མཚོ་སྔོན་ཞིང་ཆེན་གྱི2021ལོའི་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང2022ལོའི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུ།

ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པའི་ཡིག་ཆ།(བཅུ་དྲུག)

མཚོ་སྔོན་ཞིང་ཆེན་གྱི2021ལོའི་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང2022ལོའི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུ།

---2022ལོའི་ཟླ1པོའི་ཚེས21ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པའི་སྟེང།

མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན།

ཞིང་ཆེན་མི་དམངས་སྲིད་གཞུང་གི་མངག་བཅོལ་ལྟར། ད་ལྟ2021ལོའི་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང2022ལོའི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པར་གྲོས་ཞིབ་གནང་བར་ཕུལ་བ་དང། སྲིད་གྲོས་ཀྱི་ཨུ་ཡོན་ལྷན་རྒྱས་དང་ཟུར་ཞུགས་ཀྱི་བློ་མཐུན་རྣམ་པས་ཀྱང་བསམ་འཆར་གནང་རོགས་ཞུ།

གཅིག 2021ལོའི་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ།

2021ལོར་ཕྱི་རོལ་གྱི་ཁོར་ཡུག་དང་དཔལ་འབྱོར་སླར་གསོ་གོང་འཕེལ་ཁྲོད་ཀྱི་འགལ་བ་སྣོལ་མར་ཆགས་པའི་གནད་དོན་ལ་ཁ་གཏད་ནས། ཞིང་ཆེན་ཏང་ཨུའི་སྲ་བརྟན་གྱི་མགོ་ཁྲིད་དང་ཞིང་ཆེན་དམངས་ཆེན་གྱི་ལྟ་སྐུལ་མཛུབ་སྟོན་འོག། ཞིང་ཆེན་ཡོངས་ཀྱི་ནོར་སྲིད་མ་ལག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྒྱུན་འཁྱོངས་སྒོས་མཛུབ་སྟོན་དུ་བཟུང་བ་དང་། ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་རིམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་དང་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཞིང་ཆེན་དམངས་ཆེན་གྱི་ཇུས་ཆོད་སོ་སོ་ནན་ཏན་སྒོས་ལག་བསྟར་དང་། བརྟན་བརླིང་ཁྲོད་འཕེལ་རྒྱས་བརྩོན་ལེན་གྱི་བྱ་བ་སྤྱིའི་མདོ་དོན་རྒྱུན་འཁྱོངས་བྱས་ཤིང་། འཕེལ་རྒྱས་གསར་བའི་འདུ་ཤེས་ལ་རྐང་ཚུགས་པ་དང་། འཕེལ་རྒྱས་གསར་བའི་འདུ་ཤེས་ལག་བསྟར་བྱས་ལ། འཕེལ་རྒྱས་གསར་བའི་ཁོད་སྟངས་སུ་མཉམ་འདྲེས་བྱས་ཏེ། དཔལ་འབྱོར་གོང་སྤེལ་དང་བདེ་འཇགས་བརྟན་བརླིང་ལ་གཅིག་འདོམས་ངང་རྒྱབ་སྐྱོར་བྱས་ཐོག སྤུས་འབྲས་མཐོར་འདེགས་དང་སྔར་ལས་རྒྱུན་མཐུད་ལྡན་པའི་ནོར་སྲིད་ཀྱི་སྲིད་ཇུས་ལེགས་པོ་ཤུགས་ཆེན་པོས་ལག་བསྟར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བརྟན་འཇགས་ངང་སླར་སོས་པའི་རྣམ་པ་རྒྱུན་འཁྱོངས་བྱས་པས། ནོར་སྲིད་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་བརླིང་ཡིན་ལ། ལོ་ཧྲིལ་བོའི་བྱ་བའི་འགན་འཁྲི་ཁག་ཅུང་བཟང་བའི་སྒོ་ནས་ལེགས་འགྲུབ་བྱུང་།

(གཅིག) 2021ལོའི་སྔོན་རྩིས་གཏོང་ཡོང་གི་གནས་ཚུལ།

1. སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས།

(1) ཞིང་ཆེན་ཡོངས་སུ་ལག་བསྟར་བྱས་པའི་གནས་ཚུལ། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར328.8ཡོད་ཅིང། ལོ་སྔོན་མའི་ཡོངས་འགྲུབ་ཚད་དང་བསྡུར་ན10.3%འཕར། དེའི་ཁར་ཀྲུང་དབྱང་གི་ཁ་གསབ་ཡོང་སྒོ་སྒོར་དུང་ཕྱུར1499.7ཡོད་པ་དང་། སྤྱིར་བཏང་གི་བུན་འཛིན་ཡོང་སྒོ་སྒོར་དུང་ཕྱུར384.7ཡོད་པ་དང་། སྔོན་ལོའི་ལྷག་འཕྲོ་རྩིས་ཁོངས་སུ་སྤོ་འགོད་བྱས་པ་སྒོར་དུང་ཕྱུར141.2ཡོད་ཅིང། སྔོན་རྩིས་གཏན་འཇགས་སྙོམ་སྒྲིག་ཐེབས་རྩ་སྒོར་དུང་ཕྱུར132.9དང། སྒོར་དུང་ཕྱུར42.5ནང་འདྲེན་བྱས་རྗེས། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར2529.8ཡོད་ཅིང། བསྐྱར་དངུལ་སྡུད་པའི་སྤྱིར་བཏང་གི་བུན་འཛིན་སྒོར་དུང་ཕྱུར183.7བཀྲམ་པ་ཕུད་རྗེས། དོན་དངོས་ཀྱི་སྤྱིའི་ནོར་ཤུགས་སྒོར་དུང་ཕྱུར2346.1ཡོད་ལ། ལོ་སྔོན་མ་ལས་སྒོར་དུང་ཕྱུར125.2ཇེ་མང་དུ་སོང་ཡོད་ཅིང5.6%འཕར་ཡོད།

སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་འགྲོ་སྒོ་སྒོར་དུང་ཕྱུར1853.8དང4.1%མར་ཆག་ཅིང། སྔོན་རྩིས་ལག་བསྟར་བྱས་ཚད86.2%ཡིན་ལ། བུ་ལོན་གྱི་མ་རྩ་འཇལ་བའི་འགྲོ་སྒོ་སྒོར་དུང་ཕྱུར184.9བཏང། སྔོན་རྩིས་གཏན་འཇགས་སྙོམ་སྒྲིག་ཐེབས་རྩ་སྒོར་དུང་ཕྱུར189.1བཀོད་སྒྲིག་དང། མ་དངུལ་སྒོར་དུང་ཕྱུར0.7བཀོད་གཏོང་བྱས་ཤིང། གོང་སྤྲོད་འགྲོ་སྒོ་སྒོར་དུང་ཕྱུར5.7བཏང། ལོ་རྗེས་མའི་འགྲོ་སྒོའི་རྩིས་ཁོངས་སུ་སྒོར་དུང་ཕྱུར295.6སྤོ་འགོད་བྱས།

(2) ཞིང་ཆེན་རིམ་པར་ལག་བསྟར་བྱས་པའི་གནས་ཚུལ། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར36.1དང10.5%འཕར་ལ། དེའི་ཁར་ཀྲུང་དབྱང་གི་ཁ་གསབ་ཡོང་སྒོ་སྒོར་དུང་ཕྱུར459.3(ཀྲུང་དབྱང་གིས་ཞིང་ཆེན་ཡོངས་ལ་ཁ་གསབ་སྒོར་དུང་ཕྱུར1499.7བྱས་པའི་ནང་ནས་གྲོང་ཁྱེར་དང་ཁུལ་ལ་སྒོར་དུང་ཕྱུར1040.4ཁ་གསབ་བྱས་པ་ཕུད་ཡོད) ཡོད་པ་དང། སྤྱིར་བཏང་གི་བུན་འཛིན་ཡོང་སྒོ་སྒོར་དུང་ཕྱུར243.8(ཞིང་ཆེན་ཡོངས་ཀྱི་སྒོར་དུང་ཕྱུར384.7ནང་ནས་གྲོང་ཁྱེར་དང་ཁུལ་ལ་སྒོར་དུང་ཕྱུར140.9བུན་སྒྱུར་བྱས་ཡོད)ཡོད་པ་དང། ལོ་སྔོན་མའི་ལྷག་འཕྲོ་རྩིས་ཁོངས་སུ་སྤོ་འགོད་བྱས་པ་སྒོར་དུང་ཕྱུར118.7ཡོད། སྔོན་རྩིས་གཏན་འཇགས་སྙོམ་སྒྲིག་ཐེབས་རྩ་སྒོར་དུང་ཕྱུར85དང། གོང་སྤྲོད་ཡོང་སྒོ་སྒོར་དུང་ཕྱུར77.9ཡོད། སྒོར་དུང་ཕྱུར12.2ནང་འདྲེན་བྱས་རྗེས། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར1033ཡོད། བསྐྱར་དངུལ་སྡུད་པའི་སྤྱིར་བཏང་གི་བུན་འཛིན་སྒོར་དུང་ཕྱུར117.3བཀྲམ་པ་ཕུད་རྗེས། དོན་དངོས་ཀྱི་སྤྱིའི་ནོར་ཤུགས་སྒོར་དུང་ཕྱུར915.7ཡོད་ལ། ལོ་སྔོན་མ་ལས་སྒོར་དུང་ཕྱུར62.6ཇེ་མང་དུ་སོང་ཞིང7.3%འཕར།

སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་འགྲོ་སྒོ་སྒོར་དུང་ཕྱུར650.4དང2.1%འཕར་ཞིང་། སྔོན་རྩིས་ལག་བསྟར་བྱས་ཚད82.1%ཡིན་ལ། བུ་ལོན་གྱི་མ་རྩ་འཇལ་བའི་འགྲོ་སྒོ་སྒོར་དུང་ཕྱུར117.5བཏང་ཞིང། སྔོན་རྩིས་གཏན་འཇགས་སྙོམ་སྒྲིག་ཐེབས་རྩ་སྒོར་དུང་ཕྱུར118བཀོད་སྒྲིག་དང། གོང་སྤྲོད་འགྲོ་སྒོ་སྒོར་དུང་ཕྱུར5.7བཏང། ལོ་རྗེས་མའི་འགྲོ་སྒོའི་རྩིས་ཁོངས་སུ་སྒོར་དུང་ཕྱུར141.4སྤོ་འགོད་བྱས།

2. སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས།

ཞིང་ཆེན་ཡོངས་ཀྱི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར383.4ཡོད་ལ། དེའི་ནང་དུ་ལོ་དེ་གའི་ཡོང་སྒོ་སྒོར་དུང་ཕྱུར199.3ཡོོད་ཅིང་། ཀྲུང་དབྱང་གི་ཁ་གསབ་ཡོང་སྒོ་སྒོར་དུང་ཕྱུར5.2ཡོད། མ་དངུལ་སྒོར་དུང་ཕྱུར0.7ནང་འདྲེན་བྱས་པ་དང་། ལོ་སྔོན་མའི་རྩིས་ཁོངས་ནས་སྤོ་འགོད་བྱས་པ་སྒོར་དུང་ཕྱུར55.2ཡོད་ཅིང། ཆེད་སྤྱོད་བུན་འཛིན་ཡོང་སྒོ་སྒོར་དུང་ཕྱུར123ཡོད། འགྲོ་སྒོ་སྒོར་དུང་ཕྱུར258.9བཏང་བ་དང་། མ་དངུལ་སྒོར་དུང་ཕྱུར33.6བཀོད་གཏོང་བྱས་ཤིང། བུ་ལོན་གྱི་མ་རྩ་འཇལ་བའི་འགྲོ་སྒོ་སྒོར་དུང་ཕྱུར59.1བཏང་རྗེས། ལོ་རྗེས་མའི་རྩིས་ཁོངས་སུ་སྤོ་འགོད་བྱས་པའི་འགྲོ་སྒོ་སྒོར་དུང་ཕྱུར31.8ཡོད།

ཞིང་ཆེན་རིམ་པའི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར52ཡོད། དེའི་ནང་དུ་ལོ་དེ་གར་ཡོང་སྒོ་སྒོར་དུང་ཕྱུར12.9ཡོད་ཅིང། ཀྲུང་དབྱང་གི་ཁ་གསབ་ཡོང་སྒོ་སྒོར་དུང་ཕྱུར0.9 (ཀྲུང་དབྱང་གིས་ཞིང་ཆེན་ཡོངས་ལ་ཁ་གསབ་སྒོར་དུང་ཕྱུར5.2བྱས་པའི་ནང་ནས་གྲོང་ཁྱེར་དང་ཁུལ་ལ་སྒོར་དུང་ཕྱུར4.3ཁ་གསབ་བྱས་པ་ཕུད་ཡོད) ཡོད་པ་དང། ལོ་སྔོན་མའི་རྩིས་ཁོངས་ནས་སྤོ་འགོད་བྱས་པ་སྒོར་དུང་ཕྱུར23.7ཡོད། ཆེད་སྤྱོད་བུན་འཛིན་ཡོང་སྒོ་སྒོར་དུང་ཕྱུར14.5 (ཞིང་ཆེན་ཡོངས་ཀྱི་སྒོར་དུང་ཕྱུར123ནང་ནས་གྲོང་ཁྱེར་དང་ཁུལ་ལ་སྒོར་དུང་ཕྱུར108.5བུན་སྒྱུར་བྱས་ཡོད)བཀྲམ་ཡོད། འགྲོ་སྒོ་སྒོར་དུང་ཕྱུར28.7བཏང་བ་དང། མ་དངུལ་སྒོར་དུང་ཕྱུར11.8བཀོད་གཏོང་བྱས་ཤིང། བུ་ལོན་གྱི་མ་རྩ་འཇལ་བའི་འགྲོ་སྒོ་སྒོར་དུང་ཕྱུར2.5བཏང་རྗེས། ལོ་རྗེས་མའི་རྩིས་ཁོངས་སུ་སྤོ་འགོད་བྱས་པའི་འགྲོ་སྒོ་སྒོར་དུང་ཕྱུར9ཡོད།

3. རྒྱལ་དབང་མ་རྩ་བདག་གཉེར་གྱི་སྔོན་རྩིས།

ཞིང་ཆེན་ཡོངས་ཀྱི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར2.4ཡོད་ལ། དེའི་ནང་དུ་ལོ་དེ་གར་ཡོང་སྒོ་སྒོར་དུང་ཕྱུར2ཡོད་ཅིང། ཀྲུང་དབྱང་གི་ཁ་གསབ་ཡོང་སྒོ་སྒོར་དུང་ཕྱུར-0.2(ཀྲུང་དབྱང་གིས་ལོ་དེ་གར་ཁ་གསབ་སྒོར་དུང་ཕྱུར0.3བྱས་པ་དང་། 2020ལོར་གཤམ་སྤྲོད་མང་དུ་བྱས་པའི་ཁེ་ལས་ཀྱི་ལས་བཟོ་བའི་སྡོད་ཁུལ་གྱི“འདོན་སྤྲོད་གསུམ་དང་གཞིས་ལས་གཅིག”ཏུ་དགར་བར་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར0.5སྤྲད་པ་དེ་ཕྱིར་བསྡུ་བྱས་ཡོད)ཡོད་པ་དང་། ལོ་སྔོན་མའི་རྩིས་ཁོངས་ནས་སྤོ་འགོད་བྱས་པ་སྒོར་དུང་ཕྱུར0.6ཡོད། འགྲོ་སྒོ་སྒོར་དུང་ཕྱུར0.8བཏང་བ་དང། མ་དངུལ་སྒོར་དུང་ཕྱུར0.8བཀོད་གཏོང་བྱས་ཤིང། ལོ་རྗེས་མའི་རྩིས་ཁོངས་སུ་སྤོ་འགོད་བྱས་པའི་འགྲོ་སྒོ་སྒོར་དུང་ཕྱུར0.8ཡོད།

ཞིང་ཆེན་རིམ་པའི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར1.5ཡོད་ལ། དེའི་ནང་དུ་ལོ་དེ་གར་ཡོང་སྒོ་སྒོར་དུང་ཕྱུར1.4ཡོད་ཅིང། ཀྲུང་དབྱང་གི་ཁ་གསབ་ཡོང་སྒོ་སྒོར་དུང་ཕྱུར-0.3(ཀྲུང་དབྱང་གིས་ཞིང་ཆེན་ཡོངས་ལ་ཁ་གསབ་སྒོར་དུང་ཕྱུར-0.2བྱས་པའི་ནང་ནས་གྲོང་ཁྱེར་དང་ཁུལ་ལ་སྒོར་དུང་ཕྱུར0.1ཁ་གསབ་བྱས་པ་ཕུད་ཡོད)ཡོད་པ་དང་། ལོ་སྔོན་མའི་རྩིས་ཁོངས་ནས་སྤོ་འགོད་བྱས་པ་སྒོར་དུང་ཕྱུར0.4ཡོད། འགྲོ་སྒོ་སྒོར་དུང་ཕྱུར0.4བཏང་བ་དང། མ་དངུལ་སྒོར་དུང་ཕྱུར0.4བཀོད་གཏོང་བྱས་ཤིང། ལོ་རྗེས་མའི་རྩིས་ཁོངས་སུ་སྤོ་འགོད་བྱས་པའི་འགྲོ་སྒོ་སྒོར་དུང་ཕྱུར0.7ཡོད།

4. སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས།

ཞིང་ཆེན་ཡོངས་ཀྱི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར758.4ཡོད་ལ། དེའི་ནང་དུ་ལོ་དེ་གར་ཡོང་སྒོ་སྒོར་དུང་ཕྱུར461.3ཡོད་ཅིང་། ལོ་སྔོན་མའི་ལྷག་འཕྲོ་སྒོར་དུང་ཕྱུར297.1ཡོད། འགྲོ་སྒོ་སྒོར་དུང་ཕྱུར423.2བཏང་ལ། ལོ་མཇུག་གི་སྤྱི་སྡོམ་ལྷག་འཕྲོ་སྒོར་དུང་ཕྱུར335.2ཡོད།

ཞིང་ཆེན་རིམ་པའི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར513.8ཡོད་པ་དང་། དེའི་ནང་དུ་ལོ་དེ་གར་ཡོང་སྒོ་སྒོར་དུང་ཕྱུར376.1ཡོད་ཅིང་། ལོ་སྔོན་མའི་ལྷག་འཕྲོ་སྒོར་དུང་ཕྱུར137.7ཡོད། འགྲོ་སྒོ་སྒོར་དུང་ཕྱུར366.2བཏང་ལ། ལོ་མཇུག་གི་སྤྱི་སྡོམ་ལྷག་འཕྲོ་སྒོར་དུང་ཕྱུར147.6ཡོད།

བྱེ་བྲག་གི་གནས་ཚུལ་ནི《མཚོ་སྔོན་ཞིང་ཆེན་གྱི2021ལོའི་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང2022ལོའི་སྔོན་རྩིས་འཆར་ཟིན》ལས་གསལ་བ་དང་། གོང་གི་དོན་ཚན་སོ་སོའི་གཏོང་ཡོང་གི་གཞི་གྲངས་དེར་ནོར་སྲིད་པུའུ་ཡིས་ངེས་རྩིས་ལ་བཀའ་ལན་འབྱོར་རྗེས་འགྱུར་ལྡོག་ཅུང་ཙམ་ཡོད་སྲིད་ལ། སྐབས་དེར་ཞིང་ཆེན་དམངས་ཆེན་ལ་ཁྲིམས་ལྟར་འབྲེལ་ཡོད་དོན་ཚན་དག་གི་སྙན་ཞུ་འབུལ།

གསལ་བཤད་བྱ་དགོས་པའི་གནད་དོན། (1)ས་གནས་ཀྱི་ཡོང་སྒོ་མང་བསྡུ་བྱས་པའི་སྐོར་གྱི་གནས་ཚུལ་ཏེ། དཔལ་འབྱོར་བརྟན་འཇགས་ངང་སླར་སོས་བྱུང་བ་དང་བསྟུན་ནས། ནུས་ཁུངས་ཀྱི་མ་བཅོས་རྒྱུ་ཆའི་རིན་གོང་འཕར་བ་ལས་བྱུང་བའི་གཞི་རྒྱ་ཡན་གྱི་ཁེ་ལས་ཀྱི་ཁེ་ཁྲལ་འཕར་བ་དང་། ཞིང་ཆེན་ཡོངས་ཀྱི་ནོར་སྲིད་ཡོང་སྒོ་འཕར་བ་ཅུང་མགྱོགས་པ་བྱུང་བའི་སྟེང་། 2020ལོའི་ཡོང་སྒོའི་གཞི་གྲངས་ཅུང་དམའ་བས། སྤྱིའི་སྡོམ་རྩིས་བྱས་ན་ཞིང་ཆེན་ཡོངས་ཀྱི་ལོ་མགོའི་སྔོན་རྩིས་དང་བསྡུར་ན་སྒོར་དུང་ཕྱུར23.3མང་བསྡུ་བྱས་ཡོད་ཅིང་། དེའི་ཁྲོད་དུ་ཞིང་ཆེན་རིམ་པས་སྒོར་དུང་ཕྱུར2.1མང་བསྡུ་བྱས་ལ། གྲོང་ཁྱེར་དང་ཁུལ་གྱིས་སྒོར་དུང་ཕྱུར21.2མང་བསྡུ་བྱས། ནོར་སྲིད་པུའུ་ཡིས་གཏན་འཁེལ་གསར་བ་ལྟར་ན། 2021ལོར་མང་བསྡུ་བྱས་པའི་ཡོང་སྒོ་ཚང་མ་མཚལ་ཡིག་འཕྲི་འཐབ་བམ་སྔོན་རྩིས་བརྟན་འཇགས་ཀྱི་སྙོམ་སྒྲིག་ཐེབས་རྩའི་ནང་གསབ་འཇུག་བྱེད་དགོས།

(2)སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་འགྲོ་སྒོའི་སྤྱི་སྡོམ་ལྷག་འཕྲོ་དང་རྩིས་ཁོངས་སུ་སྤོ་

འགོད་བྱས་པའི་སྐོར་གྱི་གནས་ཚུལ་ཏེ། 2021ལོར་རྩིས་ཁོངས་སུ་སྤོ་འགོད་བྱས་པའི་མ་དངུལ་སྒོར་དུང་ཕྱུར295.6ཡོད་ཅིང་། 2020ལོ་དང་བསྡུར་ན་སྒོར་དུང་ཕྱུར154.3ཇེ་མང་དུ་སོང་ལ109.3%འཕར་ཡོད། མ་དངུལ་ཁག་འདི་རྩིས་ཁོངས་སུ་སྤོ་འགོད་བྱས་ཏེ2022ལོར་མུ་མཐུད་བཀོལ་སྤྱོད་བྱེད་རྒྱུ་ཡིན། རྩིས་ཁོངས་སུ་སྤོ་འགོད་བྱས་པ་གཞི་རྒྱ་ཆེ་བའི་རྒྱུ་རྐྱེན་གཙོ་བོ་ནི། 《རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྔོན་རྩིས་དོ་དམ་ལམ་ལུགས་བཅོས་སྒྱུར་སྔར་ལས་གཏིང་ཟབ་གཏོང་བའི་སྐོར་གྱི་བསམ་འཆར》(རྒྱལ་སྤེལ〔2021〕ཨང5བ)གྱི་གཏན་འཁེལ་ལྟར། 2021ལོ་ནས་བཟུང་། གྲོང་ཁྱེར་དང་རྫོང་རིམ་པའི་ནོར་སྲིད་དང་རྒྱལ་མཛོད་ཀྱིས་ཕྱོགས་བསྡུས་གཏོང་སྤྲོད་སྤྱི་སྡོམ་ལྷག་འཕྲོ་དེ་དབང་འགན་བྱུང་བའི་ལམ་ལུགས་ལྟར་མི་གཏོང་བར་བྱས།

(3)ས་གནས་སྲིད་གཞུང་གི་བུ་ལོན་བཅད་གྲངས་ལྷག་དངུལ་དང་འགྲེམ་སྤེལ་བཀོལ་སྤྱོད་སྐོར་གྱི་གནས་ཚུལ་ཏེ། བུ་ལོན་བཅད་གྲངས་ལྷག་དངུལ་གྱི་གནས་ཚུལ། 2021ལོའི་ལོ་མཇུག་ལ། ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་གི་བུ་ལོན་བཅད་གྲངས་སྒོར་དུང་ཕྱུར3074.7(སྤྱིར་བཏང་གི་བུ་ལོན་སྒོར་དུང་ཕྱུར2296.9དང་ཆེད་སྤྱོད་བུན་འཛིན་སྒོར་དུང་ཕྱུར777.8ཡོད)ཡོད། བུ་ལོན་ལྷག་དངུལ་སྒོར་དུང་ཕྱུར2787.2(སྤྱིར་བཏང་གི་བུ་ལོན་སྒོར་དུང་ཕྱུར2153.9དང་ཆེད་སྤྱོད་བུན་འཛིན་སྒོར་དུང་ཕྱུར633.3ཡོད)ཡོད། དེའི་ཁྲོད་དུ་ཞིང་ཆེན་རིམ་པའི་སྲིད་གཞུང་གི་བུ་ལོན་བཅད་གྲངས་སྒོར་དུང་ཕྱུར1800.2(སྤྱིར་བཏང་གི་བུ་ལོན་སྒོར་དུང་ཕྱུར1622.5དང་ཆེད་སྤྱོད་བུན་འཛིན་སྒོར་དུང་ཕྱུར177.7ཡོད)ཡོད་ཅིང་། བུ་ལོན་ལྷག་དངུལ་སྒོར་དུང་ཕྱུར1707.6(སྤྱིར་བཏང་གི་བུ་ལོན་སྒོར་དུང་ཕྱུར1554.9དང་ཆེད་སྤྱོད་བུན་འཛིན་སྒོར་དུང་ཕྱུར152.7ཡོད)ཡོད། གྲོང་ཁྱེར(ཁུལ)སྲིད་གཞུང་གི་བུ་ལོན་བཅད་གྲངས་སྒོར་དུང་ཕྱུར1274.5(སྤྱིར་བཏང་གི་བུ་ལོན་སྒོར་དུང་ཕྱུར674.4དང་ཆེད་སྤྱོད་བུན་འཛིན་སྒོར་དུང་ཕྱུར600.1ཡོད)ཡོད་ཅིང་། བུ་ལོན་ལྷག་དངུལ་སྒོར་དུང་ཕྱུར1079.6(སྤྱིར་བཏང་གི་བུ་ལོན་སྒོར་དུང་ཕྱུར599དང་ཆེད་སྤྱོད་བུན་འཛིན་སྒོར་དུང་ཕྱུར480.6ཡོད)ཡོད། བུན་འཛིན་དབྱེ་བགོས་ཀྱི་གནས་ཚུལ། ལོ་ཧྲིལ་བོར་སྲིད་གཞུང་གི་བུ་ལོན་བཅད་གྲངས་སྒོར་དུང་ཕྱུར364གསར་སྣོན་བྱས་ལ། དེའི་ཁྲོད་དུ་ཞིང་ཆེན་རིམ་པས་སྒོར་དུང་ཕྱུར157བཀོད་སྒྲིག་བྱས་པ་དང་། གྲོང་ཁྱེར་དང་ཁུལ་ལ་སྒོར་དུང་ཕྱུར207(ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི་དམངས་ཆེན་རྒྱུན་ཨུའི་ཐེངས་ཉེར་བདུན་པའི་གྲོས་ཚོགས་རྗེས་ནས། ཞིང་ཆེན་རིམ་པའི་བུན་འཛིན་ལས་གཞི་ཁག་ཅིག་གི་སྔ་དུས་ཀྱི་གྲ་སྒྲིག་མ་འདང་བས། ལོ་དེར་འགྲོ་སྒོ་གྲུབ་མི་ཐུབ་པའི་སྒོར་དུང་ཕྱུར23.5སྙོམ་སྒྲིག་བྱས། དེའི་ཁྲོད་དུ་སྤྱིར་བཏང་གི་བུན་འཛིན་སྒོར་དུང་ཕྱུར4.9ལས་གཞི་གཞན་དག་ལ་སྙོམ་སྒྲིག་བྱས་པ་དང་། གྲོང་ཁྱེར་དང་ཁུལ་ལ་སྒོར་དུང་ཕྱུར9.6བུན་སྒྱུར་བྱས། ཆེད་སྤྱོད་བུན་འཛིན་སྒོར་དུང་ཕྱུར0.5ལས་གཞི་གཞན་དག་ལ་སྙོམ་སྒྲིག་བྱས་པ་དང་། དབྱེ་བགོ་བྱས་ཟིན་ཡང་འགྲེམ་སྤེལ་མ་བྱས་པའི་དངུལ་གྲངས་སྒོར་དུང་ཕྱུར8.5ཕྱིར་བསྡུ་བྱས་ཡོད)བུན་སྒྱུར་བྱས། བུན་འཛིན་འགྲེམ་སྤེལ་གྱི་གནས་ཚུལ། ལོ་ཧྲིལ་བོར་ས་གནས་སྲིད་གཞུང་གི་བུན་འཛིན་སྒོར་དུང་ཕྱུར503.9བཀྲམ་པ་དང་། དེའི་ཁྲོད་དུ་སྤྱིར་བཏང་གི་བུན་འཛིན་སྒོར་དུང་ཕྱུར380.8(བུན་འཛིན་སྒོར་དུང་ཕྱུར197.1གསར་སྣོན་དང་བསྐྱར་དངུལ་སྡུད་པའི་བུན་འཛིན་སྒོར་དུང་ཕྱུར183.7ཡོད)བཀྲམ་པ་དང་། ཆེད་སྤྱོད་བུན་འཛིན་སྒོར་དུང་ཕྱུར123.1(བུན་འཛིན་སྒོར་དུང་ཕྱུར70.6གསར་སྣོན་དང་བསྐྱར་དངུལ་སྡུད་པའི་བུན་འཛིན་སྒོར་དུང་ཕྱུར52.5ཡོད)བཀྲམ་ཡོད། གསར་སྣོན་བྱས་པའི་སྤྱིར་བཏང་གི་བུན་འཛིན་སྒོར་དུང་ཕྱུར5དང་ཆེད་སྤྱོད་བུན་འཛིན་སྒོར་དུང་ཕྱུར86.5(ཞིང་ཆེན་རིམ་པར་སྒོར་དུང་ཕྱུར8.5དང་། གྲོང་ཁྱེར་དང་ཁུལ་ལ་སྒོར་དུང་ཕྱུར76། དབྱེ་བགོ་བྱ་རྒྱུའི་སྒོར་དུང་ཕྱུར2བཅས་ཡོད)ད་དུང་འགྲེམ་སྤེལ་བྱས་མེད་ལ། ནོར་སྲིད་པུའུ་ཡིས་གཏན་འཁེལ་གསར་བ་ལྟར། 2022ལོའི་རྩིས་ཁོངས་སུ་སྤོ་འགོད་བྱས་ཏེ་འགྲེམ་སྤེལ་བཀོལ་སྤྱོད་བྱེད་དགོས། བུན་འཛིན་དངུལ་གྲངས་རྩིས་ཁོངས་སུ་སྤོ་འགོད་བྱས་པའི་གནས་ཚུལ། 2021ལོའི་ལོ་མཇུག་བར་དུ། ཞིང་ཆེན་ཡོངས་སུ་འགྲེམ་སྤེལ་བྱས་མེད་པར་རྩིས་ཁོངས་སུ་སྤོས་པའི་བུན་འཛིན་དངུལ་གྲངས་སྒོར་དུང་ཕྱུར91.5(སྤྱིར་བཏང་བུན་འཛིན་སྒོར་དུང་ཕྱུར5དང་ཆེད་སྤྱོད་བུན་འཛིན་སྒོར་དུང་ཕྱུར86.5ཡོད)ཡོད་ལ། དེའི་ཁྲོད་དུ་ཞིང་ཆེན་རིམ་པར་སྒོར་དུང་ཕྱུར15.5(སྤྱིར་བཏང་བུན་འཛིན་སྒོར་དུང་ཕྱུར5དང་ཆེད་སྤྱོད་བུན་འཛིན་སྒོར་དུང་ཕྱུར10.5ཡོད)ཡོད་ཅིང་། གཙོ་བོ་ནི2021ལོའི་ཟླ12པར་ནོར་སྲིད་པུའུ་ཡིས་གསར་དུ་གཤམ་སྤྲོད་བྱས་པའི་གསར་སྣོན་བུ་ལོན་དངུལ་གྲངས་སྒོར་དུང་ཕྱུར7(སྤྱིར་བཏང་བུན་འཛིན་སྒོར་དུང་ཕྱུར5དང་ཆེད་སྤྱོད་བུན་འཛིན་སྒོར་དུང་ཕྱུར2ཡོད)ཡོད་ཅིང་། ཕྱིར་བསྡུ་བྱས་པའི་ཆེད་སྤྱོད་བུན་འཛིན་གྱི་དངུལ་གྲངས་སྒོར་དུང་ཕྱུར8.5ཡོད། གྲོང་ཁྱེར་དང་ཁུལ་གྱི་ཆེད་སྤྱོད་བུན་འཛིན་དངུལ་གྲངས་སྒོར་དུང་ཕྱུར76ཡོད། བུན་འཛིན་བཀོལ་སྤྱོད་དང་མ་སྐྱེད་སྤྲད་པའི་གནས་ཚུལ། ལོ་ཧྲིལ་བོར་གསར་སྣོན་བུན་འཛིན་སྒོར་དུང་ཕྱུར267.7འགྲེམ་སྤེལ་བྱས་པ་དང་། གཏན་འཁེལ་ལྟར་ཚང་མ་སྤྱི་ཕན་རང་བཞིན་གྱི་མ་རྩའི་འགྲོ་སྒོར་གཏོང་དགོས་ཤིང་། ཆེད་སྤྱོད་བུན་འཛིན་འགྲེམ་སྤེལ་མ་བྱས་སྔོན་ལ་བླང་བྱ་ལྟར་ནོར་སྲིད་པུའུ་ལ་ཞུ་འབུལ་བྱས་ཏེ་ཞིབ་བཤེར་བྱེད་དགོས། ལོ་ཧྲིལ་བོར་བུ་ལོན་གྱི་མ་རྩ་སྤྲད་པའི་འགྲོ་སྒོ་སྒོར་དུང་ཕྱུར244བཏང་བ་དང་། བུ་ལོན་གྱི་སྐྱེད་ཀ་སྤྲད་པ་དང་འགྲེམ་སྤེལ་གྲོན་དངུལ་གྱི་འགྲོ་སྒོ་སྒོར་དུང་ཕྱུར89.8བཏང་།

(4)ཞིང་ཆེན་རིམ་པའི་གྲ་སྒྲིག་དངུལ་བཏང་བའི་སྐོར་གྱི་གནས་ཚུལ། སྒོར་དུང་

ཕྱུར20སྔོན་རྩིས་བཀོད་སྒྲིག་བྱས་ཡོད་ལ། དངོས་ཡོད་འགྲོ་སྒོ་སྒོར་དུང་ཕྱུར2.1བཏང་བ་དང་། གཙོ་བོ་རིམས་བབ་འགོག་སྡོམ་དང་རྨ་སྟོད་ཀྱི“5•22”ས་ཡོམ་གྱི་འཚུབ་ཟློག་རོགས་སྐྱོབ་འགྲོ་སྒོའི་ཐད་བཀོལ་བ་དང་། ལྷག་མ་སྒོར་དུང་ཕྱུར17.9དེ་སྔོན་རྩིས་བརྟན་འཇགས་སྙོམ་སྒྲིག་གི་ཐེབས་རྩར་གསབ་སྤྲོད་བྱས།

(གཉིས) ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་སྔོན་རྩིས་ཞིབ་བཤེར་གྲོས་ཆོད་དང་ནོར་སྲིད་ཀྱི་བྱ་བ་གཙོ་བོ་དོན་འཁྱོལ་བྱས་པའི་གནས་ཚུལ།

1.ནོར་དཔལ་སྒྲིག་ཁྲིམས་ནུས་ལྡན་ངང་དོན་འཁྱོལ་ནན་མོ་ཡོང་བར་བྱས་པ། ཐོག་མཐའ་བར་གསུམ་དུ་ནོར་དཔལ་སྒྲིག་ཁྲིམས་ནན་མོ་ཡོང་བ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱེད་པའི་ཆབ་སྲིད་ཀྱི་གཙོ་གནད་དུ་བཟུང་ནས། འཚོ་བ་གྲོན་ཆུང་སྒོས་རོལ་བ་རྒྱུན་འཁྱོངས་བྱས་ཤིང་། ནོར་དཔལ་སྒྲིག་ཁྲིམས་དང་ལམ་ལུགས་ཀྱི་སྲ་གཤིས་ལག་བསྟར་ལ་ཤུགས་བསྣན་ནས། ནོར་དཔལ་ཁག་སོ་སོའི་སྒྲིག་འགལ་སྲོལ་འགལ་གྱི་གནད་དོན་དག་ཐེར་ལེགས་བཅོས་བྱས། གྲོན་ཆུང་སྒོས་འཚོ་བ་རོལ་བའི་བླང་བྱ་ཇི་བཞིན་དོན་འཁྱོལ་བྱས་པ། ལས་དོན་མཐའ་དག་ཧོར་བསྲིས་སྒྲུབ་པ་རྒྱུན་འཁྱོངས་བྱས་ཏེ། བརྟག་ཞིབ་དང་ཚོགས་འདུ། གསོ་སྦྱོང་། བགྲོ་གླེང་། རྟེན་འབྲེལ་མཛད་སྒོ་སོགས་གཞུང་དོན་བྱ་འགུལ་ཁག་གི་འགྲོ་སྒོ་ཕྱོགས་བསྡུས་ཇེ་ཉུང་དུ་བཏང་ཡོད་ཅིང་། སྲིད་གཞུང་རང་བཞིན་གྱི་ཁང་བ་གསར་སྐྲུན་དང་གཞུང་དོན་ལས་སྒོའི་བཀོལ་ཁང་ཞིག་གསོ་སྒྱུར་བཀོད། ཆ་འཕྲིན་ཅན་འཛུགས་སྐྲུན་གྱི་ལས་གཞི་གྲུབ་པའི་བཤེར་མཆན། གསར་སྣོན་རྒྱུ་ནོར་ཆ་སྒྲིག་སོགས་ལ་ཚོད་འཛིན་ནན་མོ་བྱས་ལ། ལོ་ཧྲིལ་བོར་སྤྱིར་བཏང་རང་བཞིན་གྱི་འགྲོ་སྒོ15%ཇེ་ཉུང་དུ་བཏང་བ་དང་། “གཞུང་གསུམ”གྲོན་དངུལ3%ཇེ་ཉུང་དུ་བཏང། ནོར་སྲིད་སྔོན་རྩིས་ལེགས་སྒྲིག་སྙོམ་སྒྲིག་དོན་ཚན་ཚད་ལྡན་དང་འཐུས་ཚང་དུ་བཏང་ནས། ཐོག་དང་པོར་ཞིང་ཆེན་རིམ་པའི་སྔོན་རྩིས“རྗེས་སྣོན་མེད་པ”མངོན་འགྱུར་བྱུང། ནོར་དཔལ་སྒྲིག་ཁྲིམས་ལམ་ལུགས་མ་ལག་ནན་མོ་མགྱོགས་མྱུར་ངང་བཙུགས་པ། སྔོན་རྩིས་དོ་དམ་བཅོས་སྒྱུར་དང་འགྲོ་སྒོ་ཚད་གཞི་མ་ལག སྔོན་རྩིས་ལས་ཕྱོད་དོ་དམ་དང་ནོར་རྩིས་ལྟ་སྐུལ་སོགས་ཆེད་དོན་བརྟག་དཔྱད་གཏིང་ཟབ་ཏུ་སྤེལ་བའི་རྨང་གཞིའི་སྟེང་། མཇུག་འབྲས་བཀོལ་སྤྱོད་དང་གྲུབ་འབྲས་སྒྱུར་བ་གཏིང་ཟབ་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས《ནོར་དཔལ་སྒྲིག་ཁྲིམས་སྔར་ལས་ནན་མོར་གཏོང་བའི་སྐོར་གྱི་བསམ་འཆར》དཔར་འགྲེམ་བྱས་པ་དང་། ནོར་སྲིད་འཁོར་སྐྱོད་ཀྱི་ཉེན་ཁ་ཐག་གཅོད་དང་ཐེག་ཤུགས་དཔྱད་འཇོག སྲིད་དོན་དོན་ལས་སྡེ་ཚན་གྱི་རྒྱུ་ནོར་དོ་དམ། གཞུང་རྒྱུའི་མཛོད་ཁང་དོ་དམ་སོགས་ཀྱི་ཆ་འགྲིག་བྱེད་ཐབས་གཏན་འབེབས་དང་རྗེས་འདེད་བྱས་ཏེ། ལམ་ལུགས་ཀྱི་ངོས་ཐད་དུ་སྲིད་ཇུས་ཀྱི་སྟོང་ཆ་ཁ་གསབ་བྱས། གནད་དོན་བཅོས་སྒྱུར་གྱི་དོན་འཁྱོལ་ལ་ཤུགས་སྣོན་བྱས་པ། སྡོམ་རྩིས་གནད་དོན་བཅོས་སྒྱུར་གྱི་ཐུན་མོང་གྲོས་ཞིབ་ལམ་ལུགས་ལག་བསྟར་བྱས་ཤིང་། བཅོས་དཀའི་གཅོང་ནད་ལ་དམིགས་ནས་སྐོར་ཞིབ་དང་སྡོམ་རྩིས། ལྟ་བཤེར་ལས་ཕྱིར་ལྡོག་པའི་གནད་དོན་བཅས་ལ་བསྟུན་ནས། ཟུར་བསྟན་ལེབ་མཐོང་ནང་བཞིན“ནད་ཡོད་སྨན་བཅོས་དང་ནད་མེད་སྔོན་འགོག”དམིགས་ཤིང་། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནང་ནོར་དཔལ་སྒྲིག་ཁྲིམས་ནན་མོའི་ཆེད་དོན་ཞིབ་བཤེར་དང་གཞུང་ཞབས་པའི་གླ་ཕོགས་ཞོར་ཕོགས་ཁ་གསབ་བཅས་གཙང་སེལ་བྱེད་པའི་ཆེད་དོན་ཞིབ་བཤེར་སྤེལ་བ་དང་། ཚོད་འཛིན་ལྟ་སྐུལ་དང་གནད་དོན་བཅོས་སྒྱུར་དོན་འཁྱོལ། འགན་འཁྲི་བདའ་བདེད་ནན་མོ་བཅས་ལ་མུ་མཐུད་ཤུགས་བསྣན་པས། ནོར་སྲིད་ཉེན་ཁ་ནུས་ལྡན་ངང་ཇེ་དམའ་རུ་བཏང་བ་དང་། ནོར་སྲིད་སྒྲིག་ལམ་མངོན་གསལ་སྒོས་ཇེ་ལེགས་སུ་ཕྱིན།

2.ནོར་སྲིད་ཀྱི་ཕྱོགས་བསྡུས་དངོས་ཤུགས་བརྟན་འཇགས་ངང་ཇེ་དྲག་ཏུ་ཕྱིན་པ། སྟོབས་

ལྡན་གྱི་ནོར་ཤུགས་རྩ་འཛུགས་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་འབུར་ཐོན་གྱི་གནས་སུ་བཞག་ནས། རང་ངོས་ཀྱི་ཡོང་སྒོ་འཛིན་པ་དང་ཀྲུང་དབྱང་གི་ཁ་གསབ་བརྩོན་ལེན་བྱེད་པ་གཉིས་མཉམ་སྤྱོད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ནོར་སྲིད་ཐོན་ཁུངས་གཅིག་འདོམས་དང་མ་རྩ་རྒྱུ་ནོར་གསོན་སྒྱུར་གཉིས་མཉམ་འདེགས་བྱེད་པར་སྐུལ་འདེད་བཏང་བས། ཞིང་ཆེན་ཡོངས་ཀྱི་ས་གནས་ཡོང་སྒོ་དང་སྤྱིའི་ནོར་ཤུགས་སོ་སོར་སྒོར་དུང་ཕྱུར300དང་སྒོར་དུང་ཕྱུར2300ཅན་གྱི་སྐས་རིམ་གསར་བར་སླེབས་ནས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཤུགས་དང་ལྡན་པའི་འདེགས་སྐྱོར་བྱས། ས་གནས་ཀྱི་ཡོང་སྒོ་བསྡུ་ལེན་དོ་དམ་ལ་ཤུགས་སྣོན་བྱས་པ། དཔལ་འབྱོར་འཁོར་སྐྱོད་དང་ཁྲལ་འཕྲི་ཡོན་གཅོག ནོར་ཁྲལ་སྲིད་ཇུས་སྙོམ་སྒྲིག་སོགས་ཀྱི་གནས་ཚུལ་གསར་བ་དང་གནད་དོན་གསར་བ་ལ་དོ་སྣང་གཙིགས་ཆེན་བྱས་ཏེ། སྤྱི་ཁོག་དཔལ་འབྱོར་གྱི་གནས་བབ་ལ་དབྱེ་ཞིབ་ལེགས་པོར་བྱས་ནས། ཡོང་སྒོ་སྙོམ་ཚད་རྐྱེན་སྲོལ་འཛུགས་པ་དང་། ཁྲལ་འབྲེལ་ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་བྱས་ནས། ཁྲལ་མིན་བསྡུ་ལེན་གྱི་སྟོང་ཆ་འགོག་པ་དང་། ཡོང་སྒོའི་འགོ་ཁུངས་ཀྱི་དོ་དམ་ཚོད་འཛིན་ལ་ཤུགས་བསྣན་ནས། ཁྲལ་ཁུངས་སྟོབས་ལྡན་གསོ་སྐྱོང་ལ་འབད་བརྩོན་བྱས་པ་དང་། ནོར་སྲིད་ཡོང་སྒོ་རྫུན་བཟོའི་གནད་དོན་ཕྱོགས་བསྡུས་བཅོས་སྐྱོང་གི་འགུལ་སྐྱོད་སྤེལ་ནས། ཡོང་སྒོ་དངོས་ཀྱི་མཐོར་འདེགས་བརྟན་འཇགས་དང་ཚད་ཀྱི་འོས་འཚམ་འཕར་སྣོན་མངོན་འགྱུར་འབྱུང་བར་སྐུལ་འདེད་བཏང་། ཀྲུང་དབྱང་གི་རྒྱབ་སྐྱོར་ཧུར་ཐག་གིས་བརྩོན་ལེན་བྱས་པ། ཀྲུང་དབྱང་གི་ཁ་གསབ་བརྩོན་ལེན་གྱི་དཔྱད་དཔོག་དང་མཐུན་སྦྱོར་སྙོམ་ཚད། གཟེངས་ཆད་སྐུལ་ལྕག་སོགས་ཀྱི་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་བཙུགས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་

སྲིད་གཞུང་གི་མགོ་ཁྲིད་ཀྱིས་རྒྱལ་ཁབ་པུའུ་ཨུ་ལ་མཇལ་ནས་གྲོས་ཆོད་བྱུང་བའི་དོན་ཚན་

ཁག་དང་དམངས་ཆེན་འཐུས་མི། སྲིད་གྲོས་ཨུ་ཡོན་གྱིས་བཏོན་པའི་གྲོས་ཡིག་དམིགས་སུ་བཟུང་ནས། རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། སྐྱེ་

ཁམས་ཁོར་ཡུག་སྲུང་སྐྱོབ། ཆུའི་སྦགས་བཙོག་འགོག་བཅོས། ཆུ་བེད་འཕེལ་རྒྱས། གྲོང་གསེབ་

དར་སྤེལ་སོགས་ཁྱབ་ཁོངས་གཙོ་བོར་དམིགས་ཏེ། སྙན་སེང་འབྲེལ་མཐུད་བརྩོན་ལེན་གྱི་ཤུགས་ཚད་ཆེ་རུ་བཏང་བ་དང་། ཀྲུང་དབྱང་གིས་ས་གནས་ལ་སྤོ་སྒྱུར་གཏོང་སྤྲོད་བྱས་པ་

འཕར་ཚད་མེད་པའི་གནས་ཚུལ་འོག་ཏུ། ལོ་ཧྲིལ་བོར་ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་

རིགས་སྣ་ཚོགས་སྒོར་དུང་ཕྱུར1504.7བརྩོན་ལེན་བྱས་པ་དང་ཁ་ཚད་གཅིག་པ་ལས5.9%འཕར། ས་གནས་སྲིད་གཞུང་གི་བུ་ལོན་གསར་སྣོན་བཅད་གྲངས་སྒོར་དུང་

ཕྱུར364བརྩོན་ལེན་བྱས་ཤིང་། མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་མཉམ་ལས་གྱི་མ་དངུལ་སྒོར་དུང་ཕྱུར25མཐུན་སྦྱོར་དོན་འཁྱོལ་བྱས། ནོར་སྲིད་ཐོན་ཁུངས་ལ་གཅིག་འདོམས་ཕན་སྒྱུར་ཤུགས་ཆེན་བྱས་པ། “སྔོན་རྩིས་གསུམ”གཅིག་འདོམས་སྦྲེལ་མཐུད་དང་ནང་འདྲེན་ཤུགས་ཚད་ཇེ་དྲག་ཏུ་བཏང་ནས། ཞིང་ཆེན་ཡོངས་ནས་སྲིད་གཞུང་རང་བཞིན་གྱི་ཐེབས་རྩ་དང་རྒྱལ་དབང་རྒྱུ་ནོར་གཉེར་སྐྱོང་གི་སྔོན་རྩིས་ལས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར34.4ནང་འདྲེན་བྱས། མ་རྩ་རྒྱུ་ནོར་ནུས་ལྡན་ཕན་སྒྱུར་བྱས་ནས་ལོ་དེར་ཞིང་ཆེན་རིམ་པའི་སྲིད་གཞུང་གི་གཏོང་འཇོག་ཐེབས་རྩ་བེད་མེད་ནོར་སྲིད་ཀྱི་བཏང་བའི་མ་དངུལ་སྒོར་དུང་ཕྱུར11.7ཕྱིར་བསྡུ་གཙང་སེལ་བྱས་པ་དང་། སྲིད་འཛིན་དོན་ལས་སྡེ་ཚན་གྱི་བེད་མེད་རྒྱུ་ནོར་སྒོར་དུང་ཕྱུར16སྙོམ་སྒྲིག་བཀོལ་སྤྱོད་བྱས་ཤིང་། ལོ་མཇུག་ཏུ་ནོར་སྲིད་ཀྱི་གསོག་ཚད་མ་དངུལ96.2%ཡན་ཕན་སྒྱུར་བེད་སྤྱོད་བྱས་ནས། མྱུར་མཁོ་ཡོད་པའི་གཙོ་གནད་ཁྱབ་ཁོངས་དང་སྟོབས་ཞན་པའི་ལྷུ་ཚིགས་འཕེལ་རྒྱས་ལ་གཅིག་འདོམས་སྒོས་སྤྱད་པས། ནོར་སྲིད་ཀྱི་འགན་སྲུང་ནུས་ཤུགས་དངོས་གནས་མཐོར་འདེགས་བཏང་།

3.སྲ་གཤིས་ཀྱི་འགྲོ་སྒོར་འགན་སྲུང་ཤུགས་ལྡན་ཡོད་པ། གཙོ་གནད་འགྲོ་སྒོའི་ནོར་ཤུགས་འགན་སྲུང་ཇེ་དྲག་ཏུ་གཏོང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་མ་དངུལ་བཀོད་སྒྲིག་གི་གཙོ་བོའི་ནང་གི་འགངས་ཆེན་དུ་བཟུང་ནས། གཅིག་འདོམས་ཀུན་སྙོམས་དང་གཙོ་གནད་འབུར་ཐོན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། འགྲོ་སྒོའི་སྒྲིག་གཞི་སྙོམ་སྒྲིག་གི་ཤུགས་ཚད་ཆེ་རུ་བཏང་ཞིང་། ནོར་སྲིད་སྲིད་ཇུས་སྔར་ལས་གནད་འཁེལ་ནུས་ལྡན་ཡོང་བར་སྐུལ་འདེད་བྱས། འཚུབ་ཟློག་འགན་སྲུང་ལས་འགན་ལ་དམིགས་པ། དུས་ཐོག་ཏུ་གནོད་འགོག་རྒུད་སྐྱོབ་ཀྱི་མ་དངུལ་སྒོར་དུང་ཕྱུར23.2བཏང་ནས། རྨ་སྟོད་ཀྱི“5•22”ཡོམ་འགོག་རྒུད་སྐྱོབ་དང་གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་བྱ་བར་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས། མ་དངུལ་སྒོར་དུང་ཕྱུར8.4བསྡུ་རུབ་བྱས་ཏེ། དམངས་ཡོངས་ཀྱི་རིན་མེད་འགོག་ཁབ་རྒྱག་པར་རྒྱབ་སྐྱོར་བྱས་ཤིང་། རིམས་བབ་འགོག་སྡོམ་གྱི་མ་དངུལ་སྒོར་དུང་ཕྱུར1.5གཤམ་སྤྲོད་བྱས་ཏེ། ཟི་ལིང་དང་མཚོ་ཤར་གྱི་རིམས་བབ་འགོག་སྡོམ་མ་དངུལ་སྒོར་ཁྲི2500མྱུར་དུ་གཏོང་ལེན་བྱས་ནས། རིམས་བབ་འགོག་སྡོམ་གྱི་གཡུལ་འཐབ་ལ་རྒྱལ་ཁ་ལེན་པར་རྒྱབ་སྐྱོར་བྱས། སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་སྐྲུན་པར་དམིགས་པ། མ་དངུལ་སྒོར་དུང་ཕྱུར115གཤམ་སྤྲོད་བྱས་ཤིང། སྦགས་བཙོག་འགོག་བཅོས་ཀྱི་གཡུལ་འཐབ་དང་གཙང་གསུམ་འབྱུང་ཁུངས་མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་གཙོ་གནད་ལས་གྲྭ། རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་འཛུགས་སྐྲུན། མུ་རི་གཏེར་ཁུལ་དང་མདོ་ལ་རི་བོའི་ལྷོ་རྒྱུད་ཀྱི་མཚོ་སྔོན་ལེབ་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་སོགས་ལ་གཅིག་འདོམས་སྒོས་རྒྱབ་སྐྱོར་བྱས། རིམ་སྐོར་གསུམ་པའི་རྩྭ་ཐང་སྐྱེ་ཁམས་བྱ་དགའི་ཁ་གསབ་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས། རྩྭ་ཐང་དང་ནགས་ཚལ། བརླན་ས་སོགས་ཀྱི་སྐྱེ་ཁམས་ཕན་ནུས་ཁ་གསབ་རྐྱེན་སྲོལ་འཐུས་ཚང་དུ་བསྐྲུན་ནས། གཙོ་གནད་བཞུར་རྒྱུན་གྱི་སྐྱེ་ཁམས་ཁ་གསབ་རྐྱེན་སྲོལ་འཚོལ་ཞིབ་བྱས་ཏེ་བཙུགས་པ་དང་། འགོ་ཁུངས་དང་གཞུང་རྒྱུན་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ལེགས་སྒྱུར་བྱེད་པར་སྐུལ་སྤེལ་བཏང་། གྲོང་གསེབ་དར་སྤེལ་འཐབ་ཇུས་ལ་དམིགས་པ། མ་དངུལ་སྒོར་དུང་ཕྱུར64.5གཤམ་སྤྲོད་བྱས་ཤིང་། དབུར་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་ནུས་ལྡན་སྦྲེལ་མཐུད་བྱེད་པར་རྒྱབ་སྐྱོར་བྱས་ཐོག ཞིབ་མཆན་དབང་ཆ་ཁྱོན་ཡོངས་ནས་རྫོང་རིམ་པར་སྤྲོད་པའི་བླང་བྱ་དོན་འཁྱོལ་བྱས་ནས། ནོར་སྲིད་ཀྱི་ཞིང་ལས་དང་འབྲེལ་བའི་མ་དངུལ་གྱི་རྒྱུ་རྐྱེན་ཐབས་ལྟར་དབྱེ་བགོ་རྣམ་པ་འཐུས་ཚང་དུ་བཏང། ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་མ་དངུལ་གྱི་སྒྲིག་གཞི་སྙོམ་སྒྲིག་བྱས་ཏེ། ཞིང་སའི་ཆུ་བེད་སྒྲིག་ཆས་ཀྱི་ཞན་ཆ་ཁ་གསབ་བྱེད་པ་དང་། ཚད་གཞི་མཐོ་བའི་ཞིང་ས་བསྐྲུན་པ་དང་སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོབ་དང་བེད་སྤྱོད་ལ་རྒྱབ་སྐྱོར་བྱས་ཤིང་། ཐོན་ལས་དང་པོ་གཉིས་པ་གསུམ་པ་བཅས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཞིང་ལས་འགན་སྲུང་གི་དོ་དམ་མ་ལག་འཐུས་ཚང་དུ་བསྐྲུན་པ་དང་། ཞིང་ཕྱུགས་ལས་ཀྱི་ཡིད་རྟོན་དངུལ་བུན་ཁག་ཐེག་བྱེད་ནུས་དངོས་གནས་འདོན་སྤེལ་བྱས་ཏེ། ཞིང་ཕྱུགས་ལས་འོས་འཚམ་གྱིས་ཚོང་གཉེར་བྱེད་པོའི“མ་དངུལ་བསྡུ་རུབ་དཀའ་བ་དང་མ་དངུལ་བསྡུ་རུབ་དཀོན་པའི”གནད་དོན་ཧུར་ཐག་གིས་ཐག་གཅོད་བྱས། གཞི་རིམ་གྱི་ནོར་སྲིད་འཁོར་སྐྱོད་ལ་དམིགས་པ། རྒྱུན་རྣམ་ཅན་གྱི་ནོར་སྲིད་མ་དངུལ་ཐད་གཏོང་རྐྱེན་སྲོལ་དོན་འཁྱོལ་བྱས་པར་མ་ཟད་ཁྱབ་རྒྱ་ཆེ་རུ་བཏང་ནས། རིགས37ལ་སྤོ་སྒྱུར་གཏོང་སྤྲོད་བྱས་པ་དེ་ཐད་གཏོང་རྐྱེན་སྲོལ་དོ་དམ་ནང་བསྡུ་ལེན་བྱས་ནས། ཁེ་ལས་ལ་ཕན་པ་དང་དམངས་ལ་ཕན་པའི་གྲུབ་འབྲས་མངོན་གསལ་བླངས། ནོར་ཤུགས་གཤམ་གཏོང་རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་གྱིས་གཞི་རིམ་ལ་རོགས་སྐྱོར་སྒོར་དུང་ཕྱུར1040.4ལ་སླེབས་པ་དང་། དེའི་ཁྲོད་དུ་ནོར་ཤུགས་རང་བཞིན་གྱི་སྤོ་སྒྱུར་གཏོང་སྤྲོད་སྒོར་དུང་ཕྱུར482.7བཏང་ནས། གྲོང་ཁྱེར་དང་རྫོང་ལ་ལྟ་སྐུལ་བྱས་ཏེ་སྔོན་རྩིས་བཀོད་སྒྲིག་གི་སྔོན་འགྲོའི་རིམ་པ་དོན་འཁྱོལ་ནན་མོ་བྱས་ཤིང་། “འགན་གསུམ”འགྲོ་སྒོ་དང་བུ་ལོན་གྱི་མ་སྐྱེད་སྤྲོད་པ་སོགས་ཀྱི་སྲ་གཤིས་འགྲོ་སྒོ་འདང་ངེས་ཀྱིས་འགན་སྲུང་བྱས་ནས། གཞི་རིམ་གྱི་ནོར་སྲིད་བརྟན་འཇགས་ངང་འཁོར་སྐྱོད་བྱེད་པར་ཁག་ཐེག་བྱས།

4.དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་མུ་མཐུད་ཇེ་ཡངས་སུ་བཏང་བ། འཕེལ་རྒྱས་ནི་ལས་འགན་དང་པོ་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་གསར་བའི་འདུ་ཤེས་རྒྱུན་འཁྱོངས་དང་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ལག་བསྟར་བྱས་ནས། གཏོང་འཇོག་གི་ཤུགས་ཚད་རྒྱུན་འཁྱོངས་སྒོས་ཁེ་ལས་རིགས་སྒྱུར་རིམ་སྤར་དང་ཚན་རྩལ་གསར་སྐྲུན་ལ་རྒྱབ་སྐྱོར་བྱས་ནས། དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་ཤུགས་དང་ལྡན་པའི་སྐུལ་འདེད་བཏང་། ཁྲལ་འཕྲི་ཡོན་གཅོག་གི་སྲིད་ཇུས་དོན་འཁྱོལ་བྱེད་པའི་ཐད་དུ། ལམ་ལུགས་རང་བཞིན་གྱི་ཁྲལ་འཕྲི་མུ་མཐུད་ལག་བསྟར་བྱས་ཏེ། གཞི་རྒྱ་ཆུང་བའི་ཁྲལ་མིའི་རིན་འཕར་ཁྲལ་གྱི་བསྡུ་འགོ་ཚུགས་གནས་ཇེ་མཐོར་གཏོང་བ་སོགས་སྒྲིག་གཞི་རང་བཞིན་གྱི་ཁྲལ་འཕྲི་སྲིད་ཇུས་གསར་བ་དོན་འཁྱོལ་བྱས་ཤིང་། སྲིད་ཇུས་དཔྱད་དཔོག་སྤེལ་ནས། ལོ་ཧྲིལ་བོར་གསར་བསྣན་ཁྲལ་འཕྲི་ཡོན་གཅོག་གི་སྒོར་དུང་ཕྱུར40ཡས་མས་ཡོད། སྲིད་གཞུང་གི་ནུས་ལྡན་དངུལ་གཏོང་ཇེ་ཆེར་གཏོང་བའི་ཐད་དུ། མ་དངུལ་སྒོར་དུང་ཕྱུར344.3གཤམ་སྤྲོད་བྱས་ཤིང་། མཁའ་འགྲུལ་དང་ལྕགས་ལམ། གཞུང་ལམ་འགྲིམ་འགྲུལ་དང་ཆུ་བེད་སྒྲིག་ཆས་སོགས་འཛུགས་སྐྲུན་གྱི་མ་དངུལ་དགོས་མཁོ་ཧུར་ཐག་གིས་འགན་སྲུང་བྱས་པ་དང་། ཤར་རྒྱུད་གྲོང་ཁྱེར་ཁྱུ་ཚོགས་དང་མཛེས་པའི་གྲོང་གསེབ(གྲོང་རྡལ)། ཁྱད་ལྡན་གྲོང་རྡལ་ཆུང་བ། སྡོད་ཁུལ་རྙིང་བའི་སྒྱུར་བཀོད། སྤྱོད་ཁང་གསར་བརྗེ། ཆུའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་སོགས་གཙོ་གནད་ལས་གྲྭ་ལ་རྒྱབ་སྐྱོར་བྱས་ཏེ། མང་ཚོགས་དང་འབྲེལ་བའི་ཁེ་ཕན་གྱི་གནད་དོན་གཙོ་བོ་དངོས་གནས་ཐག་གཅོད་བྱས། “གནས་བཞིའི”འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་ཐད་དུ། མ་དངུལ་སྒོར་དུང་ཕྱུར66.9གཤམ་སྤྲོད་བྱས་ཤིང་། ཕྱོགས་སོ་སོའི་གཏོང་འཇོག་ལ་ཁྲིད་སྟོན་དང་སྐུལ་མ་བཏང་ནས། ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་ཕན་ཕྱོད་སྔར་ལས་ཇེ་མཐོ་དང་། དྭངས་གཙང་ནུས་ཁུངས་བསྡུ་རུབ་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཞིང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་བར་སྟོང་ཁོད་སྟངས་ལེགས་སྒྱུར་བྱས་ནས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་ལས་སྟོབས་ལྡན་དང་སྤུས་ལེགས་སུ་བཏང་། ཁེ་ལས་ཆུང་འབྲིང་གི་འཕེལ་རྒྱས་ལ་རོགས་འདེགས་བྱེད་པའི་ཐད་དུ། མ་དངུལ་སྒོར་དུང་ཕྱུར12.7གཤམ་སྤྲོད་བྱས་ཤིང་། ཁེ་ལས་ཀྱི་ཐོན་སྐྱེད་རྒྱུ་རྐྱེན་གྱི་མ་རྩ་ཇེ་དམའ་རུ་བཏང་བ་དང་གསར་སྐྲུན་བྱ་འགུལ་སྤེལ་བ། ཆེད་འཕགས་ཁྱད་གསར་གྱི་ནུས་ཤུགས་མཐོར་འདེགས། ཕྱི་ནང་གི་ཉོ་ཚོང་མ་ལག་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས། “མ་དངུལ་མཛོད་གཉིས”ཀྱི་ཕྱོད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། མཁོ་འདོན་སྣེ་གཉིས་ནས་ཁེ་ལས་ཆུང་གྲས་ཀྱི་དངུལ་རྩའི་ཞབས་ཕྱི་ལེགས་སྒྱུར་དང་། “མཚོ་སྔོན་ཡིད་རྟོན་དངུལ་བསྡུ”ལས་སྟེགས་འཛུགས་སྐྲུན་བཅས་ལ་རྒྱབ་སྐྱོར་བྱས་ཤིང་། ཁེ་ལས་ཆུང་འབྲིང་གི་མ་དངུལ་བསྡུ་བའི་དཀའ་གནད་སེལ་ནས། འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་དྲག་ཏུ་བཏང་། ཚན་རྩལ་གསར་སྐྲུན་གྱི་རིམ་སྤར་ལ་སྐུལ་སྤེལ་གཏོང་བའི་ཐད་དུ། མ་དངུལ་སྒོར་དུང་ཕྱུར6.3གཤམ་སྤྲོད་བྱས་ཤིང་། རྨང་གཞིའི་ཞིབ་འཇུག་གི་གཏོང་འཇོག་ཆེ་རུ་བཏང་ནས། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཙོ་གནད་ཚོད་ལྟ་ཁང་གི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་། ཚན་རྩལ་ལས་གཞིའི་དོ་དམ་བཅོས་སྒྱུར་དང“དཔའ་ཁས་ལེན”དང“སྐྱོང་མཁས་ཚན་རིག་པ”འགན་འཁྲི་ལམ་ལུགས་ཀྱི་ཚོད་ལྟ་ལ་རྒྱབ་སྐྱོར་བྱས་ནས། སྲིད་གཞུང་དང་ཁེ་ལས་ཀྱི་བརྒྱུད་ལམ་མང་བོ་ལས་ཚན་རྩལ་གྱི་གཏོང་འཇོག་རྐྱེན་སྲོལ་འཐུས་ཚང་དུ་བསྐྲུན་ཏེ། ནོར་སྲིད་གཏོང་འཇོག་དང་ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་གྲོན་དངུལ་དང་སྦྲེལ་ཞིང། ནོར་སྲིད་ཀྱི་གནད་འགག་འདེགས་སྐྱོར་དང་སྒུལ་ཁྲིད་ཁྲིད་སྟོན་བྱེད་ནུས་འདོན་སྤེལ་བྱས་ནས། ཁེ་ལས་ལ་ཁྲིད་སྟོན་བྱས་ཏེ་གསར་སྐྲུན་གྱི་བྱེད་པོར་གྱུར་བར་བྱས།

5.དམངས་འཚོའི་དོན་ལས་འཕེལ་རྒྱས་ལ་དངོས་ནུས་ཐོན་པ། དམངས་འཚོ་འགན་སྲུང་དང་ལེགས་སྒྱུར་དེ་ཐོག་མཐའ་བར་གསུམ་དུ་གཞི་རྩའི་འགོ་རྩོམ་ས་དང་མཇུག་བསྡུ་སར་བཟུང་ནས། མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཤིང་། ནོར་སྲིད་ཀྱི་འགྲོ་སྒོའི75%ཡན་དེ་དམངས་འཚོ་ལས་དོན་འཕེལ་རྒྱས་ཀྱི་སྟེང་དུ་བཀོལ་བ་རྒྱུན་འཁྱོངས་བྱས་ནས། རིགས་ཆེ་བ10ཡི་དམངས་འཚོའི་དོན་དངོས་ལས་གྲྭ་ཁག45སྣེ་ཁྲིད་ནས་སྐུལ་འདེད་བཏང་སྟེ་ཁྱོན་ཡོངས་ནས་ཡོངས་འགྲུབ་བྱས། སློབ་གསོའི་དོ་མཉམ་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བའི་ཐད་དུ། མ་དངུལ་སྒོར་དུང་ཕྱུར67.6གཤམ་སྤྲོད་བྱས་ཤིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགན་བབ་སློབ་གསོའི་གྲོན་དངུལ་འགན་སྲུང་རྐྱེན་སྲོལ་དོན་འཁྱོལ་བྱས་ནས། “སྙུང་གཉིས”སྲིད་ཇུས་ལག་བསྟར་དང་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་སློབ་ཁྲིད་རྗེས་ཀྱི་ཞབས་ཕྱི་སྤེལ་བར་རྒྱབ་སྐྱོར་བྱས། སློབ་སྔོན་ནས་མཐོ་རིམ་སློོབ་གསོའི་རིམ་པ་ཁག་གི་སློབ་མའི་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་ཏེ། གཞུང་སྒྲུབ་བྱིས་སྐྱོང་གླིང་གི་སློབ་མའི་ཆ་སྙོམ་སྤྱི་སྤྱོད་གྲོན་དངུལ་དང་མཐོ་རིམ་མཐར་ཕྱིན་སློབ་མའི་གཞི་རིམ་ལས་ཞུགས་ཀྱི་སློབ་རིན་ཁ་གསབ་ལམ་ལུགས་བཙུགས། ས་གནས་ཀྱི་གཟིགས་སྐྱོང་རང་བཞིན་གྱི་སློབ་གསོའི་ཐོན་ཁུངས་འདོན་སྤྲོད་རྒྱ་ཆེར་གཏོང་བར་རྒྱབ་སྐྱོར་བྱས་ཏེ། སློབ་གྲྭའི་ཞན་ཆའི་ཁག་གི་ལེགས་སྒྱུར་དང་ནུས་ཤུགས་མཐོར་འདེགས་ལ་སྐུལ་འདེད་བཏང་། ལས་བརྟན་ལས་ཞུགས་ཀྱི་སྲིད་ཇུས་དོན་འཁྱོལ་བྱེད་པའི་ཐད་དུ། མ་དངུལ་སྒོར་དུང་ཕྱུར14གཤམ་སྤྲོད་བྱས་ཤིང་། ལས་རིགས་ལག་རྩལ་མཐོར་འདེགས་འགུལ་སྐྱོད་ལག་བསྟར་ལ་རྒྱབ་སྐྱོར་བྱས་ཏེ། མཐོ་རིམ་མཐར་ཕྱིན་སློབ་མའི“རོགས་གསུམ་སྐྱོར་གཅིག”གི་འཆར་གཞི་དོན་འཁྱོལ་བྱས་ཤིང་། གཙོ་གནད་ཁྱུ་ཚོགས་ཀྱི་ལས་ཞུགས་གནད་དོན་གཅིག་འདོམས་སྒོས་ཐག་གཅོད་བྱས། གཟིགས་སྐྱོང་རང་བཞིན་གྱི་ལས་བརྟན་ཕྱིར་སྤྲོད་དང་ལས་ཤོར་ཁ་གསབ་རོགས་དངུལ་སོགས་ཀྱི་དུས་རིམ་རང་བཞིན་གྱི་སྲིད་ཇུས་རྒྱུན་སྲིང་ལག་བསྟར་བྱས་ནས། ཁེ་ལས་ཀྱི་ཁུར་བོ་ཇེ་ཡང་དང་ལས་རྐང་བརྟན་འཇགས་ལ་རོགས་སྐྱོར་བྱས། བདེ་ཐང་གི་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་དུ། མ་དངུལ་སྒོར་དུང་ཕྱུར68གཤམ་སྤྲོད་བྱས་ཤིང། སྨན་བཅོས་འཕྲོད་བསྟེན་ལས་དོན་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཕྱི་མི་སྣའི་ཆ་སྙོམ་ཁ་གསབ་རོགས་དངུལ་དང་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་ཉེན་འགོག་གི་མ་དངུལ་བསྡུ་རུབ་ཚད་གཞི་ཇེ་མཐོར་བཏང་ནས། སོ་སོར་སྒོར84དང976ལ་སླེབས་པ་དང་། རྫོང་ཁོངས་ཀྱི་སྨན་ཞབས་ཐུན་ཚོགས་ཀྱི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་གྱི་མ་དངུལ་ཐུམ་རྒྱག་བཅོས་སྒྱུར་ཚོད་ལྟའི་ཁྱབ་ཁོངས་དེ་རྫོང2ནས་རྫོང8བར་རྒྱ་བསྐྱེད་བཏང་། སྤྱི་ཚོགས་འགན་སྲུང་ཆུ་ཚད་ཇེ་མཐོར་གཏོང་བའི་ཐད་དུ། མ་དངུལ་སྒོར་དུང་ཕྱུར172.5གཤམ་སྤྲོད་བྱས་ཤིང། ཁེ་ལས་ཀྱི་ལས་བཟོ་བའི་གཞི་རྩའི་རྒན་གསོ་ཉེན་འགོག་ཐེབས་རྩའི་འགན་འཁྲི་མཉམ་འཁུར་རྐྱེན་སྲོལ་བཙུགས་པ་དང་། ཁེ་ལས་དང་ལས་ཁུངས་དོན་ལས་སྡེ་ཚན་གྱི་ལས་འཁྱུར་ངལ་གསོ་མི་སྣའི་རྒན་གསོ་དངུལ་ཟླ་རེར་མི་རེར་ཆ་སྙོམས་སྒོར196ཇེ་མཐོར་བཏང། ཆེས་དམའི་འཚོ་བའི་འགན་སྲུང་གི་ཚད་གཞི་ཇེ་མཐོར་བཏང་ནས། གྲོང་ཁྱེར་དང་ཞིང་སྡེ་སོ་སོར་ཟླ་རེར་མི་རེར་ཆ་སྙོམས་སྒོར672དང་ལོ་རེར་མི་རེར་ཆ་སྙོམས་སྒོར5184ཇེ་མཐོར་བཏང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དམའ་སྲུང་བྱ་ཡུལ་དང་དབུལ་ཕོངས་གསོ་སྐྱོང་མི་སྣ་ཁྲི38ཡི་གཞི་རྩའི་འཚོ་བར་འགན་སྲུང་བྱས་ཤིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ཁག་མང་ཚོགས་མི་ཐེངས་ཁྲི37ལ་གནས་སྐབས་རོགས་སྐྱོབ་བྱས། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་དུ། མ་དངུལ་སྒོར་དུང་ཕྱུར33.1གཤམ་སྤྲོད་བྱས་ཤིང། གྲོང་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་ལ་སྐུལ་འདེད་དང་ནག་འཇོམས་ངལ་སེལ་གྱི་འཐབ་རྩོད་རྒྱུན་རྣམ་ཅན་དུ་སྤེལ་བ་དང་། འབྲེལ་མཚམས་ས་ཁུལ་གྱི“བདེ་འཇགས་དང་དར་སྤེལ” ལས་གྲྭ་ལག་བསྟར་བྱས་པར་རྒྱབ་སྐྱོར་བྱས་ནས། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་སྔོན་བསྐྲུན་པར་རོགས་འདེགས་བྱས།

6. ནོར་ཁྲལ་ལམ་ལུགས་བཅོས་སྒྱུར་ལ་སྐུལ་འདེད་གཏིང་ཟབ་བཏང་བ། བཅོས་སྒྱུར་གཏིང་ཟབ་དེ་ཐོག་མཐའ་བར་གསུམ་དུ་མ་དངུལ་དབྱེ་བགོ་ལེགས་སྒྱུར་དང་དེང་རབས་ནོར་ཁྲལ་ལམ་ལུགས་འཛུགས་པའི་གཞི་རྩའི་ལམ་བུ་རུ་བཟུང་ནས། མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས་ལམ་ལུགས་རྐྱེན་སྲོལ་གསར་སྐྲུན་དང་དོ་དམ་བྱེད་ཐབས་ཧུར་ཐག་གིས་གསར་སྐྲུན་བྱས་ཤིང་། ནོར་སྲིད་འཕེལ་རྒྱས་ཀྱི་ནང་གི་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་བར་ཤུགས་ཆེན་པོ་བཏོན། ནོར་ཁྲལ་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་བྱས་པ། སྔོན་རྩིས་དོ་དམ་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་བྱེད་པའི་ལག་བསྟར་བསམ་འཆར་བཏོན་ནས། དོ་མཉམ་རང་བཞིན་དང་གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་གྱི་སྤོ་སྒྱུར་གཏོང་སྤྲོད་བྱེད་ཐབས་ལ་བཟོ་བཅོས་བྱས་ཤིང་། ས་ཆུ་རྒྱུན་འཁྱོངས་དང་བཙོག་ཆུ་ཐག་གཅོད་སོགས་ཁག4ཡི་ཁྲལ་མིན་ཡོང་སྒོ་བསྡུ་བའི་དོ་དམ་བྱེད་ཐབས་འཐུས་ཚང་དུ་བཏང་ནས། རིན་འཕར་ཁྲལ་གྱིས་ཁྲལ་ཕྱིར་སློག་གི་མཉམ་འཁུར་རྐྱེན་སྲོལ་དོན་འཁྱོལ་བྱས་པ་དང་། ནོར་ཤུགས་བསྟུད་མར་གཤམ་གཏོང་བྱས་ཏེ། གཞི་རིམ་གྱི་ནོར་སྲིད་འཁོར་སྐྱོད་རྨང་གཞི་སྔར་ལས་སྲ་བརྟན་དུ་བཏང་བ་དང་། ས་ཁུལ་བར་གྱི་ནོར་ཤུགས་སྒྲིག་གཞི་སྔར་ལས་དོ་མཉམ་དུ་མཐུན་སྦྱོར་བྱས། སྔོན་རྩིས་དོ་དམ་གཞི་གཅིག་ཅན་མགྱོགས་མྱུར་ངང་སྐྲུན་པ། “སྒྲིག་སྲོལ+ལག་རྩལ”གྱི་སྔོན་རྩིས་དོ་དམ་ཚོད་འཛིན་རྐྱེན་སྲོལ་བཙུགས་ནས། རྒྱལ་ཐོན་སྲ་མཉེན་ཆས་ཀྱི་ཁོར་ཡུག་འོག་ཏུ་ཞིང་ཆེན་ཡོངས་ཀྱི་གཞི་གྲངས་གཅིག་བསྡུས་ཆེན་མོའི་རྣམ་པས། མ་ལག་འཚམ་འཕྲོད་ཀྱི་བཀོད་སྒྲིག་མགྱོགས་མྱུར་ངང་སྤེལ་ཞིང་། གསོ་སྦྱོང་གི་ཤུགས་ཚད་ཆེ་རུ་བཏང་སྟེ། ལས་སྒོ་དང་ལག་རྩལ་མཐུད་སྦྲེལ་གཏིང་ཟབ་ཏུ་བཏང་ནས། གྲོང་ཁྱེར(ཁུལ)དང་རྫོང་སོ་སོས་རྨང་གཞིའི་ཆ་འཕྲིན་བསྡུ་ལེན་དང་ལས་གཞིའི་ཚད་ལྡན་མ་ལག་འཛུགས་པ། མ་ལག་བཀོད་སྒྲིག་སྤེལ་བ་སོགས་ཀྱི་བྱ་བའི་ཁག་སོ་སོ་ལེགས་པོར་སྒྲུབ་པར་མཛུབ་སྟོན་བྱས་ཏེ། སྔོན་རྩིས་དོ་དམ་གཞི་གཅིག་ཅན་གྱི་མ་ལག་དེ་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ནོར་སྲིད་དང་སྔོན་རྩིས་སྡེ་ཁག་ཏུ་བདེ་ལེགས་ངང་འཁོར་སྐྱོད་ཐུབ་པ་བྱུང་ནས་རྒྱལ་ཡོངས་ཀྱི་མདུན་གྲས་སུ་སྐྱོད་བཞིན་ཡོད། ཁྱབ་ཁོངས་གཞན་དག་གི་བཅོས་སྒྱུར་ལ་གཅིག་གྱུར་སྐུལ་འདེད་བཏང་བ། རྩིས་གཉེར་ཞིབ་རྩིས་གསར་སྐྲུན་བྱས་ནས། “མཉམ་འབྲེལ་དྲ་བ+ནོར་དོན་ཞབས་ཕྱི”ཡི་རིག་ནུས་ལས་སྟེགས་ཞིབ་རྩིས་རྣམ་པ་ཁྱབ་བརྡལ་དུ་བཏང་བ་དང་། གཞི་རིམ་ནོར་དོན་དོ་དམ་ལ་མུ་མཐུད་ཤུགས་བསྣན། 《སྲིད་འཛིན་དོན་ལས་རང་བཞིན་གྱི་རྒྱལ་དབང་རྒྱུ་ནོར་དོ་དམ་སྲོལ་ཡིག》ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཤིང་། “གཞུང་མཛོད་ལྟར་སྣང”འཚོལ་ཞིབ་བྱས་ཏེ་བཙུགས་པ་དང་རྒྱུ་ནོར་མཉམ་སྤྱོད་མཉམ་བཀོལ་ལ་སྐུལ་འདེད་བཏང། ནོར་སྲིད་ཀྱི་འཛིན་ཡིག་འགན་སྲུང་དང་ལྟ་དོམ་རྣམ་པ་གསར་སྐྲུན་བྱས་ནས། དེང་རབས་ཆ་འཕྲིན་དྲ་རྒྱའི་ལག་རྩལ་བྱེད་ཐབས་བཀོལ་སྤྱོད་གང་ལེགས་བྱས་ཤིང་། ནོར་སྲིད་ཀྱི་གློག་རྡུལ་འཛིན་ཡིག་དོ་དམ་བཅོས་སྒྱུར་ལ་ཡར་རྒྱས་གསར་བ་བླངས། སྲིད་གཞུང་གི་ཉོ་སྒྲུབ་དོ་དམ་ལམ་ལུགས་འཐུས་ཚང་དུ་བཙུགས་ནས། ཉོ་སྒྲུབ་བྱ་སྤྱོད་དང་ཆེད་མཁས་ཞིབ་དཔྱད་ཚད་ལྡན་དུ་བཏང་བ་དང་། “མཉམ་འབྲེལ་དྲ་བ+སྲིད་གཞུང་ཉོ་སྒྲུབ”ལ་མུ་མཐུད་སྐུལ་འདེད་བཏང་ཤིང་། སྲིད་གཞུང་ཉོ་སྒྲུབ་ཚད་ལྡན་དང་ནུས་མཐོ་ལ་སྐུལ་སྤེལ་བཏང།

7. ནོར་སྲིད་ཀྱི་ལྟ་སྐུལ་དོ་དམ་ཆུ་ཚད་མངོན་གསལ་མཐོར་འདེགས་བྱུང་བ། ལྟ་སྐུལ་དོན་དམ་དེ་ཐོག་མཐའ་བར་གསུམ་དུ་དུས་རབས་གསར་བའི་ནོར་སྲིད་བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་འཛིན་ལུང་དུ་བཟུང་ནས། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཤིང་། ནོར་སྲིད་ཀྱི་ལྟ་སྐུལ་དོ་དམ་གྱི་འགན་ནུས་བྱེད་ནུས་དངོས་གནས་འདོན་སྤེལ་བྱས་ཏེ། མ་དངུལ་དོ་དམ་གྱི་ཐད་དུ་མུ་མཐུད་དུ་ཤུགས་ཆེན་པོ་བཀོལ། སྔོན་རྩིས་ལས་ཕྱོད་དོ་དམ་ཇེ་དྲག་ཏུ་བཏང་བ། དོན་དག་གི་མགོ་མཇུག་བར་གསུམ་གྱི་བརྒྱུད་རིམ་ཡོངས་ནས་སྔོན་རྩིས་ཀྱི་ལས་ཕྱོད་དོ་དམ་དངོས་སུ་བསྒྲུབས་ནས། ཞིང་ཆེན་རིམ་པའི་སྔོན་རྩིས་སྡེ་ཁག་གི་ལས་ཕྱོད་དམིགས་འབེན་དོ་དམ་དང་ལས་ཕྱོད་འཁོར་སྐྱོད་ལྟ་སྐུལ་ཚོད་འཛིན། ལས་ཕྱོད་རང་བཤེར་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱས་ཏེ། ནོར་སྲིད་དཔྱད་འཇོག་གི་རྒྱུན་རྣམ་རྐྱེན་སྲོལ་འཐུས་ཚང་དུ་བསྐྲུན་པ་དང་། ལས་གཞིའི་དཔྱད་འཇོག་དང་མ་དངུལ་ལོ་སྔོན་མ་ལས་སོ་སོར38.1%དང5.2%འཕར། ལས་ཕྱོད་དཔྱད་འཇོག་གི་མཇུག་འབྲས་ཀྱི་བཀོལ་སྤྱོད་ནན་མོ་བྱས་ཏེ། དཔྱད་འཇོག་མཇུག་འབྲས་དང་སྤོ་སྒྱུར་གཏོང་སྤྲོད་དབྱེ་བགོ། སྡེ་ཁག་གི་སྔོན་རྩིས་ལས་གཞིའི་འགྲོ་སྒོ་བཅད་གྲངས་ཀྱི་ཚོད་འཛིན་གྲངས་དང་སྦྲེལ་བ་དང་། ལྷག་པར་དཔྱད་འཇོག་རིམ་པ་ཅུང་ཞན་པ7ཡི་ལས་གཞིའི་མ་དངུལ་སྒོར་དུང་ཕྱུར1.6འཕྲི་འཐེན་བྱས་ནས། “བཟང་བསྟོད་ངན་ཆད”ཀྱི་སྐུལ་ལྕགས་ཚོད་འཛིན་ཁྲིད་ཕྱོགས་གྲུབ་པར་བྱས། ཉེན་ཁ་སེལ་བ་དང་སྔོན་འགོག་གཙིགས་སུ་བཟུང་བ། 《སྲིད་གཞུང་རང་བཞིན་གྱི་བུ་ལོན་ཉེན་ཁ་སེལ་བ་དང་སྔོན་འགོག་བྱེད་པའི་སྐོར་གྱི་བསམ་འཆར》དང་ཆ་འགྲིག་ལམ་ལུགས་གཏན་འབེབས་བྱས་ཏེ། ལམ་ལུགས་ཀྱི་ཚོད་འཛིན་ཕྱོད་ཤུགས་བསྟུད་མར་ཇེ་དྲག་ཏུ་བཏང་ནས། ལོ་མཇུག་གི་མངོན་མེད་བུ་ལོན་གྱི་ཉེན་ཁའི་རིམ་པའི་དཔྱད་འཇོག་མཇུག་འབྲས་དུས་ཐོག་ཏུ་བརྡ་བསྒྲགས་བྱས་པ་དང་། ས་ཁུལ་སོ་སོའི་བུ་ལོན་མེད་པའི་གཏོང་བའི་བྱེད་པོའི་འགན་འཁྲི་ནན་དཀྲི་བྱས་ནས། ཞིང་ཆེན་ཡོངས་ཀྱི་བུ་ལོན་ཚད་ནི་སྤྱིའི་ཆ་ནས་བདེ་འཇགས་བར་ཁོངས་སུ་རྒྱུན་འཁྱོངས་བྱས། རྒྱལ་དབང་དངུལ་རྩའི་མ་རྩའི་རྒྱུ་ནོར་དོ་དམ་ལག་ཆ་ལེགས་བཀོལ་ལེགས་སྤྱོད་བྱས་ཏེ། ས་གནས་ཀྱི་རྒྱལ་དབང་དངུལ་རྩའི་མ་རྩ་དོ་དམ་བཅོས་བསྒྱུར་མུ་མཐུད་གཏིང་ཟབ་ཏུ་སྐུལ་འདེད་བཏང་། རྒྱལ་དབང་ཁེ་ལས་ཀྱི་ཉེན་ཁ་སེལ་བར་དམིགས་ནས། རྒྱལ་དབང་ཁེ་ལས་ཀྱི་འདེགས་ཤིང་གཙོ་གནད་དུ་བཟུང་ནས་རྒྱབ་སྐྱོར་བྱེད་པར་མཉམ་འབྲེལ་ཧུར་ཐག་བྱེད་པར་མ་ཟད། ཞིང་ཆེན་ཁོངས་གཏོགས་ཀྱི་རྒྱལ་དབང་ཁེ་ལས་ཁག་ཅིག་གི་བཅོས་སྒྱུར་དཀའ་ཁག་ལས་ཐར་བར་རྒྱབ་སྐྱོར་ལེགས་པོ་བྱས། ལྟ་སྐུལ་ཞིབ་བཤེར་ཤུགས་ཚད་ཆེ་རུ་བཏང་བ། ནོར་ཁྲལ་སྲིད་ཇུས་གལ་ཆེན་དོན་འཁྱོལ་དང་རྩིས་གཉེར་ཆ་འཕྲིན་དང་ལས་གཉེར་སྤུས་ཚད། སྐྱེ་ཁམས་དང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པ་སོགས་ཀྱི་ལས་གཞི་གལ་ཆེན་གྱི་མ་དངུལ་བཀོལ་སྤྱོད་དང་། སྔོན་རྩིས་ཆ་འཕྲིན་ཡོངས་བསྒྲགས་སོགས་ལ་དམིགས་ནས་གཙོ་གནད་ཞིབ་བཤེར་བྱས་པ་དང་། གནད་དོན་ཕྱོགས་བསྡུས་བཅོས་སྒྱུར་དོན་འཁྱོལ་གཏིང་ཟབ་བྱས་ནས། དམངས་ཕན་ཞིང་ཕན་གྱི་ནོར་སྲིད་ཁ་གསབ“ཁཱ་གཅིག་ཀུན་སྤྱོད”ཀྱི་གཅིག་གྱུར་དོ་དམ་ལ་སྐུལ་འདེད་བཏང་ཞིང་། ནོར་སྲིད་མ་དངུལ་གྱི་བཀོལ་སྤྱོད་ལ་བདེ་འཇགས་ནུས་ཐོན་ཡོང་བར་སྐུལ་སྤེལ་བཏང་། ནོར་དོན་སྡོམ་རྩིས་གོ་རིམ་སྔར་ལས་ཚད་ལྡན་དུ་བཏང་ནས་རྩིས་གཉེར་བ་ཐོ་འགོད་བྱེད་པའི་ལས་རིགས་བདེ་ཐང་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བའི་ལག་བསྟར་བསམ་འཆར་དཔར་འགྲེམས་བྱས་ཏེ། རྩིས་གཉེར་བའི་ལས་དོན་སའོ་ཡི་ལག་ཁྱེར་མེད་པར་ལས་གཉེར་བྱེད་པ་སོགས་ཀྱི“རིགས་བཞིའི”ཁྲིམས་འགལ་སྲོལ་འགལ་གྱི་བྱ་སྤྱོད་ལ་ཆེད་དོན་བཅོས་སྐྱོང་སྤེལ།

གོང་གསལ་གྱི་བྱ་བའི་གྲུབ་འབྲས་འདི་དག་ནི། ཞིང་ཆེན་ཏང་ཨུའི་སྤྱི་ཡོངས་ཀྱི་བཀོད་འདོམས་དང་འགྱུར་མེད་ཀྱི་དབུ་ཁྲིད་བྱས་པའི་གྲུབ་འབྲས་ཡིན་ལ། ཞིང་ཆེན་དམངས་ཆེན་དང་ཞིང་ཆེན་སྲིད་གྲོས་དང་འཐུས་མི་ཨུ་ཡོན་དག་གིས་ལྟ་སྐུལ་མཛུབ་སྟོན་དང་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་པའི་མཇུག་འབྲས་ཡིན་ཞིང་། ཡང་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་སེམས་ཤུགས་གཅིག་སྒྲིལ་དང་ཐུན་མོང་འབད་བརྩོན་ལས་བྱུང་བའི་འབྲས་བུའང་ཡིན། དེ་དང་མཉམ་དུ། མིག་སྔའི་ནོར་སྲིད་འཁོར་སྐྱོད་དང་སྔོན་རྩིས་དོ་དམ་ཁྲོད་སྔར་བཞིན་དཀའ་ཁག་དང་གནད་དོན་ཁག་ཅིག་ཡོད་ལ། གཙོ་བོ་ནི། ས་ཁུལ་ཁག་ཅིག་གི་ནོར་སྲིད་ཀྱི་ཡོང་སྒོ་འཕར་ཤུགས་མེད་པ་དང་། སྔོན་རྩིས་དོ་མཉམ་གྱི་དཀའ་ཁག་ཇེ་ཆེར་འགྲོ་བ། ནོར་སྲིད་ཀྱི་གཏོང་ཡོང་གི་འགལ་བ་འབུར་དུ་ཐོན་ཡོད། ཁྱབ་ཁོངས་ཁག་ཅིག་གི་འགྲོ་སྒོའི་སྒྲིག་གཞི་སྲ་འགྱུར་དང་རེངས་འགྱུར་གནད་དོན་སྔར་བཞིན་འབུར་དུ་ཐོན་ཞིང་། འགྲོ་སྒོའི་སྒྲིག་གཞི་སྙོམ་སྒྲིག་དང་ལེགས་སྒྱུར་ལ་ད་དུང་ཤུགས་ཚད་ཆེ་རུ་གཏོང་དགོས། ས་ཁུལ་དང་ལས་རིགས་སྡེ་ཁག་ཁག་ཅིག་གི་ལས་གཞི་གསོག་འཇོག་གིས་མི་འདང་བ་དང་སྔ་དུས་ཀྱི་གྲ་སྒྲིག་བྱས་པ་ཞིབ་ཚགས་དང་གནད་ཐོག་ཏུ་ཐོན་མེད་ལ། ལས་གཞིའི་འཆར་འགོད་དང་ཐུམ་རྒྱག་གི་ནུས་ཤུགས་མེད་པས། འགྲོ་སྒོའི་ལས་ཚད་དལ་ཞིང་དཔལ་འབྱོར་འཐེན་ཁྲིད་ཕྱོད་ནུས་ཀྱང་མངོན་གསལ་མེད། སྡེ་ཁག་ཁག་ཅིག་གིས“གྲོན་ཆུང་སྒོས་འཚོ་བ་དངོས་གནས་རོལ་བའི”བླང་བྱ་དོན་འཁྱོལ་མཐིལ་ཕྱིན་བྱས་མེད་ཅིང་། སྔོན་རྩིས་ལས་ཕྱོད་དོ་དམ་གྱི་བརྒྱུད་རིམ་ཡོངས་ཀྱི་སྤུས་ཚད་ད་དུང་མཐོར་འདེགས་གཏོང་དགོས། ང་ཚོས་གནད་དོན་འདི་དག་ཚད་མཐོན་པོས་གཙིགས་སུ་བཟུང་ནས། དོན་དང་ལྡན་པའི་བྱེད་ཐབས་སྤྱད་ནས་ཐག་གཅོད་ལེགས་པོ་བྱ་རྒྱུ།

གཉིས། 2022ལོའི་ཞིང་ཆེན་ཡོངས་དང་ཞིང་ཆེན་རིམ་པའི་སྔོན་རྩིས་སྐོར་གྱི་འཆར་ཟིན།

(གཅིག) ནོར་སྲིད་ཀྱི་གཏོང་ཡོང་གི་གནས་བབ་དབྱེ་ཞིབ།

དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་རིང་ལ། རང་རྒྱལ་གྱི་དཔལ་འབྱོར་ལ་མཉེན་ཆ་དྲག་པོ་ཡོད་པས། རྒྱུན་རིང་བོར་ཇེ་ལེགས་སུ་འགྲོ་བའི་གཞི་རྩའི་ཆ་དེར་འགྱུར་ལྡོག་མི་འབྱུང་མོད། འོན་ཀྱང་ཕྱི་རོལ་ཁོར་ཡུག་སྔར་ལས་རྙོག་འཛིང་ལྡན་པར་འགྱུར་བས། རྒྱལ་ནང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་དགོས་མཁོ་ཇེ་ཐུང་དང་མཁོ་སྤྲོད་རྡུང་ཐུག སྔོན་དུས་ཞན་འགྱུར་བཅས་ཀྱི་གནོན་ཤུགས་གསུམ་ལ་གདོང་གཏོད་དགོས། ནོར་སྲིད་ཀྱི་ཐོག་ནས་མངོན་པ་ནི། ནོར་ཤུགས་འཕར་བར་གཏན་འཁེལ་རང་བཞིན་མེད་པ་ཅུང་ཆེ་ལ། སྲ་གཤིས་འགྲོ་སྒོ་བསྟུད་མར་ཇེ་མང་དུ་འགྲོ་བ་དང་། གཏོང་ཡོང་གི་འགལ་བ་སྔར་ལས་འབུར་དུ་ཐོན་ནས། ནོར་སྲིད་གཏོང་ཡོང་གི་འགལ་བ་སྔར་བས་འབུར་དུ་ཐོན་པ་དང་། ནོར་སྲིད་འཁོར་སྐྱོད་དེ་ཐོག་མཐའ་བར་གསུམ་དུ་དོ་སྙོམ་འཚུབ་པའི་རྣམ་པར་གནས་ཡོད་དེ།

ནོར་ཤུགས་འཕར་བ་ལས་བལྟས་ན། 2022ལོའི་ནོར་ཤུགས་སྔོན་དཔག་ལྟར་ན2021ལོའི་ཆུ་ཚད་དམ་འཕར་ཚད་ཆུང་བར་གནས་པ་ཙམ་རེད། ས་གནས་ཀྱི་ཡོང་སྒོའི་གནོན་ཤུགས་ཇེ་ཆེར་སོང་བ་སྟེ། ཚོང་ཟོག་ཆེན་པོའི་རིན་གོང་གི་འཕར་ཚད་ལ་གཏན་འཁེལ་རང་བཞིན་མེད་པ་དང་། རྒྱུན་རིང་ལ་གནས་མཐོ་སར་རྒྱུན་འཁྱོངས་བྱེད་དཀའ་བར་མ་ཟད། རིན་གོང་འཕར་བ་དེ་གཤམ་རྒྱུད་ཁེ་ལས་སུ་སྤྲད་ནས་གཤམ་རྒྱུད་ཁེ་ལས་ཀྱི་མ་རྩ་ཇེ་མང་དུ་བཏང་འགྲོ། རྒྱལ་ནང་གི་རིམས་བབ་སྣེ་མང་དུ་འཕེལ་བཞིན་ཡོད་པས། ཞབས་ཕྱིའི་ལས་རིགས་སླར་གསོའི་ཐད་སྔར་བཞིན་གཏན་འཁེལ་རང་བཞིན་མིན་པ་ཅུང་ཆེ། གཏན་འཇགས་རྒྱུ་ནོར་གཏོང་འཇོག་མུ་མཐུད་ཇེ་དལ་དུ་སོང་བ་དང་། འཛུགས་སྐྲུན་དང་ཁང་སའི་ཐོན་ལས་སོགས་ཀྱི་གཙོ་གནད་ལས་རིགས་ཀྱི་ཁྲལ་བསྡུ་ཇེ་ཉུང་དུ་སོང་བ་མངོན་གསལ་ཡིན། རྒྱལ་ཁབ་ཀྱིས་བསྟུད་མར་ཁེ་ལས་ལ་རོགས་སྐྱོར་བྱས་ཏེ་དཀའ་ཁག་སེལ་ཤུགས་ཆེ་རུ་བཏང་ལ། སྔར་ལས་ཤུགས་ཚད་ཆེ་བའི་སྒོ་ནས་ཁྲལ་འཕྲི་ཡོན་གཅོག་ལག་བསྟར་བྱས་པས། 2022ལོའི་ས་གནས་ཀྱི་ཡོང་སྒོ་འཕར་བར་གཏན་འཁེལ་མིན་པ་ཅུང་ཆེ། ཀྲུང་དབྱང་གི་རོགས་སྐྱོར་བརྩོན་ལེན་བྱེད་པའི་དཀའ་ཁག་སྔར་བཞིན་ཅུང་ཆེ་སྟེ། ཀྲུང་དབྱང་གིས་བསྟུད་མར་ནོར་སྲིད་སྤོ་སྒྱུར་གཏོང་སྤྲོད་ཀྱི་སྲིད་ཇུས་དང་དབྱེ་བགོ་བྱེད་ཐབས་ཚད་ལྡན་དུ་བཏང་ལ། རིམ་བཞིན་རྒྱུ་རྐྱེན་ཐབས་དང་འགྲན་རྩོད་རང་བཞིན་གྱི་དབྱེ་བགོ་ཆེ་རུ་བཏང་། རང་ཞིང་གི་སྤྱིའི་མི་གྲངས་དང་དཔལ་འབྱོར་སྤྱི་ཚད། ནོར་སྲིད་འདོན་སྐྱོང་སོགས་ཀྱི་རྒྱུ་རྐྱེན་ལྟོས་བཅས་ཀྱིས་གཏན་འཇགས་ཡིན་པར་མ་ཟད། བགོ་སྐལ་གྱིས་ཀྱང་རྒྱལ་ཡོངས་ནས་ལེགས་ཆ་མི་ཟིན་ལ། དུས་མཉམ་དུ་ས་གནས་དང་སྡེ་ཁག་སོ་སོས་ལས་གཞི་འཆར་འགོད་དང་གྲབས་གསོག། ཐུམ་རྒྱག་གི་ཁྱབ་ཚད། གཏིང་ཚད། ཚགས་ཚད་བཅས་མི་མཐོ་བ། ས་གནས་ཀྱི་ཆ་འགྲིག་ནུས་ཤུགས་ལ་ཚད་ཡོད་པ་བཅས་ཀྱིས་བརྩོན་ལེན་དཀའ་ཁག་སྔར་ལས་ཆེ་རུ་བཏང། བུ་ལོན་གྱི་ཡོང་སྒོ་མར་ཆག་པ་སྟེ། རང་ཞིང་གི་བུ་ལོན་གྱི་གཞི་རྒྱ་ཅུང་ཆེ་བ་དང་ཉེན་ཁའི་ཆུ་ཚད་ལྟོས་བཅས་ཀྱིས་ཅུང་མཐོ་ལ། ཆེད་སྤྱོད་བུན་འཛིན་དངུལ་བསྡུ་དང་ཁེ་ཕན་རང་འདོན་དོ་མཉམ་གྱི་བླང་བྱ་དང་འཚམ་པའི་ལས་གཞི་ཅུང་ཉུང་བའི་སྟེང་། རྒྱལ་ཁབ་ཀྱིས་མཚལ་ཡིག་ཚད་ཇེ་དམའ་རུ་བཏང་བས་བུ་ལོན་ལེན་པའི་བར་སྟོང་ལ་ཚད་བཀག་བཟོས་ཡོད།

འགྲོ་སྒོའི་འགན་སྲུང་ཐད་ནས་བལྟས་ན། ནོར་ཤུགས་འཕར་བར་ཚད་ཡོད་ཀྱི་གནས་ཚུལ་འོག་ཏུ། 2022ལོའི་ཞིང་ཆེན་ཡོངས་སུ་གཞི་རིམ་གྱི“འགན་གསུམ”འགན་སྲུང་དང་སྲིད་གཞུང་གི་བུ་ལོན་གྱི་མ་སྐྱེད་སྤྲོད་པ། མངོན་མེད་བུ་ལོན་སེལ་བ་སོགས་སྲ་གཤིས་ཀྱི་འགྲོ་སྒོ་ཉིན་རེར་འཕར་བའི་གནད་དོན་རྙིང་བར་གདོང་གཏོད་དགོས་པར་མ་ཟད། ད་དུང“ལྔ་ཚན་བཅོ་ལྔའི”དུས་སྐབས་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་དང་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་བསྐྲུན་མགོ་ཚུགས་པ། “གནས་བཞི”འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་གཙོ་གནད་འགྲོ་སྒོའི་དགོས་མཁོ་དྲག་པའི་གནད་དོན་གསར་བར་ཡང་གདོང་གཏོད་དགོས་ཤིང་། དེའི་སྟེང་དུ་ཚན་རྩལ་གསར་སྐྲུན་ལ་འདེད་སྐུལ་དང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད། གཞི་རྩའི་སྤྱི་པའི་ཞབས་ཕྱི་ལ་འགན་སྲུང་། མངའ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་སྤེལ་སོགས་ཀྱི་ཐད་དུ་ད་དུང་ཞན་ཆ་མང་བོ་ཞིག་ལ་ནོར་སྲིད་ཀྱི་ཁ་གསབ་བྱེད་མཁོ་བས། ནོར་སྲིད་ཀྱི་གཏོང་ཡོང་གི་འགལ་བ་ཉིན་རེ་བཞིན་འབུར་ཐོན་རེད།

(གཉིས) 2022ལོའི་སྔོན་རྩིས་སྒྲིག་བཟོའི་མཛུབ་སྟོན་བསམ་བློ་དང་རྩ་བའི་རྩ་དོན།

2022ལོའི་སྔོན་རྩིས་སྒྲིག་བཟོའི་མཛུབ་སྟོན་བསམ་བློ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་གྲོས་ཚོགས་རིམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱས་ཏེ། བརྟན་བརླིང་གཙོར་བཟུང་བ་དང་བརྟན་བརླིང་ཁྲོད་ནས་འཕེལ་རྒྱས་བརྩོན་པ་རྒྱུན་འཁྱོངས་བྱས་ཤིང་། ཆ་ཚང་དང་ཡང་དག ཁྱོན་ཡོངས་ནས་འཕེལ་རྒྱས་གསར་བའི་འདུ་ཤེས་ལག་ལེན་མཐར་ཕྱིན་བྱེད་པ་དང་། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞིའི་རང་བཞིན་བཅོས་སྒྱུར་ནི་གཙོ་ཐིག་ཡིན་པ་རྒྱན་འཁྱོངས་བྱས་ཏེ། རིམས་བབ་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་བཀོད་འདོམས་བྱས་ནས། ཕྱོད་ནུས་མཐོར་འདེགས་དང་སྔར་ལས་གནད་འཁེལ་གཙིགས་སུ་བཟུང་བ། རྒྱུན་མཐུད་རང་བཞིན་གྱི་ཕན་ནུས་ལྡན་པའི་ནོར་སྲིད་སྲིད་ཇུས་ལག་བསྟར་བྱས་ཏེ། ནོར་སྲིད་ཀྱི་འགན་ནུས་བྱེད་ནུས་སྔར་བས་འདོན་སྤེལ་བྱས་ཤིང་། ཁྲལ་འཕྲི་ཡོན་གཅོག་གསར་བ་དང་དཔལ་འབྱོར་བརྟན་འཇགས་ལ་ཕན་པའི་སྲིད་ཇུས་ཀྱི་བྱེད་ཐབས་དོན་འཁྱོལ་བྱས་ཏེ། གཟབ་ནན་གྱི་ནོར་དཔལ་སྒྲིག་ཁྲིམས་གཏིང་ཟབ་དང་བདེན་དངོས་སུ་འགྲོ་བར་བསྟུད་མར་སྐུལ་འདེད་བཏང་ནས། ཏང་སྲིད་ལས་ཁུངས་ཀྱི་གྲོན་ཆུང་སྒོས་འཚོ་བ་རོལ་བ་རྒྱུན་འཁྱོངས་དང་། སྔོན་རྩིས་དོ་དམ་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་དང་། མ་དངུལ་ལྟ་སྐུལ་ལས་ཕྱོད་ཚོད་འཛིན་ཇེ་དྲག་ཏུ་བཏང་ནས། “བརྟན་འཇགས་དྲུག”དང“འགན་སྲུང་དྲུག”གི་བྱ་བ་མུ་མཐུད་ལེགས་པོར་བསྒྲུབ་པ་དང་། སྐྱེ་ཁམས་དཔལ་འབྱོར་གྱི་བཙན་ས་བསྐྲུན་པར་རྒྱབ་སྐྱོར་དང་། ཐོན་ལས“གནས་བཞི”འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་སྐུལ་འདེད་ལ་འབད་འཐབ་བྱས་ནས། དམངས་འཚོ་མུ་མཐུད་ལེགས་སྒྱུར་དང་། གཞི་རིམ་གྱི“འགན་གསུམ”མཐའ་ཐིག་ཐ་སྐྱོར་བྱས་ཤིང་། སྲིད་གཞུང་གི་བུ་ལོན་གསོག་ཚད་སེལ་བ་བརྟན་འཇགས་ངང་ལག་བསྟར་བྱེད་པ་དང་། ནོར་སྲིད་ཀྱི་བརྟན་འཇགས་བདེ་ཐང་གི་འཁོར་སྐྱོད་རྒྱུན་འཁྱོངས་བྱས་ཏེ། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་དང་ཞིང་ཆེན་གྱི་སྐབས་བཅུ་བཞི་བའི་ཏང་གི་འཐུས་མིའི་ཚོགས་ཆེན་རྒྱལ་ཁའི་ངང་འཚོག་པར་བསུ་མ་ཞུ།

2022ལོའི་སྔོན་རྩིས་སྒྲིག་བཟོའི་རྩ་བའི་རྩ་དོན་ནི། གཅིག་ནི“ནོར་དཔལ་གྱི་སྒྲིག་ཁྲིམས་ནན་མོའི”གཙོ་ཐིག་ལ་དམ་པོར་དམིགས་པ། ནོར་དཔལ་གྱི་སྒྲིག་ཁྲིམས་ནན་མོ་དེ་ནོར་དཔལ་དོ་དམ་ཁྲོད་ཀྱི་ངེས་པར་བརྩི་སྲུང་ནན་མོ་བྱ་དགོས་པའི་བྱ་སྤྱོད་ཚད་གཞིར་བཟུང་ནས། བླང་བྱ་དེ་ནོར་སྲིད་ཀྱི་བྱ་བ་དང་སྔོན་རྩིས་དོ་དམ་ཀྱི་བརྒྱུད་རིམ་ཡོངས་སུ་མངོན་པར་བྱ་དགོས། གཉིས་ནི“འཕེལ་རྒྱས་དང་བདེ་འཇགས”ཀྱི་འབྲེལ་བ་གཅིག་འདོམས་ལེགས་པོ་བྱེད་པ། བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ནོར་སྲིད་ཀྱི་ཐོན་ཁུངས་ཁག་སོ་སོ་ཚན་རིག་གིས་གཅིག་འདོམས་བྱ་དགོས་ལ། ནོར་ཤུགས་ཕྱོགས་བསྡུས་བྱས་ཏེ“གནས་བཞི”འཛུགས་སྐྲུན་དང་ལས་གཞི་གལ་ཆེན། གཙོ་གནད་ཁྱབ་ཁོངས་ཀྱི་འགྲོ་སྒོ་ལ་འགན་སྲུང་བཅས་བྱེད་དགོས་པར་མ་ཟད། དོན་དངོས་ཐོག་ཉེན་ཁ་འགོག་པར་གྲངས་བཅད་དགོས་ཤིང་། དངོས་ཐོག་བདེན་འཚོལ་དང་ཡོང་སྒོ་ལས་འགྲོ་སྒོ་གཏོང་བ། འཛད་སྤྱོད་དགོས་མཁོ་འགན་སྲུང་དང་དངུལ་གཏོང་གཞི་རྒྱ་ཆུང་གཏོང་སྒོས་སྔོན་རྩིས་བཀོད་སྒྲིག་བྱེད་དགོས་ལ། ནོར་སྲིད་ཀྱི་ཐེག་ཤུགས་དཔྱད་དཔོག་དང་ཉེན་ཁ་འགོག་སྡོམ་ལ་ཤུགས་བསྣན་ནས། ནོར་སྲིད་ཀྱི་རྒྱུན་མཐུད་རང་བཞིན་ལའང་ཤུགས་སྣོན་དགོས། གསུམ་ནི“སྔོན་རྩིས་བཅོས་སྒྱུར་དང་སྡོམ་རྩིས་བཅོས་སྐྱོང་། དམངས་ཆེན་གྱིས་ལྟ་སྐུལ། ལས་ཕྱོད་དང་སྦྲེལ་བ”བཅས་ཕྱོགས་བཞིའི་བླང་བྱ་དོན་འཁྱོལ་བྱེད་པ། སྔོན་རྩིས་བཅོས་སྒྱུར“གཏིང་ཟབ”བྱེད་པ། གཞི་མེད་སྔོན་རྩིས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། སྔོན་རྩིས་དོ་དམ་གཞི་གཅིག་ཅན་གྱི་མ་ལག་འཐུས་ཚང་དུ་བཏང་ནས། ལས་གཞིའི་མགོ་མཇུག་ཡོངས་ཀྱི་དུས་འཁོར་དོ་དམ་ལག་བསྟར་བྱེད་པ་དང་། འགྲོ་སྒོའི་ཚད་གཞི་མ་ལག་འཁོར་སྐྱོད་ལ་ཤུགས་བསྣན་ནས། སྤོ་སྒྱུར་གཏོང་སྤྲོད་བྱེད་ནུས་ཀྱི་ངེས་གནས་གཏན་འཁེལ་གསལ་བོར་བྱས་ཏེ། ཞིང་ཆེན་གྱིས་འོག་རིམ་གྱི་བུ་ལོན་དངུལ་བུན་དུ་སྒྱུར་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། སྡོམ་རྩིས་ཀྱིས་བཅོས་སྐྱོང“ཞིབ་ཚགས་ལྡན་པར”བྱེད་པ། ཁྲལ་མིན་ཡོང་སྒོའི་བསྡུ་ལེན་དང་མངོན་མེད་བུ་ལོན་སེལ་བ། གཞུང་ཁང་ཆེ་རིགས་འཛུགས་སྐྲུན་སོགས་ཐད་དུ་དམིགས་ནས་རྒྱུན་རིང་གི་རྐྱེན་སྲོལ་འཛུགས་པ་དང་། རྒྱུན་ནོར་ཉོ་སྒྲུབ་དང་སྲིད་གཞུང་གི་ཉོ་སྒྲུབ། གཞུང་དོན་ལས་སྒོའི་བཀོལ་ཁང་ཞིག་གསོ་དང་བསྒྱུར་བཀོད་ལས་གཞི་བཅས་དཔྱད་ཞིབ་ནན་མོ་བྱས་ཏེ། “གཞུང་གསུམ”གྲོན་དངུལ་དང་སྤྱིར་བཏང་རང་བཞིན་གྱི་འགྲོ་སྒོར་ཚོད་འཛིན་ནན་མོ་བྱ་དགོས། དམངས་ཆེན་གྱིས་ལྟ་སྐུལ“ནན་མོར”བྱེད་པ། མཚོ་སྔོན་ཞིང་ཆེན་གྱི་སྔོན་རྩིས་ཞིབ་བཤེར་ལྟ་སྐུལ་སྲོལ་ཡིག་དོན་འཁྱོལ་ལ་རྗེས་འདེད་བྱས་ཏེ། སྲིད་གཞུང་གི་སྔོན་རྩིས་འཆར་ཟིན་སྒྲིག་བཟོ་འཐུས་ཚང་དུ་གཏོང་བ་དང་། ཀྲུང་དབྱང་གི་སྤོ་སྒྱུར་གཏོང་སྤྲོད་དང་ས་གནས་སྲིད་གཞུང་གི་བུན་འཛིན་ལས་གཞི་ཞིབ་ཚགས་སུ་བཟོས་ནས། སྔོན་རྩིས་ཀྱི་གཙོ་གནད་དེ་འགྲོ་སྒོའི་སྔོན་རྩིས་དང་སྲིད་ཇུས་རྒྱ་བསྐྱེད་པར་སྐུལ་འདེད་གཏང་དགོས། ལས་ཕྱོད་དང་སྦྲེལ་བར“དྲང་བཞག”བྱེད་པ། ཕྱོགས་ཡོངས་དང་བརྒྱུད་རིམ་ཡོངས། ཁྱབ་ཚད་ཡོངས་ཀྱི་སྔོན་རྩིས་ལས་ཕྱོད་དཔྱད་འཇོག་ལ་ཤུགས་བསྣན་ནས། ཕྱོགས་བསྡུས་ལས་ཕྱོད་དཔྱད་ཞིབ་མཇུག་འབྲས་དང་སྔོན་རྩིས་བཀོད་སྒྲིག་སྦྲེལ་བའི་རྐྱེན་སྲོལ་དོན་འཁྱོལ་བྱ་དགོས།

(གསུམ) 2022ལོའི་ཡོང་སྒོ་དང་འགྲོ་སྒོའི་བཀོད་སྒྲིག་གི་གནས་ཚུལ།

1.སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས།

(1) ཞིང་ཆེན་ཡོངས་ཀྱི་གནས་ཚུལ། ལོ་མགོའི་སྤྱིའི་ནོར་ཤུགས་སྒོར་དུང་ཕྱུར2182.4ཡོད་ཅིང་ལོ་སྔོན་མའི་ལོ་མགོའི་སྔོན་རྩིས་ལས8%འཕར། དེའི་ནང་དུ་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར347བཀོད་སྒྲིག་བྱས་ཡོད་ཅིང་ལོ་སྔོན་མའི་ལག་བསྟར་ཚད་ལས5.5%འཕར། ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་ཡོང་སྒོ་སྒོར་དུང་ཕྱུར1309.3ཡོད་ལ། ས་གནས་སྲིད་གཞུང་གི་སྤྱིར་བཏང་གི་བུན་འཛིན་སྒོར་དུང་ཕྱུར130གསར་བསྣན་བྱས་ཡོད་པ་དང། སྔོན་རྩིས་བརྟན་འཇགས་ལེགས་སྒྲིག་ཐེབས་རྩ་སྒོར་དུང་ཕྱུར100སྙོམ་སྒྲིག་བྱས་ཤིང་། མ་དངུལ་སྒོར་དུང་ཕྱུར0.5ནང་འདྲེན་བྱས་པ་དང། ལོ་སྔོན་མའི་རྩིས་ཁོངས་ནས་སྤོས་པ་སྒོར་དུང་ཕྱུར295.6ཡོད།

སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་འགྲོ་སྒོ་སྒོར་དུང་ཕྱུར2141.7བཀོད་སྒྲིག་བྱས་ལ་ལོ་སྔོན་མའི་ལོ་མགོའི་སྔོན་རྩིས་ལས6.3%འཕར། གོང་སྤྲོད་འགྲོ་སྒོ་སྒོར་དུང་ཕྱུར5.7དང་། མ་དངུལ་སྒོར་དུང་ཕྱུར35བཀོད་གཏོང་བྱས།

(2) ཞིང་ཆེན་རིམ་པའི་གནས་ཚུལ། ལོ་མགོའི་སྤྱིའི་ནོར་ཤུགས་སྒོར་དུང་ཕྱུར801.6ཡོད་ཅིང་ལོ་སྔོན་མའི་ལོ་མགོའི་སྔོན་རྩིས་ལས0.6%མར་ཆག དེའི་ནང་དུ་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར38.1བཀོད་སྒྲིག་བྱས་ཡོད་ལ་ལོ་སྔོན་མའི་ལག་བསྟར་ཚད་ལས5.5%འཕར་ཡོད། ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་ཡོང་སྒོ་སྒོར་དུང་ཕྱུར348.3(ཀྲུང་དབྱང་གིས་ཞིང་ཆེན་ཡོངས་ལ་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར1309.3བྱས་པ་ལས་གྲོང་ཁྱེར་དང་ཁུལ་ལ་ཁ་གསབ་ཀྱི་སྒོར་དུང་ཕྱུར961ཕུད་ཡོད)ཡོད། ས་གནས་སྲིད་གཞུང་གི་སྤྱིར་བཏང་གི་བུན་འཛིན་སྒོར་དུང་ཕྱུར122.3(ཞིང་ཆེན་ཡོངས་ཀྱི་སྒོར་དུང་ཕྱུར130ལས་གྲོང་ཁྱེར་དང་ཁུལ་ལ་སྒོར་དུང་ཕྱུར7.7བུན་སྒྱུར་བྱས་ཡོད)གསར་བསྣན་བྱས་ཡོད་ཅིང་། མ་དངུལ་སྒོར་དུང་ཕྱུར0.2ནང་འདྲེན་དང་། སྔོན་རྩིས་གཏན་འཇགས་སྙོམ་སྒྲིག་ཐེབས་རྩ་སྒོར་དུང་ཕྱུར70སྙོམ་སྒྲིག་བྱས་ལ། གྲོང་ཁྱེར་དང་ཁུལ་གྱིས་གོང་སྤྲོད་བྱས་པའི་མ་དངུལ་སྒོར་དུང་ཕྱུར81.3དང། ལོ་སྔོན་མའི་རྩིས་ཁོངས་ནས་སྤོས་པ་སྒོར་དུང་ཕྱུར141.4ཡོད།

སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་འགྲོ་སྒོ་སྒོར་དུང་ཕྱུར788.9བཀོད་སྒྲིག་བྱས་པ་དང། ལོ་སྔོན་མའི་ལོ་མགོའི་སྔོན་རྩིས་ལས1.5%མར་ཆག གོང་སྤྲོད་འགྲོ་སྒོ་སྒོར་དུང་ཕྱུར5.7ཡོད་ལ། མ་དངུལ་སྒོར་དུང་ཕྱུར7བཀོད་གཏོང་བྱས།

2022ལོའི་སྡེ་ཁག་གི་སྔོན་རྩིས་ཕྱོགས་བསྡོམས་བྱས་ན། ཞིང་ཆེན་རིམ་པའི་སྲིད་འཛིན་དོན་ལས་སྡེ་ཚན་གྱིས་ནོར་སྲིད་ཀྱི་བཏང་བའི“གཞུང་གསུམ་གྲོན་དངུལ”འགྲོ་སྒོ་སྒོར་དུང་ཕྱུར1.55བཀོད་སྒྲིག་བྱས་ཅིང་ལོ་སྔོན་མའི་སྔོན་རྩིས་གྲངས་ལས0.6%མར་ཆག

(3) ཞིང་ཆེན་གྱིས་འོག་རིམ་ལ་ཁ་གསབ་རོགས་དངུལ་སྟེར་བའི་གནས་ཚུལ། སྤྱིའི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར961ཡོད་པ་དང་། ལོ་སྔོན་མའི་ལོ་མགོའི་སྔོན་རྩིས་སྒོར་དུང་ཕྱུར29.1ཇེ་མང་དུ་བཏང་ལ3.1%འཕར། དེའི་ནང་དུ་ཕྱིར་སློག་རང་བཞིན་གྱི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར39.2ཡོད་ལ། སྤྱིར་བཏང་རང་བཞིན་གྱི་སྤོ་སྒྱུར་གཏོང་སྤྲོད་སྒོར་དུང་ཕྱུར786.4ཡོད་པ་དང་། ཆེད་སྤྱོད་སྤོ་སྒྱུར་གཏོང་སྤྲོད་སྒོར་དུང་ཕྱུར135.4ཡོད།

2. སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས། ཞིང་ཆེན་ཡོངས་ཀྱི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར287.2བཀོད་སྒྲིག་བྱས་ཡོད་ལ། དེའི་ནང་དུ་ལོ་དེའི་ཡོང་སྒོ་སྒོར་དུང་ཕྱུར157.8ཡོད་པ་དང་། ཀྲུང་དབྱང་གི་ཁ་གསབ་རོགས་སྐྱོར་ཡོང་སྒོ་སྒོར་དུང་ཕྱུར5.1དང་། ས་གནས་སྲིད་གཞུང་གི་ཆེད་སྤྱོད་བུན་འཛིན་སྒོར་དུང་ཕྱུར57.5གསར་བསྣན་བྱུང་ལ། མ་དངུལ་སྒོར་དུང་ཕྱུར35ནང་འདྲེན་བྱས་ཤིང་། ལོ་སྔོན་མའི་རྩིས་ཁོངས་ནས་སྤོས་པ་སྒོར་དུང་ཕྱུར31.8ཡོད། འགྲོ་སྒོ་སྒོར་དུང་ཕྱུར225བཀོད་སྒྲིག་བྱས་ཤིང་། བུ་ལོན་གྱི་མ་རྩ་སྤྲོད་པར་འགྲོ་སྒོ་སྒོར་དུང་ཕྱུར62.2གཏང་རྒྱུ།

ཞིང་ཆེན་རིམ་པའི་ཡོང་སྒོ་སྒོར་དུང་ཕྱུར55.1བཀོད་སྒྲིག་བྱས་ཅིང་། དེའི་ནང་དུ་ལོ་དེའི་ཡོང་སྒོ་སྒོར་དུང་ཕྱུར22ཡོད་པ་དང་། ཀྲུང་དབྱང་གི་ཁ་གསབ་རོགས་སྐྱོར་ཡོང་སྒོ་སྒོར་དུང་ཕྱུར2.1(ཀྲུང་དབྱང་གིས་ཞིང་ཆེན་ཡོངས་ལ་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར5.1བྱས་པ་ལས་གྲོང་ཁྱེར་དང་ཁུལ་ལ་ཁ་གསབ་ཀྱི་སྒོར་དུང་ཕྱུར3ཕུད་ཡོད)དང་། ས་གནས་སྲིད་གཞུང་གི་ཆེད་སྤྱོད་བུན་འཛིན་སྒོར་དུང་ཕྱུར15(ཞིང་ཆེན་ཡོངས་ཀྱི་སྒོར་དུང་ཕྱུར57.5ལས་གྲོང་ཁྱེར་དང་ཁུལ་ལ་སྒོར་དུང་ཕྱུར42.5བུན་སྒྱུར་བྱས་ཡོད)གསར་བསྣན་བྱས་ཡོད་ཅིང་། མ་དངུལ་སྒོར་དུང་ཕྱུར7ནང་འདྲེན་བྱས་ཤིང་། ལོ་སྔོན་མའི་རྩིས་ཁོངས་ནས་སྤོས་པ་སྒོར་དུང་ཕྱུར9ཡོད། འགྲོ་སྒོ་སྒོར་དུང་ཕྱུར37.4བཀོད་སྒྲིག་བྱས་ཅིང་། བུ་ལོན་གྱི་མ་རྩ་སྤྲོད་པར་འགྲོ་སྒོ་སྒོར་དུང་ཕྱུར17.7གཏང་རྒྱུ།

3. རྒྱལ་དབང་མ་རྩ་བདག་གཉེར་གྱི་སྔོན་རྩིས། ཞིང་ཆེན་ཡོངས་ཀྱི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར2བཀོད་སྒྲིག་བྱས་ལ། དེའི་ནང་དུ་ལོ་དེའི་ཡོང་སྒོ་སྒོར་དུང་ཕྱུར1ཡོད་པ་དང་། ཀྲུང་དབྱང་གི་ཁ་གསབ་རོགས་སྐྱོར་ཡོང་སྒོ་སྒོར་དུང་ཕྱུར0.2དང་། ལོ་སྔོན་མའི་རྩིས་ཁོངས་ནས་སྤོས་པ་སྒོར་དུང་ཕྱུར0.8ཡོད། འགྲོ་སྒོ་སྒོར་དུང་ཕྱུར1.7བཀོད་སྒྲིག་བྱས་ཡོད་ལ། མ་དངུལ་སྒོར་དུང་ཕྱུར0.3བཀོད་གཏོང་བྱས།

ཞིང་ཆེན་རིམ་པའི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར1བཀོད་སྒྲིག་བྱས་ཡོད་ལ། དེའི་ནང་དུ་ལོ་དེའི་ཡོང་སྒོ་སྒོར་དུང་ཕྱུར0.7ཡོད་པ་དང་། ཀྲུང་དབྱང་གི་ཁ་གསབ་རོགས་སྐྱོར་ཡོང་སྒོ་སྒོར་དུང་ཕྱུར-0.4(ཀྲུང་དབྱང་གིས་ཞིང་ཆེན་ཡོངས་ལ་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར0.2བྱས་པ་ལས་གྲོང་ཁྱེར་དང་ཁུལ་ལ་ཁ་གསབ་ཀྱི་སྒོར་དུང་ཕྱུར0.6ཕུད་ཡོད)དང་། ལོ་སྔོན་མའི་རྩིས་ཁོངས་ནས་སྤོས་པ་སྒོར་དུང་ཕྱུར0.7ཡོད། འགྲོ་སྒོ་སྒོར་དུང་ཕྱུར0.8བཀོད་སྒྲིག་བྱས་ལ། མ་དངུལ་སྒོར་དུང་ཕྱུར0.2བཀོད་གཏོང་བྱས།

4. སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས། ཞིང་ཆེན་ཡོངས་ཀྱི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར836.6བཀོད་སྒྲིག་བྱས་ལ། དེའི་ནང་དུ་ལོ་དེའི་ཡོང་སྒོ་སྒོར་དུང་ཕྱུར501.4ཡོད་པ་དང་། ལོ་སྔོན་མའི་ལྷག་འཕྲོ་སྒོར་དུང་ཕྱུར335.2ཡོད། འགྲོ་སྒོ་སྒོར་དུང་ཕྱུར452.6བཀོད་སྒྲིག་བྱས་ལ། ལོ་མཇུག་གི་ལྷག་འཕྲོ་སྒོར་དུང་ཕྱུར384ཡོད།

ཞིང་ཆེན་རིམ་པའི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར554.5བཀོད་སྒྲིག་བྱས་ལ། དེའི་ནང་དུ་ལོ་དེའི་ཡོང་སྒོ་སྒོར་དུང་ཕྱུར406.9ཡོད་པ་དང་། ལོ་སྔོན་མའི་ལྷག་འཕྲོ་སྒོར་དུང་ཕྱུར147.6ཡོད། འགྲོ་སྒོ་སྒོར་དུང་ཕྱུར391.5བཀོད་སྒྲིག་བྱས་ལ། ལོ་མཇུག་གི་ལྷག་འཕྲོ་སྒོར་དུང་ཕྱུར163ཡོད།

བྱེ་བྲག་གི་གནས་ཚུལ་ནི《མཚོ་སྔོན་ཞིང་ཆེན་གྱི2021ལོའི་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང2022ལོའི་སྔོན་རྩིས་འཆར་ཟིན》ལས་གསལ།

(བཞི) 2022ལོའི་གཙོ་གནད་འགྲོ་སྒོའི་གནས་ཚུལ།

1. སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཐད་དུ། མ་དངུལ་སྒོར་དུང་ཕྱུར28.1བཀོད་སྒྲིག་བྱས་ལ། དེའི་ནང་དུ་ཞིང་ཆེན་རིམ་པར་སྒོར་དུང་ཕྱུར13.7དང་། ཞིང་ཆེན་འོག་རིམ་ལ་རོགས་སྐྱོར་ཁ་གསབ་སྒོར་དུང་ཕྱུར14.4གཏང་རྒྱུ། བྱེ་བྲག་ནི། ཚན་རིག་ལག་རྩལ་གྱི་འགྲོ་སྒོ་སྒོར་དུང་ཕྱུར5.8བཏང་ནས། ཚན་རྩལ་གསར་སྐྲུན་འཕེལ་རྒྱས་དང་ ཁྱོན་ཡོངས་ནས་ཚན་རིག་སྤུས་ཀ་མཐོར་འདེགས་གཏོང་བའི་འགུལ་སྐྱོད་འཆར་གཞི་ལ་རྒྱབ་སྐྱོར་བྱས་ཏེ། ཚན་རྩལ་ཁང་རིན་མེད་སྒོ་འབྱེད་ཀྱི་སྲིད་ཇུས་དོན་འཁྱོལ་དང། ཚན་རྩལ་གྲུབ་འབྲས་སྒྱུར་བར་ཧུར་ཐག་གིས་སྐུལ་འདེད་གཏང་རྒྱུ། བཟོ་ལས་ཆ་འཕྲིན་སོགས་ཀྱི་འགྲོ་སྒོ་སྒོར་དུང་ཕྱུར12.1བཏང་ནས། བཟོ་ལས་རིགས་སྒྱུར་རིམ་སྤར་ལ་རྒྱབ་སྐྱོར་བྱེད་པ་དང་། ཁེ་ལས་ཆུང་འབྲིང་གི་བདེ་ཐང་གོང་སྤེལ་ལ་སྐུལ་འདེད་བཏང་ནས། དཔལ་འབྱོར་སྒྲིག་གཞི་མགྱོགས་མྱུར་ངང་སྙོམ་སྒྲིག་བྱེད་པར་སྐུལ་སྤེལ་གཏང་རྒྱུ། ཚོང་ལས་ཞབས་ཕྱི་ལས་རིགས་སོགས་ཀྱི་འགྲོ་སྒོ་སྒོར་དུང་ཕྱུར3.8བཏང་ནས། ཁེ་ལས་ཆུང་འབྲིང་གི་ཞབས་ཕྱིའི་མ་ལག་འཐུས་ཚང་དུ་བསྐྲུན་པར་རྒྱབ་སྐྱོར་བྱེད་པ་དང་། མི་རིགས་ཉོ་ཚོང་དང་མི་རིགས་ཀྱི་མྱུར་མཁོ་ཚོང་རྫས་ཐོན་སྐྱེད་ཀྱི་བུ་ལོན་སྐྱེད་སྤྲོད་སྲིད་ཇུས་དོན་འཁྱོལ་བྱས་ཏེ། ཞབས་ཕྱིའི་ལས་རིགས་དང་ལས་སྟེགས་དཔལ་འབྱོར། ཞབས་ཕྱིའི་ཉོ་ཚོང་གོང་སྤེལ་བཅས་ལ་རྒྱབ་སྐྱོར་བྱ་རྒྱུ། རང་བྱུང་ཐོན་ཁུངས་དང་རྒྱ་མཚོའི་གནམ་གཤིས་སོགས་ཀྱི་འགྲོ་སྒོ་སྒོར་དུང་ཕྱུར5.1བཏང་ནས། རང་བྱུང་ཐོན་ཁུངས་འཕེལ་རྒྱས་དང་དྭངས་གཙང་གི་ནུས་ཁུངས་བརྟག་བཤེར། ས་གཤིས་བརྟག་བཤེར་སོགས་ལ་རྒྱབ་སྐྱོར་བྱ་རྒྱུ། དངུལ་རྩའི་འགྲོ་སྒོ་སྒོར་དུང་ཕྱུར1.3བཏང་ནས། ས་གནས་ཀྱི་དངུལ་རྩའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ། སྲིད་གཞུང་རང་བཞིན་གྱི་དངུལ་བསྡུ་ཁག་ཐེག་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཁེ་ལས་ཀྱིས་དངུལ་བསྡུའི་གཞི་རྒྱ་ཐད་ཀར་རྒྱ་བསྐྱེད་པར་སྐུལ་འདེད་བཏང་ནས། དངུལ་རྩའི་ཞབས་ཕྱིའི་ཆུ་ཚད་མཐོར་འདེགས་གཏང་རྒྱུ།

2. སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་ཐད་དུ། མ་དངུལ་སྒོར་དུང་ཕྱུར44.6བཀོད་སྒྲིག་བྱས་ལ། དེའི་ནང་དུ་ཞིང་ཆེན་རིམ་པར་སྒོར་དུང་ཕྱུར19.9དང་། ཞིང་ཆེན་འོག་རིམ་ལ་རོགས་སྐྱོར་ཁ་གསབ་སྒོར་དུང་ཕྱུར24.7གཏང་རྒྱུ། རྒྱལ་ཁབ་སྤྱི་གླིང་གཙོ་གཟུགས་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་དང་གཙང་གསུམ་མགོ་ཁུངས་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན། མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ། འབྲི་ཆུ་དང་རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་། མཚོ་སྔོན་པོའི་བཞུར་རྒྱུན་གྱི་ཆུའི་ཁོར་ཡུག་ཕྱོགས་བསྡུས་འགོག་བཅོས་སོགས་ཀྱི་ལས་གྲྭ་གལ་ཆེན་དག་མགྱོགས་མྱུར་ངང་བསྐྲུན་པར་རྒྱབ་སྐྱོར་བྱས་ཏེ། རང་བྱུང་སྲུང་སྐྱོབ་ཁུལ་གྱི་གཏེར་ལས་དབང་ཆ་ཕྱིར་འབུད་བྱེད་པའི་བྱ་བར་བརྟན་འཇགས་ངང་ལེགས་པོར་བསྒྲུབ་རྒྱུ། ནགས་ལས་དང་རྩྭ་ཐང་གི་སྐྱེ་ཁམས་བྱ་དགའི་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱས་ཏེ། ཆུའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་མཁའ་དབུགས་སྦགས་བཙོག་འགོག་བཅོས། གཤིན་ས་སྦགས་བཙོག་ཚོད་འཛིན་དང་བཅོས་སྐྱོང་། ཞིང་སྡེའི་བཙོག་ཆུ་ཐག་གཅོད་བཅས་བྱེད་པར་རྒྱབ་སྐྱོར་བཅས་བྱ་རྒྱུ།

3. དམངས་འཚོ་དང་སྤྱི་ཚོགས་ལས་དོན་ལ་རྒྱབ་སྐྱོར་བྱེད་པའི་ཐད་དུ། མ་དངུལ་སྒོར་དུང་ཕྱུར297.2བཀོད་སྒྲིག་བྱས་ལ། དེའི་ནང་དུ་ཞིང་ཆེན་རིམ་པར་སྒོར་དུང་ཕྱུར153.2དང་། ཞིང་ཆེན་འོག་རིམ་ལ་རོགས་སྐྱོར་ཁ་གསབ་སྒོར་དུང་ཕྱུར144གཏང་རྒྱུ། བྱེ་བྲག་ནི། སློབ་གསོའི་འགྲོ་སྒོ་སྒོར་དུང་ཕྱུར72བཏང་ནས། རིམ་པ་སོ་སོའི་སློབ་གསོའི་བཅོས་སྒྱུར་གོང་སྤེལ་ལ་འགན་སྲུང་དང་། ཟི་ལིང་སློབ་ཆེན་གྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ནས། རིམ་པ་སོ་སོའི་སློབ་མ་སྣ་ཚོགས་ཀྱི་མི་རེར་དངུལ་གཏོང་དང་དཀའ་ཁག་སློབ་མའི་རོགས་སྐྱོར། མཚོ་འཕགས་མཐོ་བའི་གྲངས་ཉུང་མི་རིགས་རང་སྐྱོང་ཁུལ་གྱི་སློབ་གསོའི་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་དང་། “ཁུལ་གསུམ”གྱི་འཇོན་མིའི་རྒྱབ་སྐྱོར་འཆར་གཞི་དང་མཚོ་སྔོན་ལྷོ་ཕྱོགས་ཀྱི་ཁ་གཏད་སློབ་གསོའི་རོགས་སྐྱོར། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུ། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་འགྲོ་སྒོ་སྒོར་དུང་ཕྱུར149.3བཏང་ནས། སློབ་ཆེན་པ་དང་ཞིང་བ་གླ་རྒྱག་པ། ཟུར་ཐོན་དམག་མི་སོགས་གཙོ་གནད་དཀའ་ཁག་ཡོད་པའི་ཁྱུ་ཚོགས་ཀྱི་ལས་ཞུགས་ལས་བཏོད་ལ་རྒྱབ་སྐྱོར་བྱས་ཏེ། སྤྱི་ཚོགས་འགན་སྲུང་ཐེབས་རྩའི་ནོར་སྲིད་ཁ་གསབ་རོགས་སྐྱོར་དང་དམིགས་བསལ་དཀའ་ཁག་མི་སྣ་གསོ་སྐྱོང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆེས་དམའི་འཚོ་བའི་འགན་སྲུང་། དབང་བོ་སྐྱོན་ཅན་གྱི་འཚོ་བ་དང་ནད་གཡོག་ཁ་གསབ། གཟིགས་སྐྱོང་བྱ་ཡུལ་བཀོད་འཇོག་སོགས་ཀྱི་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ནས། རྒན་གསོ་ཞབས་ཕྱི་དང་ལོ་ལོན་གྱི་ཁ་གསབ་སོགས་སྤྱི་ཚོགས་ཕན་བདེ་ལམ་ལུགས་འཐུས་ཚང་དུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། དམག་མིའི་ལས་སྒྱུར་དང་ཟུར་ཐོན་དམག་མིའི་ཐོབ་ཆའི་འགན་སྲུང་ལེགས་པོར་བསྒྲུབ་རྒྱུ། འཕྲོད་བསྟེན་བདེ་ཐང་གི་འགྲོ་སྒོ་སྒོར་དུང་ཕྱུར55.8བཏང་ནས། སྨན་བཅོས་ཞབས་ཕྱི་དང་འགན་སྲུང་ནུས་ཤུགས་མཐོར་འདེགས་ལ་རྒྱབ་སྐྱོར་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་སྲུང་ཉེན་འགོག་དང་སྨན་བཅོས་རོགས་སྐྱོབ། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཕྱི་སོགས་ཁ་གསབ་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་ནས། འགོ་ནད་ཚབས་ཆེན་གྱི་འགོག་སྡོམ་དང་ཀྲུང་བོད་གསོ་སྨན་ཀྱི་ལས་དོན་གོང་སྤེལ། འཆར་ལྡན་བུ་སྐྱེ་ཞབས་ཕྱི་སོགས་བྱ་བར་རྒྱབ་སྐྱོར་བྱ་རྒྱུ། སྡོད་ཁང་འགན་སྲུང་གི་འགྲོ་སྒོ་སྒོར་དུང་ཕྱུར6.2བཏང་ནས། གྲོང་རྡལ་གྱི་འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གྲྭ་དང་ཞིང་སྡེའི་ཉེན་ཁང་བསྒྱུར་བཀོད། གསར་སྐྲུན་མཐོ་གྲས་འཇོན་མིའི་སྡོད་ཁང་འགན་སྲུང་བཅས་ལ་རྒྱབ་སྐྱོར་བྱ་རྒྱུ། རིག་གནས་ཡུལ་སྐོར་ལུས་རྩལ་དང་སྨྱན་སྦྱོར་འགྲོ་སྒོ་སྒོར་དུང་ཕྱུར14བཏང་ནས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་པར་རྒྱབ་སྐྱོར་བྱས་ཏེ། སྤྱི་པའི་རིག་གནས་ཞབས་ཕྱིའི་མ་ལག་འཛུགས་སྐྲུན་དང་གཟུགས་འདས་ཤུལ་བཞག་རིག་གནས། རིག་དངོས་སྲུང་སྐྱོང་གི་གྲོན་དངུལ་འགན་སྲུང་བཅས་དོན་འཁྱོལ་བྱ་རྒྱུ།

4. མངའ་ཁོངས་མཐུན་སྦྱོར་གོང་སྤེལ་ལ་རྒྱབ་སྐྱོར་བྱེད་པའི་ཐད་དུ། མ་དངུལ་སྒོར་དུང་ཕྱུར338.1བཀོད་སྒྲིག་བྱས་ལ། དེའི་ནང་དུ་ཞིང་ཆེན་རིམ་པར་སྒོར་དུང་ཕྱུར168.5དང་། ཞིང་ཆེན་འོག་རིམ་ལ་རོགས་སྐྱོར་ཁ་གསབ་སྒོར་དུང་ཕྱུར169.6གཏང་རྒྱུ། བྱེ་བྲག་ནི། ཞིང་ནགས་ཆུ་ལ་འགྲོ་སྒོ་སྒོར་དུང་ཕྱུར165.9བཏང་ནས། གྲོང་གསེབ་དར་སྤེལ་ལ་སྦྲེལ་མཐུད་དང་ཞིང་ལས་ཐོན་སྐྱེད་གོང་སྤེལ། ཆུ་བེད་གལ་ཆེན་འཛུགས་སྐྲུན་བཅས་ལ་རྒྱབ་སྐྱོར་བྱས་ཏེ། ཞིང་ལས་ཐོན་ཁུངས་དང་སྐྱེ་ཁམས་སྲུང་སྐྱོབ། ཞིང་ལས་ཕྱོགས་བསྡུས་བཅོས་སྒྱུར། ཞིང་ལས་ཉེན་འགོག་གི་འགན་རིན། ནགས་ལས་བཅོས་སྒྱུར་དང་སྲོག་ཆགས་ཀྱི་རིམས་འགོག་སོགས་སྣ་སོ་སོའི་ཁ་གསབ་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་། སོན་རྒྱུ་ཐོན་ཁུངས་ཀྱི་སྲུང་སྐྱོབ་དང་བེད་སྤྱོད་ལ་རྒྱབ་སྐྱོར་བྱ་རྒྱུ། འགྲིམ་འགྲུལ་སྐྱེལ་འདྲེན་ལ་འགྲོ་སྒོ་སྒོར་དུང་ཕྱུར161.8བཏང་ནས། མྱུར་ལམ་དང་རྒྱལ་ལམ་སོགས་གཙོ་གནད་གཞུང་ལམ་འཛུགས་སྐྲུན་དང་རྒྱལ་ཁབ་དང་ཞིང་ཆེན་གྱི་གཙོ་ལམ་དང་ཞིང་སྡེའི་གཞུང་ལམ་བཅས་ཀྱི་དོ་དམ་བདག་སྐྱོང་ལ་རྒྱབ་སྐྱོར་བྱས་ཏེ། དམངས་སྤྱོད་མཁའ་འགྲུལ་དང་ལྕགས་ལམ་གྱི་སྐྱེལ་འདྲེན་ཁ་གསབ་དང་ཟི་ལིང་གི་གྲོང་ཁྱེར་སྤྱི་འཁོར་གསར་སྒྱུར་དང་གཉེར་སྐྱོང་ཁ་གསབ་རོགས་སྐྱོར་དོན་འཁྱོལ་བྱེད་པ་དང་། ཞིང་ཆེན་གྱི་འགྲིམ་འགྲུལ་མ་རྐང་ཚོད་འཛིན་ཚོགས་པ་གོང་སྤེལ་ལ་རོགས་འདེགས་བྱས་ནས། ནུས་ཁུངས་གསར་བའི་རླངས་འཁོར་ཁྱབ་བརྡལ་དང་བཀོལ་སྤྱོད་ལ་སྐུལ་འདེད་གཏང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་གྱི་འགྲོ་སྒོ་སྒོར་དུང་ཕྱུར10.5བཏང་ནས། མཐོ་སྒང་གི་མཛེས་པའི་གྲོང་གསེབ་དང་རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན་ལེགས་སྒྱུར་སོགས་ཀྱི་ལས་གྲྭ་ལག་བསྟར་ལ་རྒྱབ་སྐྱོར་བྱས་ཏེ། ཞིང་སྡེའི་གཞིས་སྡོད་ཁོར་ཡུག་ལེགས་སྒྱུར་ལ་སྐུལ་འདེད་གཏང་རྒྱུ།

5.སྤྱི་ཚོགས་བདེ་འཇགས་དང་བརྟན་བརླིང་ལ་རྒྱབ་སྐྱོར་བྱེད་པའི་ཐད་དུ། མ་དངུལ་སྒོར་དུང་ཕྱུར24.9བཀོད་སྒྲིག་བྱས་ལ། དེའི་ནང་དུ་ཞིང་ཆེན་རིམ་པར་སྒོར་དུང་ཕྱུར14.8དང་། ཞིང་ཆེན་འོག་རིམ་ལ་རོགས་སྐྱོར་ཁ་གསབ་སྒོར་དུང་ཕྱུར10.1གཏང་རྒྱུ། བྱེ་བྲག་ནི། རྒྱལ་སྲུང་དང་སྤྱིི་པའི་བདེ་འཇགས་ཀྱི་འགྲོ་སྒོ་སྒོར་དུང་ཕྱུར19.3བཏང་ནས། སྲིད་ཁྲིམས་ཁྱབ་ཁོངས་ཁྱོན་ཡོངས་ནས་བཅོས་སྒྱུར་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ལངས་གཟུགས་ཅན་གྱི་སྤྱི་ཚོགས་བདེ་སྐྱོང་གི་འགོག་སྡོམ་མ་ལག་འཐུས་ཚང་དུ་གཏོང་བ་དང་། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་རྒྱུན་རྣམ་ཅན་ལ་རྒྱབ་སྐྱོར་བྱས་ཏེ། སྤྱི་ཚོགས་བདེ་སྐྱོང་གི་ཕྱོགས་བསྡུས་བཅོས་སྐྱོང་ལ་ནོར་སྲིད་ཀྱི་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱ་རྒྱུ། གནོད་འཚེ་འགོག་བཅོས་དང་འཚུབ་ཟློག་དོ་དམ་གྱི་འགྲོ་སྒོ་སྒོར་དུང་ཕྱུར3.6བཏང་ནས། རང་བྱུང་གནོད་འཚེ་འགོག་བཅོས་དང་བདེ་འཇགས་ཐོན་སྐྱེད། འཚུབ་ཟློག་དོ་དམ། མེ་འགོག་འཚུབ་ཟློག་རོགས་སྐྱོབ་སོགས་ལ་རྒྱབ་སྐྱོར་བྱས་ཏེ། ཐོལ་བྱུང་གི་སྤྱི་པའི་དོན་རྐྱེན་གྱི་འཚུབ་ཟློག་དང་རང་བྱུང་གནོད་འཚེ་འགོག་སྲུང་གི་ནུས་ཤུགས་ཇེ་མཐོར་གཏང་དགོས། འབྲུ་སྣུམ་རྒྱུ་དངོས་གསོག་གྲབས་ཀྱི་འགྲོ་སྒོ་སྒོར་དུང་ཕྱུར2བཏང་ནས། ས་གནས་ཀྱི་འབྲུ་སྣུམ་གྲབས་གསོག་བདེ་འཇགས་ཀྱི་གྲོན་དངུལ་འགན་སྲུང་ལ་ཤུགས་བསྣན་ནས། གཙོ་གནད་རྒྱུ་དངོས་གསོག་གྲབས་ཀྱི་སྐྱེད་སྤྲོད་དང་དམག་དཔུང་གི་འབྲུ་སྣུམ་གྱི་ཁྱད་རིན་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱ་རྒྱུ།

6. རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་ཐད་དུ། མ་དངུལ་སྒོར་དུང་ཕྱུར131.1བཀོད་སྒྲིག་བྱས་ལ། དེའི་ནང་དུ་ཞིང་ཆེན་རིམ་པར་སྒོར་དུང་ཕྱུར31.1དང་། ཞིང་ཆེན་འོག་རིམ་ལ་རོགས་སྐྱོར་ཁ་གསབ་སྒོར་དུང་ཕྱུར100གཏང་རྒྱུ། ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་དང་ཟི་ལིང་གནམ་གྲུ་ཐང་གི་ལས་གྲྭ་སྐབས་གསུམ་པ། ཟི་ལིང་ནས་ན་གོར་མོ་བར་གྱི་ལས་གྲྭའི་སྤུས་འདེགས། གཙང་གསུམ་མགོ་ཁུངས་ས་ཁུལ་གྱི་དྭངས་གཙང་དྲོད་ལེན། མཚོ་སྔོན་ཀན་སུའུ་སི་ཁྲོན་བཅས་ཀྱི་འབྲེལ་མཚམས་ཀྱི་བདེ་འཇགས་དར་སྤེལ་ལས་གྲྭ། ཁྱད་ལྡན་གྲོང་རྡལ་ཆུང་བ་འཛུགས་སྐྲུན། མཛེས་པའི་གྲོང་རྡལ། བོད་འབྲེལ་ཁུལ་དང་རྫོང་གི་སྤྱི་ཕན་རང་བཞིན་གྱི་ལས་གཞིའི་ཆ་འགྲིག ཞིང་སྡེའི་གློག་དྲ་སྲ་བརྟན་མཐོར་འདེགས་ལས་གྲྭ་སོགས་ལས་གཞི་གལ་ཆེན་གྱི་འཛུགས་སྐྲུན་ལ་གཙོ་གནད་སྒོས་རྒྱབ་སྐྱོར་བྱ་རྒྱུ།

7. གཞན་དག་ལ་རྒྱབ་སྐྱོར་བྱེད་པའི་ཐད་དུ། མ་དངུལ་སྒོར་དུང་ཕྱུར196.9བཀོད་སྒྲིག་བྱས་ལ། དེའི་ནང་དུ་ཞིང་ཆེན་རིམ་པར་སྒོར་དུང་ཕྱུར164.1དང་། ཞིང་ཆེན་འོག་རིམ་ལ་རོགས་སྐྱོར་ཁ་གསབ་སྒོར་དུང་ཕྱུར32.8གཏང་རྒྱུ། གཙོ་བོ་ས་གནས་བུ་ལོན་གྱི་མ་འཇལ་སྐྱེད་སྤྲོད་དང་གླ་ཕོགས་ཞོར་ཕོགས་གསབ་ཕོགས་ཚད་ལྡན། ནོར་སྲིད་དངུལ་རྩའི་ཉེན་ཁ་ཐག་གཅོད། འཇོན་མི་གོང་སྤེལ་དང་དེའི་གྲ་སྒྲིག་རིན་སོགས་འགྲོ་སྒོ་ཐད་བཀོལ་རྒྱུ།

གོང་བརྗོད་ཀྱི་གཙོ་གནད་འགྲོ་སྒོའི་ཁྲོད་དུ“གནས་བཞི”འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་མ་དངུལ་སྒོར་དུང་ཕྱུར73.8འདུས་ཤིང་། དེའི་ཁྲོད་དུ། འཛམ་གླིང་རིམ་པའི་ཚྭ་མཚོ་ཐོན་ལས་རྟེན་གཞི་འཛུགས་སྐྲུན་དང་བཟོ་ལས་རིགས་སྒྱུར་རིམ་སྤར་གྱི་འགྲོ་སྒོ་སྒོར་དུང་ཕྱུར6.1དང་། རྒྱལ་ཁབ་དྭངས་གཙང་ནུས་ཁུངས་ཐོན་ལས་ཀྱི་བཙན་ས་གཏོད་པའི་འགྲོ་སྒོ་སྒོར་དུང་ཕྱུར2.8དང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་པའི་འགྲོ་སྒོ་སྒོར་དུང་ཕྱུར10.9དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཐོན་ས་གཏོད་པའི་འགྲོ་སྒོ་སྒོར་དུང་ཕྱུར54བཅས་འདུས་ཤིང་། དེ་ལས་གཞན། ད་དུང་སྲིད་གཞུང་གི་གཏོང་འཇོག་ཐེབས་རྩ་སོགས་མ་དངུལ་སྒོར་དུང་ཕྱུར10བཀོད་སྒྲིག་བྱས་ལ། སྤྱི་སྡོམ་སྒོར་དུང་ཕྱུར83.8ཡོད།

གསུམ། 2022ལོའི་ནོར་སྲིད་བྱ་བ་དངོས་གནས་ལེགས་སྒྲུབ་བྱ་དགོས།

2022ལོར། ང་ཚོས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ནན་མོ་ལྟར། བརྟན་བརླིང་གཙོར་བཟུང་བ་དང་བརྟན་བརླིང་ཁྲོད་ནས་འཕེལ་རྒྱས་བརྩོན་པ་རྒྱུན་འཁྱོངས་བྱེད་པ་དང་། ཕན་ནུས་ལྡན་པའི་ནོར་སྲིད་སྲིད་ཇུས་དོན་འཁྱོལ་བྱས་ཏེ་ཕྱོད་ནུས་མཐོར་འདེགས་གཏོང་བ་དང་། གནད་འཁེལ་དང་རྒྱུན་མཐུད་རང་བཞིན་གྱི་བླང་བྱ་སྔར་ལས་ གཙིགས་སུ་བཟུང་སྟེ། ནོར་སྲིད་ཀྱི་འགན་ནུས་བྱེད་ནུས་འདོན་སྤེལ་ལེགས་པོར་བྱས་ཤིང་། ནོར་སྲིད་བྱ་བའི་སྤྱིའི་བླང་བྱར་དམིགས་ནས། གཤམ་གྱི་བྱ་བ་དག་གཙོ་གནད་དུ་འཛིན་རྒྱུ།

(གཅིག)ནོར་སྲིད་ཀྱི་གཏོང་ཡོང་གི་དོ་དམ་ལ་མུ་མཐུད་ཤུགས་བསྣན་པ། ས་གནས་ཀྱི་ཡོང་སྒོ་རྩ་འཛུགས་ནན་འཛིན་གཏང་བ། སྔོན་རྩིས་ཁྲིམས་དང་དེའི་ལག་བསྟར་སྲོལ་ཡིག་གི་གཏན་འཁེལ་དོན་འཁྱོལ་ནན་མོ་བྱས་ཏེ། ཁྲལ་གྱི་ཡོང་སྒོ་དང་ཁྲལ་མིན་ཡོང་སྒོའི་བསྡུ་དམ་ལ་ཁྲིམས་ལྟར་ཤུགས་བསྣན་ནས། གཏིང་སློག་ཡོང་འཕར་བྱས་ཤིང་བསྡུ་དགོས་པ་མཐའ་དག་བསྡུ་དགོས། ཡོང་སྒོའི་སྔོན་དཔག་གི་དོ་དམ་ལ་ཤུགས་བསྣན་ནས། གཙོ་གནད་ས་ཁུལ་དང་གཙོ་གནད་ལས་རིགས། གཙོ་གནད་ཁྲལ་ཁུངས་བཅས་ཀྱི་ལྟ་སྐུལ་ཚོད་འཛིན་ཇེ་དྲག་ཏུ་བཏང་སྟེ། ནོར་སྲིད་ཡོང་སྒོའི་རྫུན་བཟོའི་གནད་དོན་ཕྱོགས་བསྡུས་བཅོས་སྐྱོང་གི་གྲུབ་འབྲས་སྲ་བརྟན་དུ་གཏང་བ་དང་། ལམ་ལུགས་ཀྱི་ཞན་ཆ་ཁ་གསབ་བྱས་ཏེ་རྫུན་བཟོ་རྣམ་པ་འབྱུང་བར་ནན་འགོག་བྱ་དགོས། ཀྲུང་དབྱང་གི་ཁ་གསབ་རོགས་སྐྱོར་བརྩོན་ལེན་བྱེད་པའི་ཤུགས་ཇེ་རུ་གཏང་བ། “ལྔ་ཚན་བཅུ་བཞི་བའི”འཆར་འགོད་ཀྱི་སྲིད་ཇུས་ཚགས་དམ་ཕྱིར་བཏོན་པའི་གོ་སྐབས་ལེགས་པོ་དམ་འཛིན་བྱས་ཏེ། སྲིད་ཇུས་ལ་ཞིབ་འཇུག་བྱས་ཏེ་རྒྱུས་ལོན་གསལ་བོར་བྱེད་པ་དང་། གནས་ཁུལ་གྱི་ལེགས་ཆ་གནད་འཁེལ་ངང་རྙེད་པར་བྱེད་པ་དང་དམིགས་བསལ་གྱི་རྒྱུ་རྐྱེན་གཏིང་ཟབ་ཏུ་བཏང་གཏོང་བ་དང་། རང་འགུལ་ངང་ཡར་ཞུ་སྦྲེལ་མཐུད་བྱས་ཏེ། བརྩོན་ལེན་གྱི་སྤྱི་ཚད་ཧུར་ཐག་གིས་རྒྱ་བསྐྱེད་གཏང་དགོས། བརྩོན་ལེན་གྱི་བྱ་བའི་དུས་གཏན་བརྡ་བསྒྲགས་གཏོང་བའི་ལམ་ལུགས་དོན་འཁྱོལ་བྱེད་པ་དང་། བྱ་བའི་དཔྱད་ཞིབ་བཀོད་གཏོང་བྱེད་ཤུགས་ཆེ་རུ་བཏང་ནས། དངོས་གནས་སྲིད་ཇུས་དེ་མ་རྩར་སྒྱུར་ཐུབ་དགོས། འགྲོ་སྒོའི་སྒྲིག་གཞི་ལེགས་སྒྱུར་བྱེད་པར་ཤུགས་འདོན་པ། “འགན་གསུམ”དང་བུ་ལོན་གྱི་མ་སྐྱེད་སྤྲོད་པའི་འགྲོ་སྒོར་སྔོན་ལ་རྒྱབ་སྐྱོར་བྱེད་པ་དང་། གཞི་རྩའི་དམངས་འཚོའི་འགྲོ་སྒོ་འཕར་བ་ལས་མི་ཆག་པར་འགན་སྲུང་བྱ་དགོས། “གཞི་མེད”སྔོན་རྩིས་མུ་མཐུད་སྐུལ་འདེད་བཏང་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འཐབ་ཇུས་གལ་ཆེན་གྱི་འགྲོ་སྒོའི་དགོས་མཁོ་འགན་སྲུང་གི་ཤུགས་ཚད་ཆེ་རུ་གཏོང་བ་དང་། ཕན་མེད་ནུས་མེད་ཀྱི་འགྲོ་སྒོ་ཇེ་ཉུང་དུ་གཏོང་བར་ཤུགས་ཆེན་པོ་བཀོལ་ནས། ནོར་སྲིད་ཀྱིས་འགྲན་རྩོད་རང་བཞིན་གྱི་ཁྱབ་ཁོངས་ཀྱི་གཏོང་འཇོག་ལ་ཚོད་འཛིན་ནན་མོ་བྱེད་པ་དང་། དྲང་བོའི་ཕན་བསྐྱེད་ཐུབ་པའི་གསར་སྐྲུན་གོང་སྤེལ་གྱི་རྒྱབ་སྐྱོར་ལ་ཤུགས་ཆེན་པོ་གདོན་དགོས། མ་དངུལ་བཀོལ་སྤྱོད་ཀྱི་སྤུས་ནུས་ཇེ་མཐོར་གཏང་བ། ཏང་དང་སྲིད་གཞུང་གི་མགོ་ཁྲིད་ནས་གྲོན་ཆུང་སྒོས་འཚོ་བ་རོལ་བའི་བླང་བྱ་དོན་འཁྱོལ་བྱས་ཏེ། གཙོ་གནད་མིན་པ་དང་སྲ་གཤིས་མིན་པའི་འགྲོ་སྒོ་ཉུང་འཕྲི་བྱེད་པར་ཤུགས་བཏོན་ནས། སྤྱིར་བཏང་རང་བཞིན་གྱི་འགྲོ་སྒོ10%བར་ཉུང་འཕྲི་བྱེད་པ་དང་། “འགན་གསུམ”གྲོན་དངུལ་འཕྲི་བ་ལས་མི་འཕར་བར་བྱས་ནས། སྲིད་འཛིན་འཁོར་སྐྱོད་མ་རྩ་ཇེ་དམའ་རུ་གཏོང་བར་ཧུར་བརྩོན་བྱ་དགོས། ནོར་སྲིད་སྔོན་རྩིས་ཀྱི་བཀོད་གཏོང་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། ལས་གཞིའི་སྔ་དུས་ཀྱི་གྲ་སྒྲིག་ལ་ཤུགས་བསྣན་པ་དང་། འགྲོ་སྒོའི་ལས་ཚད་ཇེ་མགྱོགས་སུ་བཏང་ནས། ནོར་སྲིད་མ་དངུལ་གྱིས་དུས་ལྟར་སྒུལ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་བྱ་དགོས།

(གཉིས) སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་གཏང་བ། ཁྲལ་འཕྲི་ཡོན་གཅོག་གི་ཤུགས་ཚད་སྔར་ལས་ཆེ་བ་ལག་བསྟར་བྱེད་པ། ཁེ་ལས་ཆུང་འབྲིང་དང་སྒེར་གྱི་བཟོ་ཚོང་བ། བཟོ་སྐྲུན་ལས་རིགས་སོགས་གཙོ་གནད་ལས་རིགས་ལ་དམིགས་ནས། དུས་རིམ་རང་བཞིན་གྱི་སྲིད་ཇུས་གཙོ་བོ་དང་ལམ་ལུགས་རང་བཞིན་གྱི་བྱེད་ཐབས་ཕན་ཚུན་ཟུང་འབྲེལ་གྱི་ཁྲལ་འཕྲི་ཡོན་གཅོག་གི་སྲིད་ཇུས་དོན་འཁྱོལ་བྱ་དགོས། ཚན་རྩལ་གསར་སྐྲུན་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ། ཚན་རྩལ་ལམ་ལུགས་བཅོས་སྒྱུར་གྱི་ལོ་གསུམ་འགུལ་སྐྱོད་ལ་དམ་པོར་དམིགས་ནས། ཚན་རྩལ་གྱི་དངུལ་གཏོང་གི་ཤུགས་ཚད་བསྟུད་མར་ཆེ་རུ་བཏང་སྟེ། ཚན་རྩལ་གསར་སྐྲུན་སྲིད་ཇུས་ཀྱི་མ་ལག་ལེགས་སྒྱུར་དང་། ཚན་རིག་ཞིབ་འཇུག་གི་གྲོན་དངུལ་དོ་དམ་ལ་བཅོས་སྒྱུར་དང་འཐུས་ཚང་དུ་བཏང་ནས། ཚན་རྩལ་ཆེད་དོན་གལ་ཆེན་གྱི་འགག་གཏོར་དང་རྨང་གཞིའི་ཞིབ་འཇུག་ལོ་བཅུའི་འགུལ་སྐྱོད་ལག་བསྟར་ལ་རྒྱབ་སྐྱོར་བྱས་ཏེ། ཁེ་ལས་དང་མཐོ་སློབ། ཞིབ་འཇུག་ལས་ཁུངས་བཅས་ཀྱི་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏང་དགོས། སྲིད་གཞུང་གི་དངུལ་གཏོང་འདེགས་པའི་བྱེད་ནུས་འདོན་སྤེལ་བྱེད་པ། རྒྱལ་ཁབ་ཀྱི་དུས་འཁོར་བརྒལ་ནས་ལས་གཞིའི་གཏོང་ཕྱོགས་སྙོམ་སྒྲིག་དང་འོས་འཚམ་སྔ་བསྣུར་སྒོས་རྨང་གཞིའི་སྒྲིག་ཆས་ཀྱི་གཏོང་འཇོག་སྤེལ་བའི་སྲིད་ཇུས་ཀྱི་བླང་བྱ་ཡང་དག་པར་བཟུང་ནས། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་མ་དངུལ་འགན་སྲུང་གི་བརྟན་འཇགས་རང་བཞིན་དང་རྒྱུན་སྲིང་རང་བཞིན་རྒྱུན་འཁྱོངས་བྱས་ཏེ། རྨང་གཞི་འཇོག་པ་དང་ཕན་རྒྱང་རིང་བ། རིགས་སྒྱུར་ལ་སྐུལ་བ། རྗེས་ཤུགས་འཕར་བའི་ལས་གཞི་ཁག་ཅིག་ལ་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་སྒོས། འགྲིམ་འགྲུལ་གལ་ཆེན་སོགས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་ལས་གཞི་མ་དངུལ་འགན་སྲུང་གི་བྱ་བ་མུ་མཐུད་དུ་ལེགས་པོར་བསྒྲུབ་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕར་བའི་རྣམ་པ་བརྟན་འཇགས་སུ་གཏང་དགོས། ཁྲོམ་རའི་བྱེད་པོའི་གསོན་ཤུགས་འདོན་སྤེལ་བྱེད་པ། ནོར་སྲིད་ཀྱི་དངུལ་གཏོང་རྣམ་པ་གསར་སྐྲུན་བྱས་ནས། བུ་ལོན་གྱི་སྐྱེད་ཀ་གསབ་པ་དང་བྱ་དགའ་ཁ་གསབ་ཀྱི་ཁྲིད་སྟོན། མ་རྐང་དངུལ་གཏོང་། མ་དངུལ་འཁོར་སྐྱོད་མཛོད་ཀྱི་དངུལ་གཏོང་གི་ཤུགས་ཚད་ཆེ་རུ་བཏང་སྟེ། ནོར་སྲིད་མ་དངུལ་གྱི་ཁྲིད་སྟོན་དང་འདེགས་སྒུལ་བྱེད་ནུས་འདོན་སྤེལ་གང་ལེགས་བྱ་དགོས་ཤིང་། ནོར་སྲིད་དང་དངུལ་རྩའི་མཉམ་འགུལ་ལ་སྐུལ་སྤེལ་བཏང་ནས། ཁྲོམ་རའི་བྱེད་པོར་རྒྱབ་སྐྱོར་དང་ཁེ་ལས་ཆུང་འབྲིང་གི་དཀའ་ཁག་རོགས་སྐྱོར་ལ་ཤུགས་བསྣན་དགོས། ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དང་ཕྱི་ཕྱོགས་ཉོ་ཚོང་རིགས་སྒྱུར་རིམ་སྤར་རྟེན་གཞི། རྒྱལ་ཁབ་རིམ་པའི་མངའ་ཁོངས་བརྒལ་བའི་གློག་རྡུལ་ཚོང་དོན་ཕྱོགས་བསྡུས་ཚོད་ལྟ་ཁུལ་བཅས་ཀྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ནས། ཕྱི་ནང་ཉོ་ཚོང་གི་ཁྱབ་ཁོངས་མཉམ་རོགས་ངང་གོང་འཕེལ་དུ་འགྲོ་བར་སྐུལ་སྤེལ་གཏང་དགོས། ལས་གཏོད་དངུལ་བུན་གྱི་ཁག་ཐེག་སྐྱེད་སྤྲོད་སྲིད་ཇུས་དོན་འཁྱོལ་བྱས་ཏེ། “མཚོ་སྔོན་ཡིད་རྟོན་དངུལ་བསྡུ”ལས་སྟེགས་ཀྱི་ཡིད་རྟོན་དངུལ་བུན་ཉེན་ཁའི་ཁ་གསབ་ལེགས་པོར་བསྒྲུབ་ནས། ཁེ་ལས་ཆུང་གྲས་དང་ལས་གཏོད་མཁན་ལ་ནུས་ལྡན་གྱི་དངུལ་བསྡུ་རྒྱབ་སྐྱོར་འདོན་སྤྲོད་བྱ་དགོས།

(གསུམ)འཐབ་ཇུས་གལ་ཆེན་གྱི་ལག་བསྟར་འགན་སྲུང་བསྟུད་མར་བྱེད་པ། “གནས་བཞི”འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏང་བ། གཙོ་གནད་ཐོན་ལས་གསོ་སྐྱོང་ལ་དམིགས་ནས། ལྗང་མདོག་ཐཱན་དམའ་རེས་འཁོར་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དེང་རབས་ཐོན་ལས་མ་ལག་བསྐྲུན་པར་ཤུགས་བཏོན་ནས། ནོར་སྲིད་ཆེད་སྤྱོད་མ་དངུལ་དང་གསར་བསྣན་བུན་འཛིན་མ་དངུལ། སྲིད་གཞུང་གི་དངུལ་གཏོང་ཐེབས་རྩ་སོགས་ཀྱི་ནོར་སྲིད་མ་དངུལ་གྱི་ཐོན་ཁུངས་ལ་གཅིག་གྱུར་བཀོད་འདོམས་བྱས་ཤིང་། ཚྭ་མཚོའི་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་སྔོན་སྐྱོད་སྔོན་ལ་ཚོད་ལྟ་བྱེད་པར་རྒྱབ་སྐྱོར་བྱས་ནས། སླར་སྐྱེས་ཐུབ་པའི་ནུས་ཁུངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བ་དང་། གཙོ་གནད་སྐྱེ་ཁམས་ཡུལ་སྐོར་ལྗོངས་ཁུལ་གྱི་སྤུས་ཀ་མཐོར་འདེགས་བཏང་ནས། སྤུས་ལེགས་ཀྱི་ཞིང་ཕྱུགས་ཐོན་རྫས་ཀྱི་ཐོན་སྐྱེད་ནུས་ཤུགས་ཇེ་མཐོར་གཏང་དགོས། སྐྱེ་ཁམས་དཔལ་ཡོན་གྱི“བཙན་ས”གཏོད་པར་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་ལེན་མཐར་ཕྱིན་བྱས་ཏེ། ནོར་སྲིད་ཀྱིས་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་ལུགས་རྐྱེན་སྲོལ་བསྟུད་མར་ལེགས་སྒྱུར་བྱེད་པ་དང་། ནོར་སྲིད་ལམ་ལུགས་དང་སྤོ་སྒྱུར་གཏོང་སྤྲོད། སྐྱེ་ཁམས་ཁ་གསབ། ཁྲལ་བསྡུ་སྲིད་ཇུས་སོགས་སྲིད་ཇུས་ཀྱི་ལག་ཆ་ཕྱོགས་བསྡུས་བཀོལ་སྤྱོད་བྱས་ནས། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་རྨ་ཆུའི་བཞུར་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་བྱས་ཤིང་། “ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་འགུལ་སྐྱོད་ལ་རྒྱབ་སྐྱོར་དང་། རི་ཆུ་ནགས་ཞིང་མཚོ་སྤང་བྱེ་འཁྱགས་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་བཅོས་སྐྱོང་བྱས་ནས། སྦགས་བཙོག་འགོག་བཅོས་ཀྱི་འགག་གཏོར་གཡུལ་འཐབ་ལེགས་པོར་རྒྱག་པར་སྐུལ་འདེད་གཏོང་བ་དང་། མུ་རི་གཏེར་ཁུལ་དང་མདོ་ལ་རི་བོའི་ལྷོ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་མུ་མཐུད་རྒྱབ་སྐྱོར་བྱས་ནས། སྐྱེ་ཁམས་ཀྱི་བདེ་འཇགས་ཡོལ་རལ་ཤུགས་ཡོད་རྒུས་བསྐྲུན་དགོས། གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏང་བ། དབུལ་ཐར་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་ནུས་ལྡན་ངང་སྦྲེལ་མཐུད་ཡོང་བར་བསྟུད་མར་སྐུལ་འདེད་བཏང་ནས། རོགས་སྐྱོར་སྲིད་ཇུས་གཙོ་བོ་དང་ནོར་སྲིད་ཀྱི་གཏོང་འཇོག་བརྟན་འཇགས་ཡོང་བ་རྒྱུན་འཁྱོངས་བྱས་ཤིང་། དབུལ་ཐར་རྫོང་གིས་གཅིག་འདོམས་བསྡུ་རུབ་ཀྱིས་ནོར་སྲིད་མ་དངུལ་བཀོལ་བར་རྒྱབ་སྐྱོར་དང་། གཙོ་གནད་དེ་རོགས་སྐྱོར་རྫོང་དུ་གཞོལ་བར་བྱ་དགོས། རྨོ་སའི་ས་ཤུགས་སྲུང་སྐྱོབ་ཀྱི་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་དང་། ཚད་གཞི་མཐོ་བའི་ཞིང་ས་མུའུ་ཁྲི20བསྐྲུན་པ་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱས་ཏེ། འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་བརྟན་འཇགས་ངང་ཐོན་སྐྱེད་དང་འདོན་སྤྲོད་འགན་སྲུང་ཐུབ་པར་སྐུལ་འདེད་གཏང་དགོས། བྱ་དགས་ཁ་གསབ་ཀྱི་ཚབ་བྱེད་པ་དང་སྔོན་ལ་བསྐྲུན་པ་དང་རྗེས་ནས་ཁ་གསབ་བྱེད་པ། དངུལ་བུན་གྱི་སྐྱེད་ཀ་སྤྲོད་པ་སོགས་ཀྱི་ཁ་གསབ་རོགས་སྐྱོར་རྣམ་པ་འཚོལ་ཞིབ་སྒོས་སྐུལ་འདེད་བཏང་ནས། ཐོན་ལས་འཕེལ་རྒྱས་ལ་གཙོ་གནད་དུ་རྒྱབ་སྐྱོར་བྱ་དགོས།

(བཞི) དམངས་འཚོའི་ཚད་མཐའ་ཐ་སྐྱོར་མུ་མཐུད་དུ་བྱེད་པ། ལས་ཞུགས་བརྟན་འཇགས་དང་རྒྱ་བསྐྱེད་ལ་རྒྱབ་སྐྱོད་བྱེད་པ། ལས་ཤོར་ཉེན་འགོག་གི་ཐེབས་རྩའི་བཀོད་སྒྲིག་བརྒྱུད་དེ་ལས་བརྟན་ཕྱིར་སློག་དང་རྩལ་ནུས་མཐོར་འདེགས་ཀྱི་ཁ་གསབ་བཀོད་སྒྲིག་བྱས་ཏེ། ལས་ཞུགས་ཀྱི་ཤོང་ཚད་ཇེ་མང་དང་ལས་ཞུགས་ཀྱི་སྤུས་ཚད་མཐོར་འདེགས། མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་དང་ལས་གཏོད་ཀྱི་ནུས་ཤུགས་ལ་ཤུགས་ཆེན་པོ་འདོན་རྒྱུ། སྤྱི་པའི་ལས་ཞུགས་དང་ལས་གཏོད་ལས་ཁུངས་ཀྱི་ཞབས་ཕྱི་ནུས་ཤུགས་མཐོར་འདེགས་ལ་སྐུལ་འདེད་བཏང་ནས། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ལྟ་སྦྱོང་། ལས་རིགས་གསོ་སྦྱོང་། རྩལ་ནུས་བརྟག་འཇལ་སོགས་ཀྱི་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱས་ཏེ། ལས་ཞུགས་ལ་དཀའ་ཁག་ཡོད་པའི་མི་སྣའི་ལས་ཞུགས་ཐུབ་པར་གཙོ་གནད་དུ་རྒྱབ་སྐྱོར་བྱ་དགོས། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་བསྐྲུན་པར་རྒྱབ་སྐྱོར་བྱེད་པ། ཁེ་ལས་ཀྱི་ལས་བཟོ་བའི་གཞི་རྩའི་རྒན་གསོ་ཉེན་འགོག་དེ་ཞིང་ཆེན་དང་གྲོང་ཁྱེར་དང་ཁུལ་གྱིས་འགན་འཁྲི་མཉམ་འཁུར་རྐྱེན་སྲོལ་འཐུས་ཚང་དུ་བསྐྲུན་ནས། ཁེ་ལས་ཀྱི་གཞི་རྩའི་རྒན་གསོ་ཉེན་འགོག་དེ་རྒྱལ་ཡོངས་ཀྱི་གཅིག་འདོམས་བྱ་བ་ལེགས་པོར་བསྒྲུབ་པར་རྗེས་འདེད་བྱེད་པ་དང་། གཞི་རྩའི་རྒན་གསོ་དང་གཞི་རྩའི་སྨན་བཅོས་ཉེན་འགོག་གི་དངུལ་བསྡུ་དང་གླ་ཆ་སྙོམ་སྒྲིག་གི་རྐྱེན་སྲོལ་གཟུག་དགོས། ལས་ཁུངས་དང་དོན་ལས་སྡེ་ཚན་གྱི་རྒན་གསོའི་ཉེན་འགོག་གི་གྲ་སྒྲིག་དུས་ཀྱི་ཞིབ་རྩིས་རྒྱག་རྒྱུ། གཞི་རྩའི་འཚོ་བའི་རོགས་སྐྱོབ་དང་ཆེད་དོན་རོགས་སྐྱོབ། གནས་སྐབས་རོགས་སྐྱོབ་བཅས་གཙོ་གཟུགས་ཡིན་པའི་སྤྱི་ཚོགས་རོགས་སྐྱོབ་མ་ལག་བསྐྲུན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་གི་ཆུ་ཚད་འོས་འཚམ་གྱིས་ཇེ་མཐོར་བཏང་ནས། དཀའ་ཁག་ཁྱུ་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱ་དགོས། བདེ་ཐང་མཚོ་སྔོན་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ། སྨན་བཅོས་བཅོས་སྒྱུར་གྱི་སྲོག་ཤིང་དམིགས་འབེན་དེ་མ་དངུལ་དབྱེ་བགོའི་རྒྱུ་རྐྱེན་གལ་ཆེན་དུ་མངོན་པར་བྱས་ནས། སྨན་བཅོས་ལས་ཁུངས་ལ་ཁྲིད་སྟོན་བྱས་ཏེ་ཞབས་ཕྱིའི་ནུས་ཤུགས་དང་དོ་དམ་ཆུ་ཚད་མཐོར་འདེགས་གཏང་དགོས། གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ལས་དོན་གྱི་སྤྱི་ཕན་རང་བཞིན་རྒྱུན་འཁྱོངས་བྱས་ཏེ། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་གྱི་བདེ་ཐང་ཞབས་ཕྱིའི་ནོར་སྲིད་ཁ་གསབ་རོགས་སྐྱོར་ཚད་གཞི་འོས་འཚམ་ངང་གཏན་འཁེལ་བྱེད་པ་དང་། ཞིང་ཆེན་རིམ་པའི་གཞུང་བཙུགས་སྨན་ཁང་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། གྲོང་ཁྱེར་དང་ཁུལ་རིམ་པའི་སྨན་ཁང་དང་མི་གྲངས་མང་སའི་རྫོང་དང་ཆུས་ཀྱི་ཕྱོགས་བསྡུས་སྨན་ཁང་གི་ནུས་ཤུགས་འཛུགས་སྐྲུན་དང་འཇོན་མི་གསོ་སྐྱོང་ཐད་ལ་སྐུལ་སྤེལ་གཏོང་བ་དང་། ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ལ་ཁ་གཏད་འཇལ་བའི་ནུས་ཤུགས་ཇེ་དྲག་ཏུ་གཏང་དགོས། སློབ་གསོའི་ལས་དོན་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ། “སྤྱིར་བཏང་དུ་མི་དམའ་བ་གཅིག་དང་འཕར་བ་ལས་མི་འཕྲི་བ་གཉིས”ཀྱི་བླང་བྱ་དོན་འཁྱོལ་ནན་མོ་བྱས་ཏེ། འགན་བབ་སློབ་གསོ་སྤུས་ལེགས་དོ་མཉམ་འཕེལ་རྒྱས་ཀྱི་ཚོད་ལྟ་སྤེལ་བར་རྒྱབ་སྐྱོར་དང་། སློབ་གསོའི་རོགས་སྐྱོར་སྲིད་ཇུས་དང་སློབ་མའི་ཆ་སྙོམ་ལྟར་དངུལ་གཏོང་གི་ལམ་ལུགས་འཐུས་ཚང་དུ་བཙུགས་ནས། བོད་འབྲེལ་ཁུལ་དང་རྫོང་གི་སློབ་སྔོན་དང་མཐོ་འབྲིང་སློབ་གསོ་བར་གྱི་རོགས་སྐྱོར་ཚད་གཞི་ལ་ཞིབ་འཇུག་བྱས་ཏེ་ཇེ་མཐོར་གཏོང་བ་དང་། ནོར་ཤུགས་དཔྱད་དཔོག་ལེགས་པོར་བསྒྲུབ་དགོས། སློབ་གསོའི་ཁྱབ་ཁོངས་ཀྱི་ཆེད་དོན་མ་དངུལ་དབྱེ་བགོའི་རྣམ་པ་སྙོམ་སྒྲིག་བྱས་ནས། མ་དངུལ་དབྱེ་བགོའི་ཚན་རིག་རང་བཞིན་ཇེ་མཐོར་གཏང་དགོས། སློབ་གསོའི་གཙོ་གནད་ལས་གཞི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཏེ། རང་ཞིང་གི་མཐོ་རིམ་སློབ་གསོའི་སློབ་སྒྲུབ་ཆ་རྐྱེན་ལེགས་སྒྱུར་གཏང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་ཁང་གི་འགན་སྲུང་ལ་རྒྱབ་སྐྱོར་བྱེད་པ། ཁང་བ་ནི་སྡོད་ས་ལས། ཁེ་སྤོགས་ལེན་བྱེད་མིན་པའི་གནས་ཐིག་རྒྱུན་འཁྱོངས་བྱས་ཏེ། གཙོ་གཟུགས་ཀྱི་འདོན་སྤྲོད་དང་བརྒྱུད་ལམ་མང་བོའི་འགན་སྲུང་། གླ་ཉོ་མཉམ་འདེགས་ཀྱི་སྡོད་ཁང་ལམ་ལུགས་བསྐྲུན་པར་རྒྱབ་སྐྱོར་བྱས་ནས། མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན་དང་གཞི་སྡོད་ཁོར་ཡུག་མུ་མཐུད་ལེགས་སྒྱུར་གཏང་དགོས།

(ལྔ)ཉེན་ཁ་ཚབས་ཆེན་མུ་མཐུད་སྔོན་འགོག་དང་སེལ་བ། སྲིད་གཞུང་གི་བུ་ལོན་གྱི་ཉེན་ཁ་སྔོན་འགོག་དང་སེལ་བ། སྲིད་གཞུང་རང་བཞིན་གྱི་བུ་ལོན་གྱི་ཉེན་ཁ་སྔོན་འགོག་དང་སེལ་བའི་སྐོར་གྱི་བསམ་འཆར་དང་ནོར་སྲིད་འཁོར་སྐྱོར་གྱི་ཉེན་ཁ་ཚབས་ཆེན་འཚུབ་ཟློག་ཐག་གཅོད་སྔོན་ཇུས་ཀྱི་བྱ་བའི་འབྲེལ་ཡོད་བླང་བྱ། མངོན་མེད་བུ་ལོན་སེལ་བ་གཏན་འཁེལ་གྱི་འཆར་གཞི་བཅས་དོན་འཁྱོལ་ནན་མོ་བྱས་ཏེ། སྤྱིར་བཏང་གི་བུ་ལོན་བཅད་གྲངས་དང་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ཡོང་སྒོ། ས་གནས་ཀྱི་ནོར་ཤུགས་ཆུ་ཚད་ཕན་ཚུན་འཚམ་པ། ཆེད་སྤྱོད་བུ་ལོན་གྱི་བཅད་གྲངས་དང་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཡོང་སྒོ་དང་དེའི་ལས་གཞིའི་ཁེ་སྤོགས་ཕན་ཚུན་དངོས་གནས་མཐུན་པར་བསྒྲུབ་ནས། མངོན་མེད་བུ་ལོན་འཕར་ཚད་གཏན་འགོག་བྱེད་པ་དང་། བྱེད་ཐབས་སྣང་མང་མཉམ་སྤྱོད་ཀྱིས་མངོན་མེད་བུ་ལོན་གྱི་གསོག་ཚད་སེལ་ནས། ཧུར་ཐག་དང་བརྟན་འཇགས་ངང་མངོན་མེད་བུ་ལོན་གྱི་ཉེ་ཁ་སྔོན་འགོག་དང་སེལ་བར་བྱས་ཏེ། སྤྱིའི་ཆ་ནས་བདེ་འཇགས་དང་ཉེན་ཁ་ཚོད་འཛིན་ཐུབ་པར་ཁག་ཐེག་བྱ་དགོས། ནོར་སྲིད་འཁོར་སྐྱོད་ཀྱི་ཉེན་ཁ་སྔོན་འགོག་དང་སེལ་བ། ནོར་སྲིད་ཀྱི་ཐེག་ཤུགས་དཔྱད་དཔོག་རྐྱེན་སྲོལ་དོན་འཁྱོལ་བྱས་ཏེ། མ་དངུལ་བཀོད་སྒྲིག་སྔོན་གྱི་བཤེར་ཞིབ་ཕྱོད་ནུས་འདོན་སྤེལ་བྱེད་པ་དང་། ས་གནས་ནོར་སྲིད་ཀྱི་ཐེག་ཤུགས་ལ་བསམ་གཞིགས་ལེགས་པོར་བཏང་ནས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དུས་རིམ་གྱི་ཚད་འདེགས་རྒྱ་བསྐྱེད་ཀྱི་དམངས་འཚོ་སྲིད་ཇུས་དང་རྨོངས་ཚོད་ཀྱི་ལས་གཞི་ལས་བརྒལ་བར་སྔོན་འགོག་བྱས་ཏེ། ནོར་སྲིད་ཀྱི་རྒྱུན་མཐུད་འཁོར་སྐྱོད་ལ་སྐུལ་སྤེལ་གཏང་དགོས། ནོར་སྲིད་མ་དངུལ་ཐད་སྤྲོད་རྐྱེན་སྲོལ་མུ་མཐུད་ལེགས་པོར་བཀོལ་བ་དང་། དངོས་ཡོད་ཀྱི་རྒྱ་བསྐྱེད་ཁྱབ་ཁོངས་ལ་འབྲེལ་ནས། ཐད་སྤྲོད་མ་དངུལ་གྱི་དབྱེ་བགོ་དང་གཏོང་སྤྲོད། བཀོལ་སྤྱོད་བཅས་ཀྱི་ལས་ཆོད་ཇེ་མཐོར་གཏང་དགོས། རྒྱལ་དབང་ཁེ་ལས་དང་དངུལ་རྩའི་ལས་ཁུངས་ཀྱི་བུ་ལོན་གྱི་ཉེན་ཁ་སྔོན་འགོག་དང་སེལ་བ། ས་གནས་ཁོངས་གཏོགས་ཀྱི་འགན་འཁྲི་དང་སྡེ་ཁག་གི་ལྟ་དོམ་འགན་འཁྲི། ཁེ་ལས་བྱེད་པོའི་འགན་འཁྲི་བཅས་ནན་དཀྲི་བྱས་ཏེ། མ་ལག་གི་བསམ་གཞིགས་ཇེ་དྲག་ཏུ་གཏོང་བ་དང་། མཐུན་སྦྱོར་མཉམ་འགུལ་ལ་ཤུགས་བསྣན་ནས། གསོག་ཚད་ཀྱི་རྒྱུ་ནོར་རང་འགུལ་ངང་ཕན་སྒྱུར་བྱེད་པ་དང་། ཕྱོགས་སོ་སོའི་ཐོན་ཁུངས་གཅིག་འདོམས་སྒོས་ཉེན་ཁ་སྔོན་འགོག་དང་སེལ་བའི་བྱ་བ་ལེགས་པོར་འཛིན་དགོས་ཤིང་། མ་ལག་རང་བཞིན་གྱི་ནོར་སྲིད་དང་དངུལ་རྩའི་ཉེན་ཁ་མི་འབྱུང་བའི་ཚད་མཐའ་བརྟན་པོར་བསྲུང་དགོས།

(དྲུག)ནོར་ཁྲལ་ལམ་ལུགས་བཅོས་སྒྱུར་བསྟུད་མར་གཏིང་ཟབ་ཏུ་སྤེལ་བ། སྤོ་སྒྱུར་གཏོང་སྤྲོད་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ། ཞིང་ཆེན་གྱིས་འོག་རིམ་ལ་ནོར་ཤུགས་སྤོ་སྒྱུར་གཏོང་སྤྲོད་བྱེད་པའི་བྱེད་ནུས་ཀྱི་ངེས་གནས་སྔར་ལས་གསལ་བོར་བྱས་ཏེ། དོ་མཉམ་རང་བཞིན་གྱི་སྤོ་སྒྱུར་གཏོང་སྤྲོད་ནི་གཙོ་བོ་དང་བྱ་དགའི་ཁ་གསབ་མ་དངུལ་ནི་ཕལ་བ། དུས་རིམ་རང་བཞིན་གྱི་ནོར་ཤུགས་ཁ་གསབ་རོགས་དངུལ་ནི་ཁ་གསབ་ཡིན་པའི་སྤོ་སྒྱུར་གཏོང་སྤྲོད་མ་ལག་བཙུགས་ནས། ནོར་ཤུགས་མར་འབབ་པར་སྐུལ་འདེད་བཏང་ནས། གཞི་རིམ་གྱི་ནོར་སྲིད་འགན་སྲུང་ནུས་ཤུགས་དངོས་གནས་ཇེ་དྲག་ཏུ་གཏོང་བ་དང་། ས་ཁུལ་བར་གྱི་གཞི་རྩའི་སྤྱི་པའི་ཞབས་ཕྱི་དོ་མཉམ་ཅན་གྱི་ཆུ་ཚད་ཇེ་མཐོར་གཏང་དགོས། ཞིང་ཆེན་མན་གྱི་ནོར་སྲིད་ལམ་ལུགས་བཅོས་སྒྱུར་མགྱོགས་སུ་གཏོང་བ། ཀྲུང་དབྱང་གི་བཅོས་སྒྱུར་གྱི་གོམས་སྟབས་དམ་པོར་སྙེགས་ནས། སྲིད་གཞུང་གི་འགན་ནུས་གནས་གཏན་དང་འཕེལ་རྒྱས་ཀྱི་དགོས་མཁོ་ཕན་ཚུན་འཕྲོད་པའི་ནོར་སྲིད་ཀྱི་དོན་དབང་དབྱེ་གཅོད་མ་ལག་བསྐྲུན་པར་སྐུལ་འདེད་མགྱོགས་སུ་གཏང་དགོས། དོན་དབང་ལག་བསྟར་འགྲོ་སྒོའི་འགན་འཁྲི་ནན་མོ་ལྟར། གྲོང་ཁྱེར་དང་ཁུལ་གྱིས་འཁུར་བའི་དོན་དབང་དང་འགྲོ་སྒོའི་འགན་འཁྲི་ལ། ཞིང་ཆེན་རིམ་པས་འོག་རིམ་ལ་སྤོ་སྒྱུར་གཏོང་སྤྲོད་དང་བུན་འཛིན་དངུལ་བུནལ་སྒྱུར་བ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་རྒྱབ་སྐྱོར་བྱ་དགོས་ལ། ཚད་བརྒལ་གྱི་འགན་གཙང་ལེན་བྱེད་པ་སྔོན་འགོག་བྱ་དགོས། སྔོན་རྩིས་དོ་དམ་བཅོས་སྒྱུར་མུ་མཐུད་གཏིང་ཟབ་དུ་གཏོང་བ། སྔོན་རྩིས་དོ་དམ་ལམ་ལུགས་སྔར་ལས་འཐུས་ཚང་དུ་བཏང་ནས། དོ་དམ་བྱེད་ཐབས་གསར་སྐྲུན་དང་ཚད་གཞི་མ་ལག་འཐུས་ཚང་དུ་གཏོང་བ། འགྲོ་སྒོའི་སྒྲིག་གཞི་ལེགས་སྒྱུར། ལག་བསྟར་ཚད་བཀག་སྲ་སྒྱུར་བཅས་བྱས་ཏེ། ཁག་སོ་སོའི་བཅོས་སྒྱུར་ལས་འགན་དོན་ཐོག་ཏུ་འཁྱོལ་བར་ཏན་ཏིག་གིས་སྐུལ་འདེད་གཏང་དགོས། སྔོན་རྩིས་དོ་དམ་གཞི་གཅིག་ཅན་མགྱོགས་སུ་བཏང་ནས། གོང་འོག་རིམ་པའི་སྲིད་གཞུང་གི་སྔོན་རྩིས་སྦྲེལ་མཐུད་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པ་དང་། སྤོ་སྒྱུར་གཏོང་སྤྲོད་ཀྱི་བརྒྱུད་རིམ་ཡོངས་སུ་ལྟ་སྐུལ་ཚོད་འཛིན་བྱེད་པར་ཤུགས་བསྣན་ཐོག སྔོན་རྩིས་ཀྱི་དམིགས་ཚད་དོ་དམ་དང་ཚོད་འཛིན་ཇེ་དྲག་ཏུ་གཏོང་བ་དང་། གཞི་གྲངས་མཉམ་སྤྱོད་ཀྱི་ཆུ་ཚད་དང་དོ་དམ་ལས་ཕྱོད་མཐོར་འདེགས་སུ་གཏང་དགོས། ཁྲལ་བསྡུ་ལམ་ལུགས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་འཛད་སྤྱོད་ཁྲལ་དང་ཆུའི་ཐོན་ཁུངས་ཀྱི་ཁྲལ་བཅོས་སྒྱུར་གྱི་ཁ་ཕྱོགས་ལ་ཧུར་ཐག་གིས་རྗེས་འདེད་བྱས་ཏེ། རང་ཞིང་གི་བཅོས་སྒྱུར་སྔོན་གྱི་ཞིབ་འཇུག་བྱ་བ་བསྟུད་མར་གཏིང་ཟབ་ཏུ་བཏང་ཐོག བཅོས་སྒྱུར་དོན་འཁྱོལ་གྱི་ཁག་སོ་སོའི་གྲ་སྒྲིག་ལེགས་པོར་བྱ་དགོས། ཁང་ས་ཐོན་ལས་བཅོས་སྒྱུར་དུས་ཡུལ་ས་ཁུལ་གྱི་བྱ་བའི་གནས་ཚུལ་ལ་རྗེས་འདེད་དོ་སྣང་བྱས་ཏེ། རང་ཞིང་གི་ཁང་ས་ཐོན་ལས་ཁྲོམ་རའི་འབྲེལ་ཡོད་རྨང་གཞིའི་གཞི་གྲངས་ཧུར་ཐག་གིས་བསྡུ་རུབ་བྱ་དགོས།

(བདུན)ནོར་སྲིད་དོ་དམ་ཆུ་ཚད་བསྟུད་མར་མཐོར་འདེགས་གཏོང་བ། ནོར་དཔལ་སྒྲིག་ཁྲིམས་གཟབ་ནན་གཏིང་ཟབ་བྱེད་པ། ནོར་དཔལ་སྒྲིག་ཁྲིམས་གཟབ་ནན་བྱེད་པའི་ཁག་སོ་སོའི་བླང་བྱ་དེ་ལས་གཞིའི་ཇུས་ཆོད་དང་སྔོན་རྩིས་སྒྲིག་ལུགས། སྔོན་རྩིས་ལག་བསྟར། ནོར་དོན་དོ་དམ། ཉེན་ཁ་ཐག་གཅོད། རྒྱུ་ནོར་དོ་དམ། སྲིད་གཞུང་གི་ཉོ་སྒྲུབ་སོགས་ཀྱི་ཕྱོགས་སོ་སོའི་བརྒྱུད་རིམ་ཡོངས་སུ་མངོན་པར་བྱ་དགོས། ནོར་དཔལ་ཁྲིམས་སྲོལ་དང་དོ་དམ་ལམ་ལུགས་གི་ཁག་སོ་སོ་ལག་བསྟར་ནན་མོ་བྱས་ཏེ། ཡོད་ཚད་ལམ་ལུགས་དང་སྒྲིག་སྲོལ་ལྟར་བསྒྲུབ་དགོས་ཤིང་། ལམ་ལུགས་ཀྱི་གཟབ་ནན་རང་བཞིན་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ནོར་དཔལ་སྒྲིག་ལམ་ཆེད་དོན་ཕྱོགས་བསྡུས་བཅོས་སྐྱོང་འགུལ་སྐྱོད་ཧུར་ཐག་གིས་སྤེལ་ནས། སྲོལ་འགལ་ངང་བསྐྲུན་པའི་གཞུང་ཁང་ཆེ་རིགས་དང་ཞོར་ཕོགས་ཁ་གསབ་སྟེར་བ། སྲིད་ཀྱི་གྲུབ་འབྲས་ཆེད་ཀྱི་ལས་གྲྭ་དང་སྣང་བརྙན་ཅན་གྱི་ལས་གྲྭ་སོགས་རྩད་གཅོད་ནན་མོ་བྱས་རྗེས། འགན་འཁྲི་བདའ་འདེད་མཐའ་གཅིག་ཏུ་བྱ་དགོས་ཤིང་། ལམ་ལུགས་ཀྱི་གཅུན་འདོན་ནུས་ཤུགས་དངོས་གནས་མཐོར་འདེགས་སུ་བཏང་སྟེ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོའི་ནོར་དཔལ་དོ་དམ་དང་ནོར་དཔལ་བཀོལ་སྤྱོད་ཀྱི་ཆུ་ཚད་ཇེ་དྲག་ཏུ་གཏང་དགོས། བརྒྱུད་རིམ་ཡོངས་ཀྱི་སྔོན་རྩིས་ལས་ཕྱོད་ཀྱི་དོ་དམ་དངོས་གནས་བསྒྲུབ་པ། 《མཚོ་སྔོན་ཞིང་ཆེན་གྱི་སྔོན་རྩིས་ལས་ཕྱོད་དོ་དམ་སྲོལ་ཡིག》མགྱོགས་མྱུར་ངང་གཏན་འབེབས་བྱས་ཏེ། ཕྱོགས་ཡོངས་དང་བརྒྱུད་རིམ་ཡོངས། ཁྱབ་ཚད་ཡོངས་ཀྱི་སྔོན་རྩིས་ལས་ཕྱོད་དོ་དམ་མ་ལག་འཐུས་ཚང་དུ་གཏང་དགོས། ཕྱོགས་བསྡུས་ལས་ཕྱོད་དཔྱད་ཞིབ་རྐྱེན་སྲོལ་ལེགས་སྒྱུར་བཏང་ནས། སྡེ་ཁག་གི་དཔྱད་འཇོག་ཁྱབ་ཁོངས་རྒྱ་བསྐྱེད་གཏོང་བ་དང་། ལོ3རེ་འཁོར་ཡུན་བྱས་ནས་གཙོ་གནད་ལས་གཞི་སྡེ་ཁག་གི་དཔྱད་འཇོག་ཁྱོན་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱས་ཏེ། ལས་ཕྱོད་ཀྱི་མཇུས་འབྲས་བཀོལ་བ་བདེན་པ་དང་། ནོར་སྲིད་ཀྱི་ཐོན་ཁུངས་སྒྲིག་བཀོད་ལས་ཕྱོད་དང་བཀོད་སྤྱོད་ཕན་ནུས་དངོས་གནས་ཇེ་མཐོར་གཏང་དགོས། ནོར་སྲིད་རྩིས་གཉེར་གྱི་ལྟ་དོམ་ལ་ཁྱོན་ཡོངས་ནས་ཤུགས་བསྣན་པ། ལྟ་སྐུལ་དཔྱད་འཇོག་དང་རྩིས་གཉེར་དོ་དམ། ལས་ཕྱོད་ཚོད་འཛིན་སོགས་ཀྱི་ལྟ་དོམ་རུབ་བསྡུ་བྱས་ནས། ལྟ་དོམ་རྣམ་པ་དེ་ཆ་འཕྲིན་ཅན་དུ་སྒྱུར་བའི་སྐུལ་འདེད་གཏོང་བ་དང་། ནོར་སྲིད་རྩིས་གཉེར་གྱི་ལྟ་སྐུལ་དང་སྐོར་ཞིབ། སྡོམ་རྩིས། དམངས་ཆེན་སོགས་གཞན་དག་གི་ལྟ་སྐུལ་གྱི་སྐྱེ་ལྡན་མཉམ་འགུལ་ལ་ཤུགས་བསྣན་ནས། ཚད་ལྡན་དང་ནུས་མཐོ་ཡིན་པའི་ལྟ་དོམ་མ་ལག་བསྐྲུན་དགོས། རྩིས་གཉེར་བ་ཐོ་འགོད་དང་རྒྱུ་ནོར་དཔྱད་དཔོག་སོགས་ལས་རིགས་ཁྱབ་ཁོངས་ཀྱི་རྩིས་གཉེར་ཆ་འཕྲིན་སྤུས་ཚད་དང་རྩིས་གཉེར་ལས་དོན་སའོ་ཡི་ལག་གཉེར་སྤུས་ཚད་ཞིབ་བཤེར་ཤུགས་ཚད་ཇེ་ཆེར་བཏང་ནས། སྡོམ་རྩིས་སྙན་ཞུའི་གཞི་གྲངས་རྐྱང་བའི་ཡོངས་ཁུངས་ལམ་ལུགས་དོན་འཁྱོལ་དང་། “ཨང་གཅིག་ཀུན་སྤྱོད”མངོན་འགྱུར་ལ་སྐུལ་འདེད་བཏང་ནས། མགོ་ཁུངས་ནས་རྫུན་བཟོའི་སྡོམ་རྩིས་སྙན་ཞུའི་སྣང་ཚུལ་བཅོས་སྐྱོང་བྱ་དགོས།

འཐུས་མི་རྣམ་པ། 2022ལོར་ཞིང་ཆེན་ཡོངས་ཀྱི་ནོར་སྲིད་བྱ་བའི་ལས་འགན་དཀའ་ཚེགས་ཆེ་ལ་རྙོག་འཛིན་ལྡན་པ་ཞིག་རེད། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་བ་རྒྱུན་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ལ་དམ་པོར་དམིགས་ནས། ཐེངས་འདིའི་ཚོགས་ཆེན་གྱི་གྲོས་ཆོད་དང་བླང་བྱ་ནན་ཏན་སྒོས་དོན་འཁྱོལ་བྱེད་དགོས་ཤིང་། ལས་འགན་གྱི་འགན་འཁྲི་ཡིད་ལ་དམ་པོར་བཅངས་ནས། གསར་སྐྲུན་མདུན་སྐྱོད་རྒྱ་བསྐྱེད་གཏོང་བ་དང་། དམིགས་འབེན་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་པར་ཤུགས་ཡོད་རྒུ་བཏོན་ནས། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་བྲིས་ནས་སྔར་ལས་ཆེ་བའི་བྱས་རྗེས་གསར་བ་འཇོག་དགོས།