ཧན་ཀྲིན་གྱིས་ཐུའུ་ཁུའུ་མན་སི་ཐན་གྱི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་ཁུར་མཁན། ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཐུའུ་ཁུའུ་མན་སི་ཐན་ཕྱོགས་ཀྱི་ཀྲུའུ་ཞི་ལ་ཐུག་འཕྲད་བྱས།

ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཀྲུང་གོ་ཕྱོགས་ཀྱི་ཀྲུའུ་ཞི་ཧན་ཀྲིན་གྱིས་པེ་ཅིང་ནས་བརྙན་རིས་བརྒྱུད་དེ་ཀྲུང་གོར་འཚམས་འདྲིར་ཡོང་བའི་ཐུའུ་ཁུའུ་མན་སི་ཐན་གྱི་ཙུང་ལི་གཞོན་པ་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་་གཅིག་ལྕོགས་སུ་ཁུར་མཁན། ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཐུའུ་ཁུའུ་མན་སི་ཐན་ཕྱོགས་ཀྱི་ཀྲུའུ་ཞི་མེ་ལེ་ཏོ་ཧྥུའུ་ལ་ཐུག་འཕྲད་བྱས།

ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཀྲུང་གོ་ཕྱོགས་ཀྱི་ཀྲུའུ་ཞི་ཧན་ཀྲིན་གྱིས་པེ་ཅིང་ནས་བརྙན་རིས་བརྒྱུད་དེ་ཀྲུང་གོར་འཚམས་འདྲིར་ཡོང་བའི་ཐུའུ་ཁུའུ་མན་སི་ཐན་གྱི་ཙུང་ལི་གཞོན་པ་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་་གཅིག་ལྕོགས་སུ་ཁུར་མཁན། ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཐུའུ་ཁུའུ་མན་སི་ཐན་ཕྱོགས་ཀྱི་ཀྲུའུ་ཞི་མེ་ལེ་ཏོ་ཧྥུའུ་ལ་ཐུག་འཕྲད་བྱས།

ཧན་ཀྲིན་གྱིས་བསྟན་དོན། ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་ནི་ཕན་ཚུན་ལ་བརྩི་འཇོག་དང་ཡིད་ཆེད་བྱེད་པ་དང་གཉིས་ཕན་མཉམ་རྒྱལ་གྱི་འཐབ་ཇུས་གྲོགས་པོ་ཡིན། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་དངོས་སུ་ཐུགས་ཁུར་གནང་བ་དང་ཐད་ཀར་དུ་སྐུལ་འདེད་བཏང་འོག ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་བར་གྱི་འབྲེལ་བ་ཐོལ་བརྒལ་རང་བཞིན་གྱི་སྒོ་ནས་འཕེལ་རྒྱས་བྱུང་བ་དང་། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ནས་ལོ་རྒྱུས་ཀྱི་ཆེས་མཐོ་བའི་ཆུ་ཚད་ལ་སླེབས། ད་ལོའི་ཟླ་གསུམ་པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྔོན་ཆད་ཀྱི་ཙུང་ཐུང་པེ་ཨར་ཏི་མུའུ་ཧ་མེ་ཏོ་ཧྥུའུ་དང་ཙུང་ཐུང་ཞེ་ཨར་ཏ་ཨར་པེ་ཨར་ཏི་མུའུ་ཧ་མེ་ཏོ་ཧྥུའུ་གཉིས་ལ་ཁ་པར་བཏང་སྟེ། ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་གྱི་འབྲེལ་བའི་གོ་རིམ་རྗེས་མའི་འཕེལ་རྒྱས་ལ་ཁ་ཕྱོགས་བསྟན། ཀྲུང་གོ་ཕྱོགས་ཀྱིས་ཐུའུ་ཁུའུ་མན་སི་ཐན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་ཁྱོན་ཡོངས་ནས་དངོས་འབེབས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་མཉམ་ལས་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་འདོད་ཡོད།

ཧན་ཀྲིན་གྱིས་ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་བར་གྱི་གོ་རིམ་རྗེས་མའི་ཁྱབ་ཁོངས་གཙོ་བོའི་མཉམ་ལས་རྒྱ་བསྐྱེད་པར་གྲོས་གཞི་བཞི་བཏོན། གཅིག རང་བྱུང་སོལ་རླངས་མཉམ་ལས་དེ་རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ཀྱི་ནང་དོན་གཙོ་བོར་བཞག་སྟེ། འབྲེལ་ཡོད་བྱ་བའི་ཐད་ནས་བརྒལ་གཏོར་བྱེད་པར་མྱུར་དུ་སྐུལ་འདེད་གཏོང་བ་དང་། རང་བྱུང་སོལ་རླངས་མཉམ་ལས་དེ་ཆུ་ཚད་གསར་བར་མཐོར་འདེགས་སུ་གཏོང་བར་མ་ཟད། ཧུར་ཐག་སྒོས་རླུང་ནུས་དང་ཉི་འོད་ནུས་པ་སོགས་ཀྱི་ནུས་ཁུངས་གསར་སྤེལ་མཉམ་ལས་ལ་ཞིབ་འཇུག་དང་རྒྱ་བསྐྱེད་ནས། ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་བར་གྱི་ནུས་ཁུངས་མཉམ་ལས་ཀྱི་ནང་དོན་ཕུན་སུམ་ཚོགས་པར་གཏོང་དགོས། གཉིས། རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་བཏོན་པ་དེ་ཐུའུ་ཁུའུ་མན་སི་ཐན་ཕྱོགས་ཀྱི་དར་གོས་ཚོང་ལམ་བསྐྱར་དར་གྱི་འཐབ་ཇུས་དང་འབྲེལ་མཐུད་བྱེད་པར་སྐུལ་འདེད་བཏང་སྟེ། ཞིང་ལས་དང་འགྲིམ་འགྲུལ། འཕྲིན་གཏོང་། དངུལ་རྩ། མཁའ་སྐྱོད་མཁའ་འགྲུལ། སྒྲིག་ཆས་གསར་བཟོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་གི་མཉམ་ལས་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། གསུམ། བདེ་འཇགས་མཉམ་ལས་རྒྱ་བསྐྱེད་ནས། བདེ་འཇགས་དོན་རྐྱེན་གལ་ཆེན་ལ་དོགས་ཟོན་དང་ཁ་གཏད་འཇལ་བའི་ནུས་པ་ཇེ་ཆེར་གཏོང་དགོས། བཞི། རྒྱུན་མཐུད་སྒོས་རྒྱལ་ཁབ་གཉིས་ཀྱི་མི་གཞུང་མཉམ་ལས་ཀྱི་སྤུས་ཚད་དང་ཆུ་ཚད་མཐོར་འདེགས་སུ་བཏང་ནས། ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་པ་བཅས་རེད།

མེ་ལེ་ཏོ་ཧྥུའུ་ཡིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་ད་ལོའི་ཟླ་གཉིས་པར་ཐུག་འཕྲད་བྱས་ཏེ་ཐུའུ་ཁུའུ་མན་སི་ཐན་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ཁ་ཕྱོགས་བསྟན། ཐུའུ་ཁུའུ་མན་སི་ཐན་ཕྱོགས་ཀྱིས་ཐུའུ་ཁུའུ་མན་སི་ཐན་དང་ཀྲུང་གོའི་འཐབ་ཇུས་གྲོགས་པོའི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་འབྲེལ་འདྲིས་དམ་པོ་བྱས་ཏེ། ཐུའུ་ཁུའུ་མན་སི་ཐན་དང་ཀྲུང་གོའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་རྐྱེན་སྲོལ་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱེད་པར་མ་ཟད། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་སྔར་ལས་མཐོ་བའི་ཆུ་ཚད་དུ་སླེབས་པར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།