མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་རིམས་ནད་འགོག་ཟོན་ཐད་ཤ་ཚའི་དྲན་སྐུལ་འདི་འདྲ་བྱས་འདུག །

གཅིག ཉིང་སྐྱུར་ཚད་ལེན་བྱེད་དུས་ངེས་པར་དུ་མི་སྒེར་གྱི་འགོག་ཟོན་ལ་དང་དོད་ཆེན་པོ་བྱས་ཏེ། གོ་རིམ་ཧྲིལ་བོར་ཁ་ཐུམ་ལེགས་པོ་རྒྱག་དགོས། བདེ་ཐང་ཨང་རྟགས་དང་འགྲོ་འོང་ཨང་རྟགས་གཉིས་བཤེར་དུས་ཀྱང་མིའི་བར་སྨི2ཡན་གྱི་བར་ཐག་འཇོག་དགོས། མི་བདེ་བའི་ཚོར་བ་ག་འདྲ་བྱུང་ཡང་། སྨན་བཅོས་མི་སྣའི་ཉིང་སྐྱུར་མ་དཔེ་ལེན་པར་རམ་འདེགས་བཟང་པོ་བྱ་དགོས། ཉིང་སྐྱུར་མ་དཔེ་བླངས་རྗེས་ལམ་སེང་གནས་དེ་ལས་འབྲལ་དགོས་ལ། དགོས་ངེས་ཆེར་མེད་ཚེ་འགྲུལ་སྐྱེལ་རླངས་འཁོར་ལ་སོགས་སུ་མི་སྡོད་པར་བྱ།

གཉིས། ཉིང་སྐྱུར་ཚད་ལེན་བྱེད་དུས་ངང་སྒུག་བྱེད་སར་འདུ་རུབ་མི་རྒྱག་པ་དང་། ཡུལ་དངོས་ན་ཡོད་པའི་མ་དཔེ་ལེན་མཁན་དང་དེའི་དངོས་པོར་གང་འདོད་དུ་མི་རེག་པར་བྱ། ལག་པས་ཁ་ཐུམ་གྱི་ཕྱིར་མི་རེག་པར་བྱ། ས་གང་བསྡད་དང་གར་འགྲོར་ལུད་པ་དང་མཆིལ་མ་གང་བྱུང་དུ་མི་འཕེན་པ་དང་། བེད་མེད་ཁ་ཐུམ་ཡང་གང་སར་མི་འཕེན་རོགས།

གསུམ། ཉིང་སྐྱུར་ཚད་ལེན་མ་བྱས་སྔོན་ལ། ཨང་རྟགས་བཤེར་ནས་ཆ་འཕྲིན་ཐོ་འགོད་བྱ་དགོས་ལ། ཐོ་འགོད་བྱེད་དུས་ངེས་པར་དུ་མི་སྒེར་གྱི་ཆ་འཕྲིན་ངོ་མ་ཡིན་དགོས། ཐོ་འགོད་ཀྱི་རྩ་གཉིས་ཨང་རྟགས་ཐོན་རྗེས་པར་རིས་བཅད་དེ་ཁ་པར་ནང་ཉར་དགོས། ཁ་པར་མེད་པའི་བགྲེས་སོང་དང་བྱིས་པ་ཚོར་ནང་མིའི་འགྲོ་རོགས་བྱས་ནས་ནང་མིའི་ཁ་པར་སྟེང་ནས་རྩ་གཉིས་ཨང་རྟགས་ལེན་དགོས།

བཞི། ཉིང་སྐྱུར་མ་དཔེ་མ་བླངས་སྔོན་གྱི་ཆུ་ཚོད་གཉིས་ནང་རབ་ཡིན་ན་ཟ་མ་མ་ཟས་ན་བཟང་བ་དང་། སྐར་མ30ཡི་ནང་ཆུ་མི་འཐུང་བ་དང་། ཆང་མི་འཐུང་བ། ཐང་ཆུ་མི་ལྡུད་རོགས། དེ་ལྟར་བྱས་ན་མ་དཔེ་ལེན་དུས་སྐྱུག་པ་དང་ཕོ་བ་མི་བདེ་བ་སོགས་ཀྱི་སྣང་ཚུལ་མི་འབྱུང་བར་ཕན།

ལྔ། ཉིང་སྐྱུར་ཚད་ལེན་བྱེད་དུས། མི་སྒེར་གྱི་ཐོ་འགོད་བྱས་པའི་རྩ་གཉིས་ཨང་རྟགས་སྟོན་དགོས་ལ། གོ་རིམ་ཧྲིལ་བོར་ཡང་ཁ་ཐུམ་ཡག་པོ་བརྒྱབ་ནས་མི་སྒེར་གྱི་འགོག་ཟོན་ལ་དང་དོད་བྱེད་དགོས་པ་དང་། མིའི་བར་སྨི2ཀྱི་བར་ཐག་བཞག་ནས་གོ་རིམ་ལྟར་གྲལ་བསྒྲིག་དགོས་ལ། མི་མང་འདུ་སར་སྐྱོད་ཅིང་། ཁ་བརྡ་མི་བྱེད་རོགས།

དྲུག ཉིང་སྐྱུར་ཚད་ལེན་གྱི་གོ་རིམ་ཁྲོད་ཚད་ལེན་བྱེད་སའི་སྟེགས་བུའི་སྟེང་གི་དངོས་པོར་མི་རེག་པར་བྱ། ཁ་པར་དང་། ཐོབ་ཐང་ལག་འཁྱེར། ལྡེ་མིག་ལ་སོགས་མི་སྒེར་གྱི་དངོས་པོ་སྟེགས་བུར་འཇོག་མི་རུང་། སྣ་ཁུང་དང་གྲེ་བ་ལས་ཉིང་སྐྱུར་ལེན་དུས་སྨན་བཅོས་མི་སྣའི་རེ་བ་ལྟར་རམ་འདེགས་བཟང་བོ་བྱེད་དགོས།

བདེན། རང་རྟོགས་ཀྱི་སྒོ་ནས་མ་དཔེ་ལེན་ས་སོ་སོའི་ལས་བྱེད་པའི་བཀོད་སྒྲིག་ལ་བརྩི་སྲུང་དང་། བཀོད་འདོམས་ལ་བརྩི་སྲུང་བྱས་ཏེ། ཆ་འཕྲིན་ཐོ་འགོད་དང་མ་དཔེ་བསྡུ་ལེན་གྱི་བྱ་བར་རམ་འདེགས་གང་ལེགས་བྱ་དགོས་པ་དང་། ཉིང་སྐྱུར་བརྟག་འབྲས་མ་ཡོང་གོང་ཁྱིམ་དུ་བསྡད་དེ་འདུ་འཛོམས་དང་། སྒོ་ཉུལ་ལ་སོགས་འགྲོ་འོང་མི་བྱེད་རོགས།

ཁོན་ཐར་འཚོས་བསྒྱུར།