འགན་གཙང་སྤྲོད་མཁན་ཕྱོགས་ཀྱི་མོས་མཐུན་མ་ཐོབ་པར་འགན་གཙང་བླངས་པའི་ས་ཞིང་བཤུག་སྤྲོད་བྱེད་པར་རྩིས་འགྲོ་ཡོད་དམ།

སངས་པས་ལོ་བཅོ་ལྔའི་ཡར་སྔོན་དུ་གྲོང་ཚོ་ག་གེ་མོའི་རྨོ་ཞིང་སྐོར་ཞིག་འགན་གཙང་བླངས། ཁོའི་བུས་ཚོང་ལས་གཉེར་ནས་གྲུབ་འབྲས་ཆེ་ཙམ་ཐོབ་སྟེ་ཕ་ལགས་གྲོང་ཁྱེར་དུ་བསུས། དེ་ནས་སངས་པས་རང་ཉིད་ཀྱིས་འགན་གཙང་བླངས་པའི་ས་ཞིང་བཤུག་སྤྲོད་བྱེད་ཅིང་གྲོང་ཚོ་དེ་གའི་ཀླུ་མོས་འགན་གཙང་ལེན་རྒྱུ་བྱས། ཕྱོགས་གཉིས་ཀྱིས་འགན་གཙང་སྤྲོད་མཁན་ཕྱོགས་ཀྱི་མོས་མཐུན་མ་ཐོབ་པར་ས་ཞིང་གཉེར་སྐྱོང་འགན་གཙང་ལེན་དབང་བཤུག་སྤྲོད་ཀྱི་གན་རྒྱ་བཞག འོ་ན་འགན་གཙང་བླངས་པའི་ས་ཞིང་འདི་ལྟར་བཤུག་སྤྲོད་བྱས་ན་རྩིས་འགྲོ་ཡོད་དམ་ཞེ་ན།

ཆེད་མཁས་པའི་དྲིས་ལན།

ས་ཞིང་གཉེར་སྐྱོང་འགན་གཙང་ལེན་དབང་བཤུག་སྤྲོད་བྱས་རྗེས་འགན་གཙང་ལེན་མཁན་དང་སྤྲོད་མཁན་ཕྱོགས་གཉིས་ཀྱིས་ས་ཞིང་དེའི་འགན་གཙང་ལེན་གྱི་འབྲེལ་བ་དང་བབ་བསྟུན་གྱི་ཁེ་དབང་དང་འོས་འགན་འཁྲི་སྒྲུབ་བྱེད་མཚམས་འཇོག་རྒྱུ་མ་ཟད།འགན་གཙང་སྤྲོད་མཁན་ཕྱོགས་དང་བཤུག་སྤྲོད་ལེན་མཁན་ཕྱོགས་ནས་འགན་གཙང་ལེན་གྱི་འབྲེལ་བ་གསར་པ་གཏན་འཁེལ་བྱེད་རྒྱུ། གལ་ཏེ་འགན་གཙང་སྤྲོད་མཁན་ཕྱོགས་ཀྱི་མོས་མཐུན་མ་ཐོབ་པར་འགན་གཙང་ལེན་མཁན་ཕྱོགས་ཀྱིས་ས་ཞིང་གཉེར་སྐྱོང་འགན་གཙང་ལེན་དབང་མི་གཞན་པར་བཤུག་སྤྲོད་བྱས་ན་འགན་གཙང་སྤྲོད་མཁན་ཕྱོགས་ཀྱི་ཁེ་དབང་འགན་སྲུང་བྱེད་ཁག་པོ་རེད། དེའི་མི་ཚད་རང་རྒྱལ་གྱི་བཅའ་ཁྲིམས་སུ་གྲོང་གསེབ་ཀྱི་ས་ཞིང་གྲོང་གསེབ་ཐུན་མོང་ལ་དབང་བ་ཡིན་ཞེས་གཏན་འབེབས་བྱས་ཡོད་པས་ས་ཞིང་གཉེར་སྐྱོང་འགན་གཙང་ལེན་དབང་གང་འདོད་དུ་བཤུག་སྤྲོད་བྱེད་མི་ཆོག རང་རྒྱལ་གྱི་(གྲོང་གསེབ་ཀྱི་ས་ཞིང་འགན་གཙང་ལེན་ཕྱོགས་སྐོར་གྱི་བཅའ་ཁྲིམས》 སུ་གཏན་འབེབས་བྱས་དོན། ས་ཞིང་གཉེར་སྐྱོང་འགན་གཙང་ལེན་དབང་འགན་གཙང་གཞན་སྤྲོད་དང་།བོགས་མར་གཏོང་བ། ཕན་ཚུན་བརྗེ་རེས། བཤུག་སྤྲོད་བྱེད་པའམ་ཐབས་ཤེས་གཞན་དག་སྤྱད་དེ་འཁོར་རྒྱུག་བྱེད་ན། དོ་བདག་ཕྱོགས་གཉིས་ཀྱིས་ཡིག་ཐོག་གན་རྒྱ་འཇོག་དགོས། བཤུག་སྤྲོད་བྱེད་ཐབས་སྤྱད་དེ་འཁོར་རྒྱུག་བྱེད་པར་འགན་གཙང་སྤྲོད་མཁན་ཕྱོགས་ཀྱི་མོས་མཐུན་ཐོབ་དགོས་པ་དང་། འགན་གཙང་གཞན་སྤྲོད་དང་། བོགས་མར་གཏོང་བ། ཕན་ཚུན་བརྗེ་རེས་བྱེད་པའམ་ཐབས་ཤེས་གཞན་པ་སྤྱད་དེ་འཁོར་རྒྱུག་བྱེད་རིགས་འགན་གཙང་སྤྲོད་མཁན་ཕྱོགས་ལ་ཐོ་འགོད་སྙན་སེང་ཞུ་དགོས། དེར་བརྟེན།གྱོད་དོན་འདིའི་ཁྲོད་སངས་པ་དང་ཀླུ་མོ་བར་གྱི་གན་རྒྱར་རྩིས་མེད་པ་ཡིན།