ལྟ་སྐྱོང་མཁན།

དང་པོ།ལྟ་སྐྱོང་གི་མཚན་ཉིད།

ལྟ་སྐྱོང་ཞེས་པ་ནི་དམངས་ཁྲིམས་སྟེང་གཏན་ཁེལ་བྱས་པའི་དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མིའམ་དམངས་དོན་བྱ་སྤྱོད་སྤེལ་ནུས་ལ་ཚད་བཀག་བྱས་པའི་མིའི་མིུ་ལུས་དང་རྒྱུ་ནོར་རམ་ཡང་ན་གཞན་པའི་ཁྲིམས་མཐུན་ཁེ་ཕན་ལ་ལྟ་སྐྱོང་དང་སྲུང་སྐྱོང་བྱེད་པའི་སྒྲིག་ལམ་ཞིག་ལ་གོ། ལྟ་སྐྱོང་དང་སྲུང་སྐྱོང་འོས་འགན་ལག་བསྟར་བྱེད་པའི་མི་ལ་ལྟ་སྐྱོང་མཁན་ཞེས་འབོད་ཅིང་། ལྟ་སྐྱོང་དང་སྲུང་སྐྱོང་ཐོབ་མཁན་ལ་ལྟ་སྐྱོང་བྱེད་ཡུལ་(ལྟ་སྐྱོང་མི)ཞེས་འབོད།

གཉིས་པ། ལྟ་སྐྱོང་མིའི་གཏན་ཁེལ།

རིགས་དང་པོ། ནར་མ་སོན་པའི་མིའི་ལྟ་སྐྱོང་།

Lནར་མ་སོན་པའི་མིའི་ཕ་མ་ནི་ནར་མ་སོན་པའི་མིའི་ལྟ་སྐྱོང་མཁན་ཡིན།

2.ནར་མ་སོན་པའི་མིའི་ཕ་མ་ཚེ་ལས་འདས་པའམ་ཡང་ན་ལྟ་སྐྱོང་གི་ནུས་པ་མེད་ཚེ།གཤམ་གྱི་མི་སྣ་ཚོས་ལྟ་སྐྱོང་གི་འགན་འཁུར་དགོས།

(1) སྤོ་བོ་དང་རྨོ་མོ། ཕུ་ནུ་མིང་སྲིང་།

(2) འབྲེལ་བ་དམ་ཟབ་ཡོད་པའི་གཞན་པའི་ཤ་ཉེའམ་གྲོགས་པོ་ཡིས་ལྟ་སྐྱོང་གི་འགན་འཁྲི་འཁུར་འདོད་ཚེ། ནར་མ་སོན་པའི་མིའི་ཕའམ་མའི་ལས་ཁུངས་སམ་ནར་མ་སོན་པའི་མི་སྡོད་སའི་སྡོད་དམངས་ཨུ་ཡོན་ལྷན་ཁང་ངམ་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་འཐད་པ་བརྒྱུད་ནས་འགན་འཁུར་ཆོག

(3) གཏན་ཁེལ་གྱི་མི་འདི་དག་མེད་པར་ལྟ་སྐྱོང་གི་འགན་འཁུར་དུས། ནར་མ་སོན་པའི་མིའི་ཕའམ་མ་ཡོད་སའི་ལས་ཁུངས་སམ་ནར་མ་སོན་པའི་མི་སྡོད་སའི་སྡོད་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་ངམ་དམངས་སྲིད་སྡེ་ཁག་གིས་ལྟ་སྐྱོང་གི་འགན་འཁུར་དགོས། ལྟ་སྐྱོང་གི་ཐོབ་ཐང་ཡོད་པའི་མིའི་བར་དུ་གྲོས་སྡུར་བྱས་ཏེ་སུས་ལྟ་སྐྱོང་མཁན་གྱི་འགན་འཁུར་བར་གཏན་ཁེལ་བྱེད་དགོས།

(4) ཕ་མ་གཉེན་འཐོར་བྱས་ཀྱང་ལྟ་སྐྱོང་གི་འབྲེལ་བར་ཤུགས་རྐྱེན་མི་ཐེབས།

(5) ཕ་མ་གཉེན་འཐོར་བྱས་རྗེས། ལྟ་སྐྱོང་བྱེད་ཡུལ་གྱིས་མི་གཞན་པའི་ཁེ་དབང་ལ་གནོད་སྐྱོན་བཟོས་ཚེ།ནར་མ་སོན་པའི་མི་དེ་དང་མཉམ་དུ་འཚོ་བ་རོལ་བའི་ཕྱོགས་དེས་འགན་འཁྲི་འཁུར་དགོས། མཉམ་དུ་འཚོ་བ་རོལ་བཞིན་མེད་པའི་ཕྱོགས་དེས་ཁ་གསབ་ཀྱི་འགན་འཁྲི་འཁུར་དགོས།ནར་མ་སོན་པའི་མི་དེ་དང་མཉམ་དུ་འཚོ་བ་རོལ་བཞིན་པའི་ཕྱོགས་དེར་འགན་འཁུར་ནུས་པ་མི་ཚེ་ཕྱོགས་གཞན་དེས་འཕྲོ་མའི་ཆ་ཤས་དེའི་འགན་འཁུར་དགོས།

རིགས་གཉིས་པ། སྐྱོ་ནད་ཅན་གྱི་ལྟ་སྐྱོང་མཁན།

དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའམ་དམངས་དོན་བྱ་སྤྱོད་སྤེལ་ནུས་ལ་ཚད་

བཀག་ཐེབས་པའི་སྨྱོ་ནད་ཅན་གྱི་མིར་གཤམ་གྱི་མི་སྣས་ལྟ་སྐྱོང་གི་འགན་འཁུར་དགོས།

1.བཟའ་ཟླ།

2.ཕ་མ་དང་ནར་སོན་པའི་བྱིས་པ།

3.གཞན་པའི་ཤ་ཉེ་དང་འབྲེལ་བ་དམ་ཟབ་ཡོད་པའི་ཉེ་ཚན། ཡང་ན་གྲོགས་པོ་གང་རུང་གིས་ལྟ་སྐྱོང་གི་འགན་འཁུར་འདོད་ཚེ། སྨྱོ་ནད་ཅན་གྱི་མི་ཡོད་སའི་ལས་ཁུངས་སམ་དེ་སྡོད་སའི་སྡོད་དམངས་ཨུ་ཡོན་ལྷན་ཁང་ངམ་སྡེ་དམངས་ཨུ་ཡོན་ལྷན་ཁང་བཅས་འཐད་པ་བྱུང་བས་ཆོག

4.གཏན་ཁེལ་གྱི་མི་འདི་དག་མེད་པར་ལྟ་སྐྱོང་གི་འགན་འཁུར་དུས། སྨྱོ་ནད་ཅན་ཡོད་སའི་ལས་ཁུངས་སམ་སྡོད་སའི་སྡོད་དམངས་ཨུ་ཡོན་ལྷན་ཁང་ངམ་སྡེ་དམངས་ཨུ་ཡོན་ལྷན་ཁང་ངམ་དམངས་སྲིད་སྡེ་ཁག་གིས་ལྟ་སྐྱོང་གི་འགན་འཁུར་དགོས། ལྟ་སྐྱོང་གི་ཐོབ་ཐང་ཡོད་པའི་མིའི་བར་དུ་གྲོས་སྡུར་བྱས་ཏེ་སུས་ལྟ་སྐྱོང་མཁན་གྱི་འགན་འཁུར་བར་གཏན་ཁེལ་བྱས་ཆོག

གསུམ་པ། ལྟ་སྐྱོང་མཁན་གྱི་འགན་འཁྲི།

ལྟ་སྐྱོང་མཁན་གྱི་འགན་འཁྲི་དག་ནི།

1.ལྟ་སྐྱོང་བྱེད་ཡུལ་གྱི་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོང་དང་། ལྟ་སྐྱོང་བྱེད་ཡུལ་གྱི་འཚོ་བར་གཉོར་སྐྱོང་བྱེད་པར་མ་ཟད། ལྟ་སྐྱོང་བྱེད་ཡུལ་ལ་དོ་དམ་དང་སློབ་གསོ་གཏོང་དགོས།

2.ལྟ་སྐྱོང་བྱེད་ཡུལ་གྱི་རྒྱུ་ནོར་ལ་དོ་དམ་དང་སྲུང་སྐྱོང་བྱེད་དགོས།

3.ལྟ་སྐྱོང་བྱེད་ཡུལ་གྱི་ཚབ་བྱས་ཏེ་དམངས་དོན་བྱ་འགུལ་སྤེལ་ཆོག

4.ལྟ་སྐྱོང་བྱེད་ཡུལ་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་སྐྱོན་ཐེབས་པའམ་ཡང་ན་

གཞན་དང་རྩོད་གླེང་བྱུང་དུས་ཚབ་གཏུག་བྱས་ཆོག

5.ལྟ་སྐྱོང་མཁན་གྱིས་ལྟ་སྐྱོང་འགན་འཁྲིའི་ཆ་ཤས་སམ་ཡོངས་རྫོགས་མི་གཞན་ལ་

མངགས་བཅོལ་བྱས་ཆོག ལྟ་སྐྱོང་བྱེད་ཡུལ་གྱི་ཁེ་གནོད་བྱ་སྤྱོད་ཀྱིས་དམངས་དོན་འགན་འཁྲི་འཁུར་དགོས་ཚེ། ལྟ་སྐྱོང་མཁན་གྱིས་འགན་འཁུར་འོས། ཡིན་ཡང་གཞན་པའི་ཁ་ཆད་ཡོད་པ་ཕུད། གལ་ཏེ་མངགས་བཅོལ་བྱས་ཡུལ་དོན་དངོས་ཀྱིས་ནོར་འཁྲུལ་ཡོད་ཚེ་ཞོར་དྲུད་འགན་འཁྲི་འཁུར་དགོས་སོ།