རྒན་གསོའི་འགན་བཅོལ་ཞིང་ཆེན་བརྒལ་ནས་སྤོ་སྒྱུར་ཇི་ལྟར་བྱ་དགོས།

གྲོང་ཁྱེར་དང་ཡུལ་ཚོའི་སྡོད་དམངས་ཀྱི་རྒན་གསོའི་འགན་བཅོལ་ཞིང་ཆེན་ཕྱིར་སྤོ་བའི་བརྒྱུད་རིམ་ནི། མི་སྒེར་ནས་རྒན་གསོའི་འགན་བཅོལ་སྤོར་སའི་སྤྱི་ཚོགས་འགན་བཅོལ་ཅུའུ་རུ་སྤོ་བའི་དང་ལེན་གྱི་ཡི་གེ་བླངས་རྗེས། དེ་སྔའི་ས་གནས་ཀྱི་སྤྱི་ཚོགས་འགན་བཅོལ་ཅུའུ་ཡི་མཆན་འགོད་རེའུ་མིག་སྟེང་འགན་བཅོལ་སྤོ་སྒྱུར་གྱི་ཆ་འཕྲིན་འབྲི་དགོས་པ་མ་ཟད། ཐོབ་ཐང་ལག་ཁྱེར་དང་ཁྱིམ་ཐོ་ཡི་འབྲེལ་ཡོད་དཔང་ཡིག་སྤྲད་དེ་སྤྱི་ཚོགས་འགན་བཅོལ་ཅུའུ་ལ་སྒྲུབ་ཏུ་འཇུག་དགོས།

གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་རྒན་གསོ་འགན་བཅོལ་ཞིང་ཆེན་ཕྱིར་སྤོ་པའི་བརྒྱུད་རིམ་ནི། ལས་བཟོའི་རྒན་གསོ་འགན་བཅོལ་ཞིང་ཆེན་ཕྱིར་སྤོ་སྐབས། ལས་ཞུགས་བྱ་ཡུལ་གསར་པའི་ལས་ཁུངས་ཀྱིས་རེ་ཞུ་བྱས་ནས་རྒན་གསོ་འགན་བཅོལ་དང་འབྲེལ་བའི་འགྲོ་ལུགས་སྒྲུབ་ཆོག་ལ། རིགས་འདི་ཕྱིར་ལོག་ཀྱང་ལས་ཁུངས་ཡོད་པའི་མི་རྣམས་ལ་འཚམ་མོ། །

ལས་བཟོའི་རྒན་གསོ་འགན་བཅོལ་དང་འབྲེལ་བ་དྲ་ཐོག་ནས་སྤོ་སྒྱུར་བྱེད་སྐབས། ཀྲི་ཧྥུ་པོ་སྟེང་སྤོ་ཆོག བཀོལ་སྤྱོད་བརྒྱུད་རིམ་ནི། ཀྲི་ཧྥུ་པོ་ཁ་ཕྱེ་ནས་གྲོང་མིའི་ལྟེ་གནས་མནན་ཏེ་སྤྱི་ཚོགས་འགན་བཅོལ་བདམས་ནས(སྤྱི་ཚོགས་འགན་བཅོལ་སྤོ་སྒྱུར་རེ་ཞུ)རང་ཉིད་ཀྱི་གཞི་རྩའི་ཆ་འཕྲིན་དང་སྤོ་སྒྱུར་ཆ་འཕྲིན་བྲིས་ནས་རེ་ཞུ་བྱ་དགོས།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།