རང་ཞིང་གིས་ཞིང་ཆེན་རིམ་པའི་ལས་རིགས་སློབ་གསོའི་དགེ་རྒན་དཔུང་སྡེ་སྐྱེད་སྲིང་རྟེན་གཞི11བཙུགས།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གསར་འགོད་པས་ཞིང་ཆེན་སློབ་གསོ་ཐིང་ནས་ཤེས་གསལ་ལྟར་ན། རང་ཞིང་གིས་ལས་རིགས་སློབ་གསོའི་དགེ་རྒན་དཔུང་སྡེ་སྐྱེད་སྲིང་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་དང་། དགེ་རྒན་སྐྱེད་སྲིང་གི་བྱ་བར་ཤུགས་སྣོན་བཅས་བྱ་ཆེད། ཞིང་ཆེན་སློབ་གསོ་ཐིང་གིས་འདེམས་སྒྲུག་གཏན་འཁེལ་བྱས་པ་བརྒྱུད། ཟབ་སྦྱོང་རྟེན་གཞི11དང་ལས་གཞི་དོ་དམ་གཞུང་སྒྲུབ་ཁང་2བཅས་ལ་སྒོ་བྱང་བསྩལ། དེ་ནི་རང་ཞིང་གི་ལས་རིགས་སློབ་གསོའི་དགེ་རྒན་ཟབ་སྦྱོང་བྱ་བ་དེ་ལམ་ལུགས་ཅན་དང་། ཚད་ལྡན་ཅན། ཁྱད་ཆོས་ཅན་གྱི་ཕྱོགས་སུ་འཕེལ་བའི་དུས་རིམ་གསར་པར་སླེབས་པ་མཚོན།

རེབ་འདིའི་ཞིང་ཆེན་རིམ་པའི་ལས་རིགས་སློབ་གསོའི་དགེ་རྒན་སྐྱེད་སྲིང་གི་ཟབ་སྦྱོང་རྟེན་གཞི་ཁྲོད་སློབ་ཆེན་དང་ལས་རིགས་སློབ་ཆེན4རེ་ཡོད་ལ། དེ་དག་ནི་མཚོ་སྔོན་སློབ་ཆེན་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་སྒོ་འབྱེད་སློབ་ཆེན། མཚོ་སྔོན་བཟོ་སྐྲུན་ལས་རིགས་ལག་རྩལ་སློབ་གླིང་། མཚོ་སྔོན་འཕྲོད་བསྟེན་ལས་རིགས་ལག་རྩལ་སློབ་གླིང་། མཚོ་སྔོན་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་། ཟི་ལིང་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གླིང་བཅས་ཡིན། འབྲིང་རིམ་ལས་རིགས་སློབ་གྲྭ2ཏེ། མཚོ་སྔོན་ཞིང་ཆེན་ཆུ་གློག་ལས་རིགས་ལག་རྩལ་སློབ་གྲྭ་དང་། མཚོ་སྔོན་ཞིང་ཆེན་བཟོ་ལས་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་ཡིན། ཟབ་སྦྱོང་ལས་ཁུངས1སྟེ། མཚོ་སྔོན་ཞིང་ཆེན་ཞའོ་ཏའོ་རིག་གནས་སློབ་གསོ་གོང་སྤེལ་རྟེན་གཞི་བཅས་སོ། ཞིང་ཆེན་ལས་རིགས་སློབ་གསོའི་ལས་གཞི་དོ་དམ་གཞུང་སྒྲུབ་ཁང་དེ་མཚོ་སྔོན་སློབ་ཆེན་དང་མཚོ་སྔོན་ཞིང་ཆེན་ཆུ་གློག་ལས་རིགས་ལག་རྩལ་སློབ་གླིང་དུ་ཡོད་ལ། རྟེན་གཞི་དང་ལས་གཞི་གཞུང་སྒྲུབ་ཁང་བཙུགས་པ་བརྒྱུད། རང་ཞིང་གི་ལས་རིགས་སློབ་གསོའི་དགེ་རྒན་ཟབ་སྦྱོང་ལ་ཐོག་མར་རྣམ་པ་མི་འདྲ་བ་དང་། རིམ་པ་མི་འདྲ་བ་དང་། རིགས་མི་འདྲ་བའི་ཞབས་ཞུ་མ་ལག་གྲུབ།

ཞིང་ཆེན་སློབ་གསོ་ཐིང་གི་འབྲེལ་ཡོད་འགན་འཁུར་བས་འདི་སྐད། རྟེན་གཞི་དང་ལས་གཞི་གཞུང་སྒྲུབ་ཁང་ལ་མཚོན་ན། ལས་རིགས་སློབ་གསོའི་སྲིད་ཇུས་ཞིབ་འཇུག་ལ་ཤུགས་སྣོན་དང་། ལས་རིགས་སློབ་གསོའི་ཁྱད་ཆོས་ལ་སྟངས་འཛིན། ལས་རིགས་སློབ་གསོའི་དགེ་རྒན་གྱི་མཁོ་གནད་བསྐང་བ། ཟབ་སྦྱོང་གི་ནང་དོན་དང་བསླབ་ཚན་ཇུས་འགོད་བཟང་པོ་བྱེད་པ། ཁྱད་ཆོས་ལྡན་པའི་སློབ་རྟགས་བཟོ་བ། ཟབ་སྦྱོང་གི་རྨང་གཞི་མི་འདྲ་བ་དང་རིགས་མི་འདྲ་བ། ཁྱད་ཆོས་མི་འདྲ་བ་དག་ཡུལ་དུས་བསྣོལ་ཏེ། ཁྱད་ཆོས་ཅན་དང་བར་ཁྱད་ཅན། སྤུས་ལེགས་ཅན་གྱི་ཐབས་ལམ་སྤྱད་ནས་དགོས་མཁོ་དང་། འདོན་སྤྲོད། ཟབ་སྦྱོང་བཅས་ཀྱི་ནུས་པ་ཇེ་ཆེར་གཏང་ཐུབ་པ་བཅས་ཀྱི་ནུས་པ་ལྡན་ཟེར།

ཁོན་ཐར་འཚོས་བསྒྱུར།