན་གྱི་དུས་ཚོད24ཡི་རིང་ཡིན་པས། དུས་སྐབས་འདིར་རྒྱ་ཆེའི་རླངས་འཁོར་ཁ་ལོ་བ་དག་གིས་མྱུར་བགྲོད་གཞུང་ལམ་སྟེང་རླངས་འཁོར་བསྐོར་ཏེ་ཤར་སྐྱོད་བྱས་ན་ལམ་གླ་རིན་མེད་ཀྱི་དམིགས་གསལ་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་ཐུབ།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།