ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ།

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ།

— —སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པའི་སྟེང་།

(2022ལོའི་ཟླ1པའི་ཚེས20ཉིན།)

རྡོ་རྗེ་རབ་བརྟན།

  ཨུ་ཡོན་རྣམ་པ། ངས་སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་འབུལ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས་ཞུ།

   གཅིག 2021ལོའི་བྱ་བར་ཕྱིར་ལྟ་བྱེད་པ།

2021ལོ་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར100ལོན་པ་དང་ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་གསར་བ་མགོ་བརྩམས་པའི་ལོ་དང་པོ་ཡིན་ལ།“ལོ་ལྔའི་འཆར་འགོད་བཅུ་བཞི་པ”མགོ་རྩོམ་པའི་ལོ་ཡང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་དམངས་ཆེན་གྱི་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་དང་། སྐུ་དངོས་སུ་མཚོ་སྔོན་དུ་ཕེབས་ནས་གཟིགས་ཞིབ་གནང་ནས། སྔ་གཞུག་ཐེངས་གཉིས་ལ་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་ཐད་གསུང་བཤད་གལ་ཆེན་གནང་བ་དང་བླང་བྱ་གལ་ཆེན་བཏོན་སྟེ། ང་ཚོ་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཧུར་ཐག་གིས་བསྐྱོད་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་བ་དང་། སྒུལ་ཤུགས་ཆེན་པོ་བསྩལ་བས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེས་ཆེར་འཕེལ་ཡོད།

ལོ་ངོ་གཅིག་གི་རིང་ལ། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་བརྟན་པོས་འོག་ཞིང་ཆེན་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱེད་པ་རྒྱུན་འཁྱོངས་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ལྟེ་བའི་ལས་འགན་ལག་བསྟར་བྱེད་པར་དམ་པོར་དམིགས་ནས་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་འགན་ནུས་ལག་བསྟར་བྱས་པས། སྲིད་གྲོས་ཀྱི་བྱ་བ་སོ་སོར་གྲུབ་འབྲས་གསར་པ་བླངས་ནས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བློ་གྲོས་དང་སྟོབས་ཤུགས་ཕུལ་ཡོད།

(གཅིག)ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་མངོན་གསལ་དོད་པོ་ཡོང་བར་བྱས་ནས་ཐུན་མོང་གི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་བཏང་།ཐོག་མཐའ་བར་གསུམ་དུ་ཚད་མཐོ་བའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ནས་ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲ་བ་དམ་འཛིན་དང་། གཞུང་ལུགས་སློབ་སྦྱོང་གི་ལམ་ལུགས་དངོས་འབེབས་ནན་མོ་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆེས་གསར་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལ་དུས་ཐོག་ཏུ་སློབ་སྦྱོང་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཙོ་བོར་བཟུང་ནས་སློབ་སྦྱོང་དང་གོ་བ་བླངས་སྟེ། གཞུང་ལུགས་སློབ་སྦྱོང་དེ་མུ་མཐུད་དུ་སེམས་གཏིང་དུ་ཟུག་པར་སྐུལ་འདེད་བཏང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་ཏན་ཏིག་གིས་སྐུལ་འདེད་བྱས་པ། རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན། གཞི་རྩའི་བླང་བྱ་དང་དམིགས་འབེན་ལས་འགན་ལ་དམིགས་པ། ཆེད་དོན་གྲོས་སྡུར་དང་གསར་བརྗེ་སློབ་གསོ་གཏིང་ཟབ་དུ་སྤེལ་བ། “རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་དར་སྤེལ་བྱས་ཏེ། སྔར་ལས་ཆེ་བའི་གཟི་བརྗིད་བརྩོན་ལེན་བྱེད་དགོས”བཅས་པའི་བརྗོད་དོན་བྱ་འགུལ་གསར་སྐྲུན་བྱས་ནས་སྤེལ་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་དང་ཀྲུང་གུང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ཇི་མ་ཇི་བཞིན་དང་། ཁྱོན་ཡོངས། མ་ལག་ལྡན་པ་བཅས་ཀྱི་སྒོ་ནས་སློབ་སྦྱོང་དང་གོ་བ་ལེན་པ། ཏང་གི་ལོ་ངོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་། ལོ་ངོ་བརྒྱའི་ཉམས་མྱོང་། དངོས་ཡོད་དོན་སྙིང་བཅས་ལ་ཡང་དག་པའི་གོ་བ་བླངས་ཏེ། ལོ་རྒྱུས་ཀྱི་རང་རྟོན་སྔར་ལས་ཇེ་དྲག་དང་ལོ་རྒྱུས་ཀྱི་དྲན་ཤེས་བརྟན་པོ། དད་མོས་དང་། དད་སེམས། ཡིད་ཆེས་བཅས་ཇེ་བརྟན་དུ་བཏང་། གནས་བབ་དང་ལས་འགན་ལ་དམ་པོར་དམིགས་ནས་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་། ཀྲུང་དབྱང་གི་ཞིང་སྡེ་བྱ་བའི་གྲོས་ཚོགས། ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་བཅས་ཀྱི་དགོངས་དོན་ནན་ཏན་གྱིས་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཧུར་ཐག་གིས་དངོས་འབེབས་བྱས་ཏེ། སྲིད་གྲོས་བྱ་བ་དུས་རབས་ཀྱི་གོམ་པའི་རྗེས་སུ་དམ་པོར་འབྲངས་བ་དང་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་སྔར་ལས་དམིགས་པ་གཏོད་པར་ཁག་ཐེག་བྱས་ཡོད།
         གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་འབུར་དུ་ཐོན་པར་བྱས་ནས་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱིས“དུས་རིམ་གསར་པ་དང་། བཀོད་སྒྲིག་གསར་པ། བླང་བྱ་གསར་པ་བཅས་གཏིང་ཟབ་སྒོས་དངོས་འབེབས་བྱས་ནས་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་བྱ་བའི་གསར་སྐྲུན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་པ་བརྗོད་དོན་ཡིན་པའི་གཞུང་ལུགས་ཞིབ་བསྡུར་གྲོས་ཚོགས་བསྡུས་ཏེ། དུས་རབས་གསར་པའི་སྲིད་གྲོས་བྱ་བའི་གསར་སྐྲུན་འཕེལ་རྒྱས་ཀྱི་གནད་ས་དང་། དཀའ་ས། འགག་སྒོའི་བྱ་བ་སྔར་ལས་གསལ་བོ་བྱས་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་སྐད་འཕྲིན་དཔེ་ཀློག་ཚོགས་པ10ལ་བརྟེན་ནས་དཔེ་ཀློག་བྱ་འགུལ་ཏན་ཏིག་གིས་སྤེལ་ཏེ། དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་བྱེད་པ་དང་། དཔེ་ཀློག་འགན་འཁྲིས་ཕན་ཚུན་ལ་སྐུལ་འདེད་བྱས།སྲིད་གྲོས་ཨུ་ཡོན་གྱི་ཁྲོད་དུ “གཙོ་འཛིན་གྱི་དགོངས་པར་སློབ་སྦྱོང་དང་། འགན་འཁྲིའི་ཨུ་ཡོན་དུ་འགྱུར་བར་བརྩོན་ལེན་བྱེད་པ”བརྗོད་དོན་ཡིན་པའི་ལག་ལེན་བྱ་འགུལ་མུ་མཐུད་དུ་སྤེལ་བ་དང་། གཙོ་གནད་འགན་འཁྲིའི་བྱ་འགུལ་དང་ཟུང་འབྲེལ་བྱེད་པར་མཐོང་ཆེན་བྱས་ནས་ཆེད་དོན་སློབ་སྦྱོང་དང་ཞིབ་འཇུག་གྲོས་བསྡུར་གཏིང་ཟབ་ཏུ་སྤེལ། ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲ་བ་དང་། རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ནང་ཞུགས་པའི་ལས་ཁུངས་སོ་སོ་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས“གཏན་འཁེལ་གཉིས”བློ་དཀར་སྲུང་སྐྱོང་བྱེད་པ་སྔར་ལས་བརྟན་པོར་གཏོང་བ།“འདུ་ཤེས་བཞི”ཇེ་དྲག་དང་། “རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱེད་པའི་བསམ་བློའི་རྨང་གཞི་ལ་ཤུགས་སྣོན་པ་རྒྱུན་འཁྱོངས་ལྷོད་མེད་བྱས་པས། རང་འགན་འཁྲི་སྒྲུབ་བྱེད་པའི་ཆབ་སྲིད་ཀྱི་ཐེག་ཁུར་སྐུལ་སློང་བྱས་ནས། སྔར་ལས་རང་རྟོགས་དང་སྔར་ལས་བརྟན་པོའི་ངང་རྒྱུགས་སྤྲོད་ལམ་བུ་གསར་བར་ཞུགས།

(གཉིས།)ཞིང་ཆེན་ཡོངས་ཀྱི་ལྟེ་བའི་ལས་འགན་གྱི་གྲོས་མོལ་ཇུས་འདོན་དང་དམ་པོར་འབྲེལ་ནས་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད།བརྒྱུད་རིམ་ཧྲིལ་པོའི་གྲོས་མོལ་འདུ་ཤེས་རྒྱུན་འཁྱོངས་དང་། ལོ་འཁོར་མོའི་གྲོས་མོལ་འཆར་གཞི་ནན་ཏན་གྱིས་དངོས་འབེབ་བྱེད་པ། སྤུས་ཚད་མཐོན་པོའི་སྒོ་ནས་གྲོས་མོལ་སྲིད་གླེང་གི་བྱ་འགུལ་སྤེལ་བ་བཅས་བྱས་པས། འགན་འཁྲིའི་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོབ་པ་དང་། ཞིང་ཆེན་ཡོངས་ཀྱི་བྱ་བའི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་འགན་འཁུར་གསར་པ་དང་བྱེད་སྟངས་གསར་པ་མངོན་པར་བྱས་ཡོད།

“ རྒྱལ་དོན་གལ་ཆེན” གྱི་འགན་འཁྲི་གཙོ་བོ་ཐོག་མཐའ་བར་གསུམ་དུ་ཡིད་ལ་བརྟན་པོར་ངེས་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པར་སློབ་སྦྱོང་ནན་ཏན་བྱེད་པ། “ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་ལ་མུ་མཐུད་དུ་ངོས་འཛིན་ཟབ་མོ་བྱེད་པ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པར་དམིགས་ནས་ཆེད་དོན་སྲིད་གླེང་རང་བཞིན་གྱི་རྒྱུན་ལས་གྲོས་ཚོགས་བསྡུས་ཤིང་། སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་སྒྲིག་སྲོལ་ནང་རྐྱེན་གསར་གཏོད་དང་། གཙང་གསུམ་འབྱུང་ཡུལ་དུ་དྭངས་གཙང་ནུས་ཁུངས་དྲོད་ལེན་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་པའི་གཙོ་གནད་གྲོས་གཞིར་སྐུལ་སྒྲུབ་གྲོས་མོལ་བྱས་པ་དང་། གྲོང་ཁྱེར་གྱི་ཨར་ལས་དང་གཞུང་ལམ་ཨར་ལས་ཀྱི་ཡུལ་དངོས་རྡུལ་འཚུབ་ཚོད་འཛིན་བྱེད་པ་དང་། རང་ཞིང་གི་ཉམས་ཞན་དུ་གྱུར་པའི་རྩྭ་ས་བཅོས་སྐྱོང་གི་གནས་ཚུལ། གཙང་གསུམ་འབྱུང་ཡུལ་དང་། མདོ་ལ་རི་བོ། རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་བསྐྱིལ་གསོག་ཁུལ་གྱི་སྐྱེ་ཁམས་འཛུགས་སྐྲུན་གྱི་བཟོ་སྐྲུན་གལ་ཆེན་ལ་སྐུལ་འདེད་གཏོང་བ་སོགས་བརྗོད་དོན་ཡིན་པའི་ཆེད་དོན་དམངས་གཙོ་ལྟ་སྐུལ་དང་། བརྟག་དཔྱད་ཞིབ་འཇུག ཁ་གཏད་གྲོས་མོལ་བཅས་བྱས་ནས་ཕྱོགས་སོ་སོའི་བསམ་འཆར་རྒྱ་ཆེར་བསྡུས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་པ་དང་། ཐཱན་རྩེར་སོན་དང་ཐཱན་སྙོམས་འཛིན་མངོན་འགྱུར་བྱེད་པའི་ལམ་བུ་འཚོལ་ཞིབ་བྱེད་པ། སྐྱེ་ཁམས་རིན་ཐང་མངོན་འགྱུར་གྱི་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་ཐོན་རྫས་ཀྱི་ལས་གཉེར་གསར་སྤེལ་རྣམ་པ་གསར་སྐྲུན་བྱེད་པ་སོགས་ཀྱི་བསམ་འཆར་དང་གྲོས་གཞི150ལྷག་བཏོན་སྟེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་པ་འཛུགས་སྐྲུན་བྱེད་པའི་བྱ་སྤྱོད་ཀྱི་ཇུས་གཞི་ཞིབ་འཇུག་གཏན་འབེབས་དང་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བར་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད།
       དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་པ་གཏད་དེ།འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་གཏིང་ཟབ་སྒོས་དངོས་འབེབས་བྱས་པ་དང་། མཚོ་སྔོན་གྱིས་ཇི་ལྟར་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་དང་འཚམ་པར་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཆགས་པར་སྐུལ་འདེད་གཏོང་བ་དང་ཚན་རྩལ་གསར་སྐྲུན་གྱི་འདེགས་སྐྱོར་ལ་ཤུགས་བསྣན་ནས་ཐོན་ལས་གསར་པ་དང་། ལས་རྣམ་གསར་པ། ཚོང་ལས་གསར་པ་བཅས་ཀྱི་རྣམ་པ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་ནས་ཟླ་ཟུང་གྲོས་མོལ་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་འཚོགས་པ་དང་། ཀན་སུའུ་དང་མཚོ་སྔོན་གྱི་མཉམ་ལས་ཇེ་ཟབ་ཏུ་བཏང་ནས་ལན་ཀྲིག་དང་ཟི་ལིང་གི་གྲོང་ཁྱེར་ཚོགས་འཛུགས་སྐྲུན་ལ་སྐུལ་སྤེལ་བྱེད་པ་བརྗོད་དོན་བྱས་ཏེ། ཀན་སུའུ་ཞིང་ཆེན་གྱི་སྲིད་གྲོས་དང་མཉམ་འབྲེལ་སྒོས་མངའ་ཁོངས་བརྒལ་ནས་བརྟག་ཞིབ་གྲོས་མོལ་ཐོག་མ་སྤེལ། གུང་ཧོ་གཞོང་སའི་ཉེ་འཁོར་དུ་དམིགས་བསལ་གློག་ཁུལ་སྐྲུན་པར་དམིགས་ནས། མགོ་འཛུགས་ས་མཐོན་པོ་དང་ཚད་གཞི་མཐོན་པོའི་སྒོ་ནས་རང་ཞིང་གི་དེང་རབས་ཞིང་ལས་ཐོན་ལས་གླིང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། མཚོ་སྔོན་ཞིང་ཆེན་གྱི་ནས་ཞིབ་འཇུག་ལྟེ་གནས་འཛུགས་པ་སོགས་ལ་དམིགས་ནས་གཙོ་གནད་གྲོས་གཞིར་སྐུལ་སྒྲུབ་གྲོས་མོལ་བྱས། རང་ཞིང་གི་རིག་གནས་དང་ཡུལ་སྐོར་ཐོན་ལས་མཉམ་འདྲེས་ཟབ་མོ་ཡོང་བ་དང་སྤུས་ཚད་མཐོན་པོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཚོ་ལྷོ་ཁུལ་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་སྐྲུན་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པ་སོགས་ལ་ལས་རིགས་ཁག་གིས་མཉམ་འབྲེལ་བརྟག་དཔྱད་ཞིབ་འཇུག་དང་ཁ་གཏད་གྲོས་མོལ་བྱས་པ་དང་། ཐོན་ལས“གནས་བཞི”འཛུགས་སྐྲུན་དང་། གསར་དར་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ། ཚན་རྩལ་གསར་སྐྲུན་ནུས་པ་མཐོར་འདེགས་གཏོང་བ། ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བ། གྲངས་འཛིན་ཅན་གྱི་བསྒྱུར་བཀོད་ཐད་མགྱོགས་མྱུར་ངང་སྐུལ་འདེད་བྱེད་པའི་ཕྱོགས་སུ་བསམ་འཆར་དང་གྲོས་གཞི་བཏོན་ཡོད།

མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པར་བྱས་པ་དང་། ཀྲུང་དབྱང་གི་མི་རིགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ནན་ཏན་གྱིས་ལག་བསྟར་བྱས་ཤིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོའི་ཞིབ་འཇུག་རྟེན་གཞི་འཛུགས་པར་དམིགས་པ་དང་། ལ་ཅཱ་གནའ་རྫས་རྟོག་ཞིབ་རྗེས་ཤུལ་སྤྱི་གླིང་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ། བོད་རིགས་ས་ཁུལ་དུ་སྐུད་ཡོད་བརྙན་འཕྲིན་འཕེལ་རྒྱས་གཏོང་བར་སྔར་ལས་ཤུགས་སྣོན་པ་སོགས་ལ་དམིགས་ནས་གཙོ་གནད་གྲོས་གཞིར་སྐུལ་སྒྲུབ་གྲོས་མོལ་བྱས། མི་རིགས་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་སྡེ་བ་འཛུགས་སྐྲུན་བྱེད་པའི་ཐད་ཆོས་ལུགས་ཚོགས་པའི་ནུས་པ་འདོན་སྤེལ་བྱས་པ་དང་། མཚོ་སྔོན་རྨ་ཆུའི་འབབ་རྒྱུད་ཀྱི་མི་རིགས་རིག་གནས་རྒྱུན་འཛིན་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་བ་སོགས་ཀྱི་ཐད་རིམ་པ་བཞིའི་སྲིད་གྲོས་ཨུ་ཡོན་གྱིས་མཉམ་འབྲེལ་གཟིགས་ཞིབ་དང་ལས་རིགས་ཁག་མཉམ་འབྲེལ་བྱས་ནས་བརྟག་དཔྱད་བྱས་ཏེ་དམིགས་ས་ཡོད་པའི་སྒོ་ནས་བསམ་འཆར་དང་གྲོས་གཞི་བཏོན་པས། ཏང་སྲིད་འབྲེལ་ཡོད་སྡེ་ཁག་གིས་མཐོང་ཆེན་དང་དང་ལེན་བྱས་ཏེ།“མོས་མཐུན་ལྔ”ཟབ་སྤེལ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད།

མུ་མཐུད་དུ་དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཐད་རྒྱུན་ཆད་མེད་པར་དོ་སྣང་བྱས་ཏེ།། དམངས་ཀྱི་ཆེད་དུ་གྲོས་མོལ་བྱེད་པ་རྒྱུན་འཁྱོངས་བྱས་ནས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་བཏང་སྟེ། ཁྱོན་ཡོངས་ནས་ཞིང་སྡེ་དར་སྤེལ་ལ་སྐུལ་འདེད་གཏོང་དགོས་ཞེས་པ་བརྗོད་དོན་ཡིན་པའི་སྲིད་གླེང་རང་བཞིན་གྱི་རྒྱུན་ཨུའི་གྲོས་ཚོགས་འཚོགས། རང་ཞིང་གི་མཁར་གྲོང་རྙིང་པའི་སྡོད་ཁུལ་སྒྱུར་བཀོད་ལ་སྐུལ་འདེད་གཏོང་བ་དང་། རྩལ་ནུས་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། བྱིས་པའི་ཚན་ཁག་གི་སྨན་བཅོས་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་པ་སོགས་ཀྱི་ཐད་ཀྲུའུ་ཞིའི་དམངས་གཙོའི་ལྟ་སྐུལ་དང་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཆེད་དོན་དམངས་གཙོའི་ལྟ་སྐུལ་བྱེད་པའི་བྱ་བ་སྤེལ།རང་ཞིང་གི་ཞིང་སྡེའི་ངལ་རྩོལ་པ་ལྷག་མ་ས་གཞན་དུ་སོང་ནས་ལས་ཞུགས་བྱེད་པར་སྐུལ་འདེད་གཏོང་བ་དང་། བྱིས་པ་གསུམ་པ་བཙའ་ཆོག་པའི་སྲིད་ཇུས་དོན་འཁྱོལ་བྱེད་པ། མི་འབོར་གྲུབ་ཚུལ་ལེགས་བསྒྱུར་བྱེད་པར་དམིགས་ནས་དྲ་ཐོག་ནས་སྲིད་གླེང་རྒྱང་བསྟེན་གྲོས་མོལ་དང་ཟླ་ཟུང་གྲོས་མོལ་བཞུགས་མོལ་ཚོགས་འདུ་འཚོགས། ལས་ཞུགས་གནོན་ཤུགས་ཇེ་ཡང་དུ་གཏོང་བ་དང་། ཁྱིམ་ལས་ཞབས་ཞུའི་ལས་རིགས་ཀྱི་དོ་དམ་ཚད་ལྡན་དུ་གཏོང་བ། རྒན་པར་བདག་སྐྱོང་བྱེད་པར་མཐོང་ཆེན་བྱེད་པ། ཞིང་སྡེའི་སྨན་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ་སོགས་དམངས་འཚོའི་དཀའ་གནད་ལ་དམིགས་ནས་བརྟག་དཔྱད་ལྟ་ཞིབ་དང་ཁ་གཏད་གྲོས་མོལ་བྱས་པ་དང་གྲོས་གཞིར་སྐུལ་སྒྲུབ་བྱས།
        མང་ཚོགས་ཀྱི་དམངས་འཚོའི་སེམས་ཁུར་གལ་ཆེན་ལ་དམིགས་པ་གཏད་དེ།ཏང་གི་སྲིད་ཇུས་ཧུར་ཐག་གིས་དྲིལ་སྒྲོག་དང་། བསམ་འཆར་དང་གྲོས་གཞི་དངོས་བཏོན་ནས་བཅོས་བསྒྱུར་དང་། འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་གྲུབ་འབྲས་ཀྱིས་མི་དམངས་མང་ཚོགས་སྔར་ལས་མང་པོར་ཕན་པ་ཐོབ་པར་སྐུལ་འདེད་བཏང་། ཁྱོན་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་ནང་ཧུར་ཐག་གིས་ཞུགས་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ། རང་ཞིང་གི་གྲོང་ཁྱེར་ཁོངས་གཏོགས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བར་དམིགས་ནས་ཟླ་ཟུང་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཚོགས་པ་དང་།《མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག(འཆར་ཟིན)》དང་ 《མཚོ་སྔོན་ཞིང་ཆེན་གྱི་གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོབ་སྲོལ་ཡིག(འཆར་ཟིན)》དང་ 《མཚོ་སྔོན་ཞིང་ཆེན་གྱི་ཀྲུང་ལུགས་གསོ་རིག་སྨན་རྫས་སྲོལ་ཡིག(འཆར་ཟིན)》སོགས་ས་གནས་རང་བཞིན་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་11ལ་ཁྲིམས་འཛུགས་གྲོས་མོལ་བྱས།
        རྒྱལ་ཁབ་སྤྱི་གླིང་གི་བཅའ་ཁྲིམས་དང་ཁྲིམས་སྲོལ་འཛུགས་སྐྲུན་དང་། ཞིང་ཆེན་ཡོངས་ཀྱི་འཕྲལ་བསྟུན་བཀོད་འདོམས་ལྟེ་གནས་ཀྱི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་པ། རང་ཞིང་གི་མཁར་གྲོང་སྡོད་ཁུལ་བཅོས་སྐྱོང་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་རམ་འདེགས་བྱེད་པ་སོགས་ལ་དམིགས་ནས་བརྟག་དཔྱད་ལྟ་ཞིབ་དང་ཁ་གཏད་གྲོས་མོལ་བྱས་ཏེ། དམིགས་གཏད་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཅུང་ཆེ་བའི་བསམ་འཆར་དང་གྲོས་གཞི་བཏོན་ནས། ཁྱོན་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བར་ཡར་སྐུལ་བྱས། དུས་མཚུངས་སུ། རྒྱལ་ཡོངས་ཀྱི “ཚོགས་ཆེན་གཉིས”དང་ས་གནས་རང་བཞིན་གྱི་ས་ཁོངས་བཞིའི་གྲོས་མོལ་སྟེགས་བུ་གལ་ཆེན་ལ་བརྟེན་ནས་མཚོ་སྔོན་གསར་པ་འཛུགས་སྐྲུན་ཐད་བླངས་པའི་མངོན་གསལ་གྲུབ་འབྲས་དང་།འཕེལ་རྒྱས་བཟང་བའི་ལེགས་ཆ་དྲིལ་སྒྲོག་ཤུགས་ཆེན་བྱས་ནས། རྒྱལ་ཁབ་ཀྱི་སྲིད་ཇུས་གལ་ཆེན་གྱི་ལས་གཞིའི་རྒྱབ་སྐྱོར་ཐོབ་པར་ཧུར་ཐག་གིས་བརྩོན་ལེན་བྱས་པ་དང་། ལོ་དེའི་ནང་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པར་ནུབ་རྒྱུད་ཀྱི་འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར། ཆུས་བཅས་ཀྱི་སྲིད་གྲོས་ཀྲུའུ་ཞི་ཡིས་མཉམ་དུ་མིང་བཀོད་པའི་གྲོས་གཞི9དང་། ཨུ་ཡོན་གྱི་གྲོས་གཞི71དང་། ཚོགས་ཆེན་གྱི་གཏམ་བཤད10དང་། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་མཚོན་པའི་ཆ་འཕྲིན14བཅས་ཕུལ་བ་དང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུ་ཡིས་མཐོང་ཆེན་དང་དང་ལེན་བྱས་ནས་མཚོ་སྔོན་འདི་ཉིད་སྔར་ལས་ནུབ་རྒྱུད་གསར་སྤེལ་ཆེན་མོའི་ནང་འདྲེས་པ་དང་། “རྒྱུད་གཅིག་ལམ་གཅིག”དང་། འབྲི་ཆུའི་དཔལ་འབྱོར་རྒྱུད། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་རྒྱལ་ཁབ་ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས།
      (གསུམ།)ཐུན་མོང་ངོས་ཟིན་གཅིག་སྡུད་ཀྱི་འགན་ནུས་གལ་ཆེན་ལག་བསྟར་ནན་ཏན་སྒོས་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི་ཁྱད་སྟོབས་བསྟུད་མར་གྲུབ།བསམ་བློའི་ཆབ་སྲིད་ཀྱི་སྣེ་ཁྲིད་པ་དང་། འགན་འཁྲི་ལག་བསྟར་གྱི་ལྟེ་བའི་གནད་འགག་ཁོང་དུ་ཆུད་པར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཀྱི་དྲིལ་སྒྲོག་བསམ་བློ་བྱ་བའི་བཞུགས་མོལ་ཚོགས་འདུ་འཚོགས་ནས། དུས་རབས་གསར་བའི་མི་དམངས་སྲིད་གྲོས་ཀྱི་ཐུན་མོང་ངོས་ཟིན་གཅིག་སྡུད་བྱེད་པའི་ཐབས་ལམ་དང་དམིགས་འབེན་འགན་འཁྲི་སྔར་བས་གསལ་བོ་བྱས། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་སུ “མི་དམངས་སྲིད་གྲོས་ཀྱི་དགེ་མཚན་འདོན་སྤེལ་བྱས་ནས། རྒྱང་སྐྱོད་ཀྱི་ལམ་བུ་གསར་བ་གཏོད་ཆེད་སེམས་ཤུགས་གཅིག་ཏུ་སྒྲིལ”ཞེས་པའི་བརྗོད་དོན་ལག་ལེན་བྱ་འགུལ་སྤེལ་བ་དང་། ཐུན་མོང་ངོས་ཟིན་གཅིག་ཏུ་བསྡུ་བའི་བླང་བྱ་དེ་ཆེད་དོན་གལ་ཆེན་ཨུ་ཡོན་གྱིས་སྒྲོག་འགྲེལ་དང་། བརྟག་དཔྱད་གཟིགས་ཞིབ། གྲོས་མོལ་སྲིད་གླེང་། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ་སོགས་བྱེ་བྲག་གི་བྱ་བའི་ཁྲོད་ཁྱབ་པར་བྱས་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་ཡོང་བར་སྤྱི་ཚོགས་ཀྱི་རྣམ་པ་བཟང་བོ་བསྐྲུན་ཡོད། རྣམ་པ་གསར་བའི་སྲིད་ཏང་ལམ་ལུགས་ཀྱི་དགེ་མཚན་འདོན་པར་མཐོང་ཆེན་བྱས་ནས། དམངས་གཙོའི་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་མི་དམངས་སྲིད་གྲོས་ཀྱི་འགན་ནུས་སྒྲུབ་པ་དང་ནུས་པ་འདོན་སྤེལ་བྱས་པ་སྔར་ལས་མངོན་གསལ་ཡིན་ལ། ལོ་འདིའི་ནང་མཉམ་འབྲེལ་སྒོས་རྟོག་ཞིབ་ཐེངས14བྱས་པ་དང་། གྲོས་གཞི123དང་། གྲོས་ཚོགས་གཏམ་བཤད་ཡིག་ཆ54། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་མཚོན་པའི་ཆ་འཕྲིན94བཅས་གོང་རིམ་ལ་ཡར་ཞུ་ཕུལ་ཏེ། སྲིད་ཞུགས་སྲིད་གླེང་ཐད་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་མཉམ་ལས་མཉམ་སྒྲུབ་སྔར་བས་གཏིང་ཟབ་ཏུ་ཕྱིན།
        སྲིད་གྲོས་ཀྱི་མི་རིགས་ཆོས་ལུགས་བྱ་བར་མཐོང་ཆེན་དང་ཤུགས་བསྣན་ནས། ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་ཀྲུང་དབྱང་གི་མི་རིགས་བྱ་བའི་གྲོས་ཚོགས། རྒྱལ་ཡོངས་ཀྱི་ཆོས་ལུགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བཅས་ནན་ཏན་གྱིས་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་བརྗོད་དོན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ་དང་། ཞིང་ཆེན་ཡོངས་ཀྱི་མི་རིགས་ཆོས་ལུགས་ལས་རིགས་ཁག་གི་ཨུ་ཡོན་ལ་ཆེད་དོན་གསོ་སྦྱོང་བྱས་ནས། ལས་རིགས་ཁག་གི་མང་ཚོགས་ཀྱི་བསམ་བློའི་ཁྲིད་སྟོན་དང་། ཆོས་ལུགས་ཚོགས་རར་དོ་དམ་ནུས་ལྡན་བྱེད་པར་ཤུགས་བསྣན་ཏེ།མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་དང་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་སྲུང་སྐྱོང་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད།ཞང་ཀང་དང་ཨོ་མོན་གྱི་ཨུ་ཡོན་རྣམས་ཀྱིས“དགེ་མཚན་ཟུང་ལྡན”གྱི་ནུས་པ་འདོན་པར་རྒྱབ་སྐྱོར་བྱས་ཏེ།“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ལག་བསྟར་ནན་མོ་བྱས་པ་དང་། དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་སྐྱོང་བར་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱས་ཏེ། ཐོག་དང་པོར་བརྙན་རིས་ཀྱི་ལམ་ནས་ཏང་ལ་དགའ་ཞེན་ཆེ་བ་དང་། ཏང་ལ་དྲིན་ལན་འཇལ་བ། ཏང་ལ་སྲུང་སྐྱོང་བྱེད་པ་བཅས་བརྗོད་དོན་ཡིན་པའི་ཏང་བཙུགས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤྱི་ཚོགས་བཅོས་སྐྱོང་སོགས་འབྲེལ་ཡོད་ནང་དོན་ལ་དམིགས་ནས་བརྟག་དཔྱད་གཟིགས་ཞིབ། ཁ་གཏད་གྲོས་མོལ་བྱས་པས་ཞང་ཀང་དང་ཨོ་མོན་གྱི་ཨུ་ཡོན་བྱ་བར་སྔར་བས་ཤུགས་བསྣན།

(བཞི།)སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བའི་ལོ་གསུམ་བྱ་འགུལ་ལ་སྐུལ་འདེད་གཏིང་ཟབ་བཏང་བས་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་བྱ་བའི་སྤུས་ཚད་མངོན་གསལ་གྱིས་མཐོ་རུ་ཕྱིན།སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བ་དེ་སྲིད་གྲོས་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བའི་བྱེད་ཐབས་གལ་ཆེན་ཏུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བའི་ལོ་གསུམ་བྱ་འགུལ་གྱི་ལྟ་སྦྱོང་སྤྱི་སྡོམ་ཚོགས་འདུ་འཚོགས་ཏེ། སྲིད་གྲོས་བྱ་བ་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་།   
        གྲོས་མོལ་སྲིད་གླེང་སྔར་བས་ཚད་ལྡན་དུ་བཏང་ནས། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་འགན་ནུས་སྔར་བས་འདོན་སྤེལ་བྱེད་པར་དམིགས་ཏེ། ལམ་ལུགས་ཀྱི་འདེགས་སྐྱོར་དང་འགན་སྲུང་ཆེ་རུ་བཏང་ཞིང་། སྲིད་གྲོས་ཀྱི་གྲོས་མོལ་བྱ་བའི་སྒྲིག་སྲོལ་དང་།གྲོས་མོལ་སྲིད་གླེང་བྱ་འགུལ་གྱི་དོ་དམ་བྱེད་ཐབས། གྲོས་མོལ་གྲུབ་འབྲས་དངོས་སྒྱུར་དོན་འཁྱོལ་བྱེད་པའི་མཛུབ་སྟོན་བསམ་འཆར། ཨུ་ཡོན་གྱི་སློབ་སྦྱོང་དང་གསོ་སྦྱོང་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་བསམ་འཆར་སོགས་ལམ་ལུགས་དང་ཡིག་ཆ་རབ་དང་རིམ་པ་ཞིབ་འཇུག་བྱས་ནས་གཏན་ཁེལ་བྱས་པ་དང་། ལམ་ལུགས་ཀྱི་དགེ་མཚན་དང་སྦས་ཤུགས་རྒྱུན་མཐུད་ངང་ཆེར་བསྐྱེད་ནས། རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་ཀྱི་འཁོར་སྐྱོད་སྒྲིག་སྲོལ་སྔར་བས་གེགས་མེད་དང་། འགན་ནུས་འདོན་སྤེལ་སྔར་བས་མངོན་གསལ་དུ་གྱུར། ཆེད་དོན་ཨུ་ཡོན་ལྷན་ཁང་གི་འཛུགས་སྐྲུན་སྔར་ལས་གཏིང་ཟབ་ཏུ་སྤེལ་བ་དང་། སྲིད་གྲོས་བྱ་བའི་ཁྱོན་ཡོངས་ཁྲོད་ཆེད་དོན་ཨུ་ཡོན་ལྷན་ཁང་འཛུགས་སྐྲུན་ལ་ཇུས་འགོད་དང་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་གི་བྱ་བ་དང་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་ལག་བསྟར་བསམ་འཆར་གཏན་འབེབས་བྱས་ཏེ། ཆེད་དོན་ཨུ་ཡོན་ལྷན་ཁང་གིས་འགན་སྒྲུབ་གསར་གཏོད་ལ་སྐུལ་འདེད་ཧུར་ཐག་བྱེད་པར་རྒྱབ་སྐྱོར་དང་སྐུལ་མ་གནང་ཞིང་། ཆེད་དོན་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་དམངས་གཙོའི་ལྟ་སྐུལ་སྤེལ་བའི་ནུས་ལྡན་ནང་རྐྱེན་འཚོལ་ཞིབ་བྱས་ནས་འཛུགས་པ་དང་།ལས་རིགས་ཁག་གི་ཨུ་ཡོན་གྱི་གཞུང་སྒྲུབ་ཁང་གསར་འཛུགས་བྱས་ཏེ། ཨུ་ཡོན་རྣམས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཡོམ་འགོག་རྒུབ་སྐྱོབ་སོགས་མཁོ་བསྟུན་འཕྲལ་སྒྲུབ་དང་ཉེན་ཁ་ཆེ་བའི་བྱ་བར་ཞུགས་པར་སྐུལ་ཁྲིད་བྱས་ཏེ། ཏང་འཛུགས་སྐྲུན་གྱིས་སྣེ་ཁྲིད་དེ་འགན་འཁྲི་ལག་ཏུ་བསྟར་བར་སྐུལ་འདེད་དང་། གྲོས་མོལ་གྱི་འགན་འཁྲི་གཙོ་བོ་ལག་བསྟར་བྱེད་པ། ཨུ་ཡོན་གྱི་ཆབ་སྲིད་སྣེ་ཁྲིད་ལ་ཤུགས་སྣོན་པ།སྤྱི་ཚོགས་བཅོས་སྐྱོང་ལ་རམ་འདེགས་བྱེད་པ་སོགས་ཀྱི་ཕྱོགས་སུ་གྲུབ་འབྲས་གསར་བ་བླངས་ཡོད། 
       ཨུ་ཡོན་གྱིས་འགན་འཁྲི་སྒྲུབ་པར་སྔར་ལས་སྐུལ་འདེད་བཏང་ནས། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཨུ་ཡོན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཤིང་། ཨུ་ཡོན་གྱི་ཆབ་སྲིད་སྣེ་ཁྲིད་དང་སློབ་སྦྱོང་དང་གསོ་སྦྱོང་། བརྟག་དཔྱད་གཟིགས་ཞིབ། གྲོས་མོལ་ཐབས་འདོན་བཅས་ལ་ཤུགས་སྣོན་པའི་ནུས་ལྡན་སྟེགས་བུ་ཧུར་ཐག་གིས་བསྐྲུན་ཏེ། ཨུ་ཡོན་གྱིས་རང་ཉིད་ལ་སློབ་གསོ་གཏོང་བ་བརྗོད་དོན་ཡིན་པའི་ཐུན་མོང་གཟིགས་ཞིབ་ཐོག་མར་སྤེལ་ཏེ། ཐེངས4ཡི་མི་ཐེངས163ལ་ཆེད་དོན་གསོ་སྦྱོང་བྱས་ནས། གཅིག་ཅན་བཞིའི་བྱ་འགུལ་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་བ་དང་། འགན་སྒྲུབ་དཔྱད་ཞིབ་ཀྱི་དཔྱད་འཇོག་ལམ་ལུགས་ནན་ཏན་གྱིས་ལག་བསྟར་བྱས་པ། སྲིད་གྲོས་བྱ་བར་ཞུགས་པའི་ཨུ་ཡོན་གྱི་ཐོབ་སྣང་མངོན་གསལ་གྱིས་ཆེ་རུ་ཕྱིན་ཏེ། སྲིད་གྲོས་བྱ་བའི་ཁྲོད་ཀྱི་ནུས་པ་གཙོ་བོ་རྒྱུན་ཆད་མེད་པར་འབུར་དུ་ཐོན་པར་བྱས་ཡོད།
     རྒྱུན་ལྡན་རང་བཞིན་གྱི་བྱ་བ་སྔར་བས་ལེགས་སྒྱུར་བྱས་ཏེ། སྤུས་ཚད་དང་ཕན་འབྲས་ལ་སྔར་བས་མཐོང་ཆེན་བྱས་ལ། གྲོས་གཞི་བྱ་བ་ཚད་ལྡན་ཅན་དུ་གཏོང་བའི་ཆུ་ཚད་བརྟན་བརླིང་ངང་མཐོར་འདེགས་བཏང་། གཙོ་གནད་གྲོས་གཞིའི་སྐུལ་སྒྲུབ་གཏིང་ཟབ་ཏུ་བཏང་བ། མི་དམངས་སྲིད་གྲོས་ཀྱིས་གྲོས་གཞིར་བརྟེན་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཕན་འབྲས་མུ་མཐུད་དུ་མངོན་གསལ་ཡོང་བ་བྱས་ཤིང་། བསམ་བློའི་དྲིལ་སྒྲོག་བྱ་བས་སྲིད་གྲོས་ཀྱི་ལྟེ་བའི་བྱ་བ་དང་ཨུ་ཡོན་གྱི་འགན་སྒྲུབ་ལག་ལེན་ལ་དམིགས་ནས་མུ་མཐུད་དུ་ཤུགས་བཏོན་པ་དང་། ཐུན་མོང་གི་ངོས་ཟིན་གཅིག་བསྡུའི་ཕྱོགས་སུ་ནུས་པ་གལ་ཆེན་ཐོན་པར་བྱས་ཏེ།“མཚོ་སྔོན་ཞིང་ཆེན་གྱི་དབུལ་ཐར་འགག་སྒྲོལ་ཟིན་དེབ”སོགས་རིག་གནས་དང་ལོ་རྒྱུས་དཔྱད་གཞིའི་བསྡུ་སྒྲིག་བྱ་བ་བདེ་བླག་ཡིན་ལ། ལོ་རྒྱུས་ཉར་ཚགས་དང་། སྲིད་དོན་སྐྱོང་རོགས། མཐུན་སྒྲིལ། མི་སྐྱོང”བཅས་ཀྱི་ནུས་པ་འདོན་སྤེལ་བྱས་པ་མངོན་གསལ་ཡིན་པ་དང་། སྲིད་གྲོས་ཀྱི་ཆ་འཕྲིན་དང་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་ཞུ་བའི་བྱ་བ་མུ་མཐུད་ནས་ལེགས་སྒྱུར་དང་། གྲངས་འབོར་དང་སྤུས་ཚད་ཀྱི་ཐད་དུ་ཐོད་བརྒལ་གསར་བ་བྱུང་ནས། ཡིག་ཆ་སྤེལ་བ་དང་གྲོས་ཚོགས་སྒྲུབ་པ། གསང་བའི་ལྟ་ཞིབ། བདེ་འཇགས་སྲུང་སྐྱོབ་སོགས་ཡར་ཐོན་གསར་བ་བྱུང་ཡོད། གཞི་རིམ་ལ་མཛུབ་སྟོན་བྱེད་པར་སྔར་ལས་ཤུགས་བསྣན་ནས། ནན་ཏན་གྱིས་གཞི་རིམ་སྲིད་གྲོས་ཀྱི་འགན་ནུས་དངོས་ཐོག་ཏུ་འབེབ་པར་མཛུབ་སྟོན་བྱས་ཏེ། ཀྲུའུ་ཞིའི་གྲོས་ཚོགས་ཀྱི་ཁོངས་མིས་ཁ་གཏད་ཀྱི་འབྲེལ་འདྲིས་བརྒྱུད་གཞི་རིམ་གྱི་སྲིད་གྲོས་བྱ་བར་མཛུབ་སྟོན་བྱེད་པའི་ལམ་ལུགས་ནན་ཏན་གྱིས་དོན་འཁྱོལ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་གཞི་རིམ་གྱི་སྲིད་གྲོས་ཀྲུའུ་ཞིའི་གསོ་སྦྱོང་འཛིན་གྲྭ་དང་དྲུང་ཡིག་ཆེན་མོའི་བྱ་བ་སྤེལ་རེས་བཞུགས་མོལ་ཚོགས་འདུ། གྲོང་ཁྱེར་དང་རྫོང་སྲིད་གྲོས་ཀྱི་བྱ་བའི་མཉམ་ཤུགས་གྲུབ་པར་སྐུལ་འདེད་བྱས་ཏེ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སྔར་ལས་ལྷག་པའི་སྒོ་ནས་སྐུལ་འདེད་བྱས་པས་གྲུབ་འབྲས་མངོན་ལགས་བླངས། གཞི་རིམ་སྲིད་གྲོས་ཀྱི་ཏང་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པ། བསམ་བློའི་ཆབ་སྲིད་ཀྱི་ཁྲིད་སྟོན་ཏན་ཏིག་ནུས་ལྡན་ཡིན་པ། གྲོས་མོལ་སྲིད་གླེང་སྔར་བས་ཚད་ལྡན་དུ་གྱུར་བ། ལས་ཁུངས་འཛུགས་སྐྲུན་དང་ཨུ་ཡོན་བྱ་བ་སྐས་རིམ་གསར་བར་སླེབས་པ། ནང་སྒོས་སུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱིས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད། གཞི་རིམ་བྱ་བར་ཡུན་རིང་བཀག་རྒྱ་བཟོས་པའི་སྲིད་གྲོས་ཀྱི “གཉོམ་ས་གཉིས”ཀྱི་གནད་དོན་ནུས་ལྡན་སྒོས་ཐག་བཅད་ཅིང་།ལས་རིགས་ཁག་འཛུགས་པ་བསྟུད་མར་ལེགས་སྒྱུར་དང་། ཨུ་ཡོན་མི་གྲངས་མངོན་གསལ་གྱིས་མང་དུ་ཕྱིན་པ། བྱ་བའི་སྟོབས་ཤུགས་ཕུན་སུམ་ཚོགས་པ་བཅས་ཀྱིས་སྐབས་གསར་བའི་གཞི་རིམ་སྲིད་གྲོས་ཀྱིས་མགོ་ལེགས་པོ་རྩོམ་པ་དང་འགན་ལེགས་པོ་སྒྲུབ་པར་རྨང་གཞི་བརྟན་པོ་བཏིང་།
       དུས་མཚུངས་སུ། སྲིད་གྲོས་ཁོངས་གཏོགས་ཀྱི་ལས་གཞི་གལ་ཆེན་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ལས་བྱེད་རྒན་པའི་ཁུང་མེང་ཁམས་གསོའི་སྡོད་ཁུལ་ཆུང་བའི་ལས་གཞིའི་རྙོག་འཛིང་རང་བཞིན་དང་། དཀའ་ཚེགས་རང་བཞིན། ལྗིད་རྫོབ་རང་བཞིན་བཅས་ལ་ངོས་འཛིན་གཏིང་ཟབ་དང་། རྡོག་རྩ་གཅིག་སྒྲིལ། འགན་འཁྲི་འཁུར་བ།དཀའ་གནད་འགག་སྒྲོལ། བློ་བརྟན་འགྱུར་མེད་བཅས་ཀྱིས་ལས་གཞིའི་གནད་དོན་ཐག་གཅོད་པར་སྐུལ་འདེད་བཏང་ནས་དོན་དངོས་རང་བཞིན་གྱི་འཕེལ་རྒྱས་བྱུང་བ་དང་། འཛུགས་སྐྲུན་གཞི་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི100.75ཡོད་པའི་ཐོག་ཁང17ཅན་གྱི་འདུག་ཁང་ཁྱོན་ཡོངས་ནས་ཡོངས་འགྲུབ་བྱས་ཏེ་ཞིབ་བཤེར་ཚད་ལེན་བྱས་པ་དང་ཁྱིམ་ཚང1619ཡི་འདུག་ཁང་སྤྲད་ཟིན་པ་དང་། དྲ་ཐོག་ནས་ཐོ་འགོད་བྱས་པ་ཡོངས་འགྲུབ་བྱས། མིག་སྔར་ཧུར་བརྩོན་སྒོས་ཐོན་དབང་དཔང་ཡིག་སྒྲུབ་པའི་བྱ་བ་སྒྲུབ་སྒང་ཡིན་པས། རྒྱ་ཆེའི་ཁང་བདག་རྣམས་ཀྱི་རང་སྟེང་གི་ཁེ་ཕན་ལ་ནུས་ལྡན་སྒོས་སྲུང་སྐྱོང་བྱས་པ་དང་། ཡུན་ནན་དང་མཚོ་སྔོན་ས་ཁུལ་གཉིས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་འཆམ་མཐུན་བརྟན་འཇགས་ཁག་ཐེག་བྱས། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱི་ཆ་འཕྲིན་ཅན་འཛུགས་སྐྲུན་དང་རིག་གནས་ལོ་རྒྱུས་ཁང་གི་འཛུགས་སྐྲུན་འཕེལ་རིམ་བདེ་བླག་ཡིན་ལ། སྲིད་གྲོས་ཀྱི་འགན་སྒྲུབ་ཆ་རྐྱེན་བླ་ལྷག་ཏུ་ཇེ་ལེགས་སུ་བཏང་།

(ལྔ།)ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་གཙོ་གཞིའི་འགན་འཁྲི་མཐའ་གཅིག་ཏུ་འཁུར་ཏེ། ཏང་གི་སྲིད་གྲོས་བྱ་བའི་མགོ་ཁྲིད་ལ་བསྟུད་མར་ཤུགས་བསྣན།ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་སྣེ་ཁྲིད་པ་རྒྱུན་འཁྱོངས་བྱས་ཏེ། ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་དེ་སྲིད་གྲོས་ཏང་གི་འཛུགས་སྐྲུན་གྱི་ཕྱོགས་སོ་སོར་བསྟར་ལ་བརྒྱུས་པ་དང་། གཙོ་གནད་འཛིན་པ་དང་ཞན་ཆ་གསབ་པ། གཉོམ་ས་ཤུགས་ཆེར་གཏོང་བ་བཅས་བྱས་ནས་སྲིད་གྲོས་ཏང་གི་འཛུགས་སྐྲུན་གྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་ཞིང་། ཏང་འཛུགས་ཀྱིས་འགན་སྒྲུབ་ལ་སྣེ་ཁྲིད་པའི་བྱ་བའི་གནས་བབ་སྔར་ལས་སྲ་བརྟན་དུ་བཏང་། ཐོག་མཐའ་བར་གསུམ་དུ་ཏང་གི་མགོ་ཁྲིད་ཅེས་པའི་གཞི་རྩའི་ཆབ་སྲིད་ཀྱི་རྩ་དོན་འདི་ཉིད་བརྟན་སྲུང་བྱས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་ཡོངས་སྲིད་གྲོས། ཞིང་ཆེན་ཏང་ཨུ་བཅས་ཀྱི་སྲིད་གྲོས་བྱ་བའི་སྐོར་གྱི་བཀོད་སྒྲིག་བླང་བྱ་ལག་བསྟར་ནན་ཏན་བྱས་པ། དོན་དག་གལ་ཆེན་ཞིང་ཆེན་ཏང་ཨུ་ལ་དགོངས་སྐོར་ཞུ་བའི་ལམ་ལུགས་ལག་བསྟར་ནན་མོ་བྱས་པ་དང་། ཞིང་ཆེན་ཏང་ཨུའི་གོམ་སྟབས་དང་བསྟུན་ནས་འགན་སྒྲུབ་བྱ་བ་སོ་སོ་འཆར་འགོད་དང་སྐུལ་སྤེལ་བཅས་བྱས་ཏེ། མི་དམངས་སྲིད་གྲོས་ཀྱི “དོན་ཐོག་ཏུ་འཁྱོལ་བ་དང་། གོང་བུར་གཅིག་ཏུ་འགྲིལ་བ”ཡི་ཆབ་སྲིད་ཀྱི་འགན་འཁྲི་དངོས་གནས་ཕྲག་ཏུ་བླངས། སྲིད་གྲོས་ལས་ཁུངས་ཀྱི་འཛུགས་སྐྲུན་ལ་ཤུགས་བསྣན་ནས་ཕུགས་བསམ་གྱི་དད་མོས་དང་ཏང་ལ་བློ་དཀར་བའི་སློབ་གསོ་འབུར་དུ་ཐོན་པར་བྱེད་པ་དང་། ཏང་གི་འཛུགས་སྐྲུན་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན། འདུ་ཤེས་འཛིན་སྟངས་ཀྱི་བྱ་བའི་འགན་འཁྲི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་པ། ལས་ཁུངས་ཀྱི་ཏང་ཙུའུ་དང་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་ཡན་ལག་ཏང་ཙུའུ་ཟུང་འབྲེལ་སྒོས་འགན་སྒྲུབ་ལག་བསྟར་བྱས་པ་དང་། འཛུགས་སྐྲུན་གཉིས་དང་ཤུགས་སྣོན་གཉིས་གྲུབ་པ་དང་། ཏང་འཛུགས་གསར་བརྗེ་ཡིས་སྐྱེ་ཁམས་ལྗང་མདོག་ལ་སྐུལ་ཁྲིད་བྱས་པ། ཨུ་ཡོན་གྱིས་འགུལ་སྐྱོད་བྱེད་པ་སོགས་ཏང་གི་འཛུགས་སྐྲུན་གྱི་ཆས་རྟགས10གསར་སྐྲུན་བྱས་ནས། ཏང་གི་འཛུགས་སྐྲུན་དང་འགན་སྒྲུབ་ཟབ་འདྲེས་ཡོང་བར་སྐུལ་འདེད་ནུས་ལྡན་བྱས།
       སྤྱོད་ཚུལ་འཛུགས་སྐྲུན་ལ་མཐོང་ཆེན་བྱས་པ་དང་། ཀྲུང་དབྱང་གི་གཏན་འཁེལ་བརྒྱད་དང་དེའི་ལག་བསྟར་ཞིབ་ཕྲའི་དགོངས་དོན་ལག་བསྟར་ནན་མོ་བྱས་ལ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་རྒྱུན་མཐུད་དུ་བཅོས་སྐྱོང་བྱས་པ་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་གི་བརྟག་དཔྱད་གཟིགས་ཞིབ་བྱ་བར་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ཤིང་། བྱ་བའི་འགྲོས་རིམ་དང་ཕན་འབྲས་ཤེས་རྟོགས་ནན་མོ་བྱས་པ་དང་། གཞི་རིམ་གྱི་འགན་ཁུར་དངོས་གནས་ཇེ་ཡང་དུ་བཏང་ནས། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚོགས་པར་རྒྱབ་སྐྱོར་བྱས་ནས་ཞིང་ཆེན་སྲིད་གྲོས་ལས་ཁུངས་ལ་ཁྱོན་ཡོངས་ནས་སྐོར་ཞིབ་བྱས་པར་མ་ཟད་ཚུར་ལྡོག་གནད་དོན་གྱི་དག་ཐེར་བྱ་བ་ལེགས་འཛིན་བྱས་པ་དང་། ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་གནས་བབ་བཟང་བོ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས། སྲིད་གྲོས་ཀྱི་བྱ་བ་སོ་སོ་ལེགས་པོར་སྒྲུབ་པར་ཆབ་སྲིད་ཀྱི་ཁག་ཐེག་བརྟན་པོ་འདོན་སྤྲོད་བྱས།ཨུ་ཡོན་རྣམ་པ། 2021ལོར་ཞིང་ཆེན་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བ་སོ་སོར་གྲུབ་འབྲས་གསར་པ་བླངས་ཡོད། 

ལོ་ངོ་གཅིག་གི་རིང་དུ།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་སྔ་གཞུག་ཏུ་རང་ཞིང་གི་སྲིད་གྲོས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བའི་ལོ་གསུམ་འགུལ་སྐྱོད་དང་།“གཉོམ་ས་གཉིས”ཀྱི་གནད་དོན་ཐག་གཅོད་བྱས་པ། 2021ལོར་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་འགན་འཁྲི་ལག་བསྟར་བྱས་པའི་གནས་ཚུལ་སོགས་ཆེད་དོན་བྱ་བར་ཁས་ལེན་རང་བཞིན་གྱི་མཆན་བཀོད་མཛུབ་སྟོན་གནང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིན་ལི་དང་ལིས་པེན། སུའུ་ཧོས། ཧི་ཝེ། ཀའོ་ཡུན་ལུང་བཅས་ཀྱིས་འབྲེལ་ཡོད་འགན་སྒྲུབ་སྙན་ཞུ་བརྒྱད་ལ་མཆན་བཀོད་མཛུབ་སྟོན་གནང་བ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲེང་ཀྲང་ཞིན་ཁྲང་ཞིང་སོགས་མགོ་ཁྲིད་བློ་མཐུན་གྱིས་ཞིང་ཆེན་སྲིད་གྲོས་ཀྱིས་ཕུལ་བའི་འགན་སྒྲུབ་གྲུབ་འབྲས་གལ་ཆེན་ལ་མཆན་བཀོད་མཛུབ་སྟོན་ཐེངས་སོ་གསུམ་ལ་གནང་ནས། ས་གནས་བཅོས་སྐྱོང་མ་ལག་ཁྲོད་ཀྱི་མི་དམངས་སྲིད་གྲོས་ཀྱི་བྱེད་ནུས་གལ་ཆེན་མངོན་པར་མཚོན་ཡོད། གྲུབ་འབྲས་འདི་དག་བླངས་པ་ནི་རྒྱལ་ཡོངས་སྲིད་གྲོས་ཀྱི་ནུས་ལྡན་མཛུབ་སྟོན་དང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་བརྟན་པོ། ཞིང་ཆེན་དམངས་ཆེན་དང་ཞིང་ཆེན་སྲིད་གཞུང་། སྤྱི་ཚོགས་ལས་རིགས་སོ་སོའི་ཤུགས་ཆེན་པོའི་རྒྱབ་སྐྱོར།རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ཀྱི་ཁོངས་ཞུགས་ལས་ཁུངས་སོ་སོ།རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོ་བ་བཅས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་ཡིན། ངས་འདི་ནས་ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་ལྷན་རྒྱས་ཡོངས་ལ་བླ་ན་མེད་པའི་གོང་བཀུར་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན།

གྲུབ་འབྲས་ཁས་ལེན་བྱེད་པའི་ཞོར་དུ། ང་ཚོས་ཀྱང་བྱ་བའི་ཁྲོད་གནས་པའི་མི་འདང་ས་དང་གཉོམ་ས་གསལ་བོར་མཐོང་དགོས་ཏེ། གཙོ་བོ་ནི་བརྒྱུད་རིམ་ཧྲིལ་པོར་མི་དམངས་དམངས་གཙོའི་བླང་བྱ་གསར་བ་དང་མཐུན་པར་བྱས་ཏེ། མི་དམངས་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོའི་རྣམ་པ་དང་། ནང་དོན། ཐབས་ལམ། ལམ་ལུགས། ནང་རྐྱེན་བཅས་སྔར་ལས་གསར་སྐྲུན་དང་འཐུས་ཚང་དུ་གཏོང་དགོས། སྲིད་གྲོས་ལས་ཁུངས་ཀྱི་འབྲེལ་གཏུག་ཞབས་ཞུ་ཨུ་ཡོན་གྱི་འགན་སྒྲུབ་ནུས་པ་དང་ཆུ་ཚད་སྔར་ལས་མཐོ་རུ་གཏོང་དགོས་ལ། ལས་ཁུངས་ཀྱི་ལས་བྱེད་པའི་ཤེས་བྱའི་ཆུ་ཚད་དང་ཞིབ་འཇུག་ཁ་ཕྱོགས། གསར་འབྱེད་གསར་སྐྲུན་བཅས་ཀྱི་ནུས་པའི་སྤུས་ཚད་སྔར་བཞིན་སྐྱེད་སྲིང་བྱས་ནས་མཐོར་འདེགས་གཏོང་དགོས་པ། གཞི་རིམ་སྲིད་གྲོས་ཀྱི་གྲོས་མོལ་སྲིད་གླེང་བྱ་བར་སྔར་ལས་ཤུགས་སྣོན་པ་སོགས་གནད་དོན་འདི་དག་རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་ནན་ཏན་གྱིས་ཁྱད་གསོད་དང་ལེགས་སྒྱུར་བྱེད་དགོས།
      གཉིས། 2022ལོའི་བྱ་བའི་བཀོད་སྒྲིག
       2022ལོ་ནི་ལོ་ལྔའི་འཆར་འགོད་ཨང་བཅུ་བཞི་བའི་རྩ་གནད་ལག་ཏུ་བསྟར་བའི་གནད་འགག་གི་ལོ་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་བ་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བ་མི་འགྱངས་པར་འཚོགས་རྒྱུ་ཡིན་པས། མི་དམངས་སྲིད་གྲོས་ཀྱི་བྱ་བ་ལེགས་པོར་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན།ཞིང་ཆེན་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཏེ། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་བརྟན་པོའི་འོག ཀྲུང་གུང་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱས་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་པ་ལག་བསྟར་ནན་ཏན་བྱས་ཏེ། ། རླབས་ཆེ་བའི་ཏང་འཛུགས་སྙིང་སྟོབས་དར་སྤེལ་གཏོང་དགོས། ། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྐང་འཛུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་་རྒྱས་ཀྱི་ཆགས་སྟངས་གསར་པ་འཛུགས་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱིས།ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་བཀོད་སྒྲིག་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་་ དགོས། ། མཐུན་སྒྲིལ་དང་དམངས་གཙོ་ཞེས་པའི་བརྗོད་དོན་འདི་གཉིས་འབུར་དུ་ཐོན་པར་བྱེད་པ་དང་། བརྒྱུད་རིམ་ཧྲིལ་བོར་ མི་དམངས་དམངས་གཙོ་ལག་ལེན་བསྟར་བ། ། ཞིང་ཆེན་ཡོངས་་ཀྱི་བྱ་བའི་སྤྱི་ཡོངས་ལ་དམིགས་ནས་ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ།སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་སྒྲུབ་པ་དང་། ཐུན་མོང་གི་ངོས་ཟིན་སྔར་ལས་གཅིག་ཏུ་བསྡུ་་བ། “ དམིགས་བསལ་གཅིག་དང་མཐོ་བ་གཉིས” ཀྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི “ གནས་བཞི” འཛུགས་སྐྲུན་ལ་སྐུལ་སྤེལ་ཇེ་མགྱོགས་སུ་གཏོང་བ། ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པར་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་བ་བཅས་བྱས་ཏེ། གྲུབ་འབྲས་ཕུལ་བྱུང་བླངས་ནས་ཀྲུང་གུང་ཚོགས་ཆེན་ཐེངས་ཉི་ཤུ་་བ་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་དགོས། །

( གཅིག ) ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་དྲག་ཆས སྤྲ་བ་དངོས་གནས་དམ་འཛིན་བྱེད་དགོས།
      ཐོག་མཐའ་བར་གསུམ་དུ་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པ་དེ་གོ་གནས་ཨང་དང་པོར་བཞག་སྟེ། རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ཀྱི་ཚོགས་ཞུགས་ལས་ཁུངས་སོ་སོ། དེ་མིན་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་རྩ་འཛུགས་དང་ཁྲིད་སྟོན་བྱས་ནས། ཀྲུང་གུང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ནན་ཏན་དང་ལག་ལེན་དོན་འཁྱོལ་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་དང་རྩ་བའི་རང་བཞིན་གྱི་བླང་བྱར་གོ་བ་ཟབ་མོ་བླངས་ནས། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་། ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་མཐོ་རུ་གཏོང་གང་ཐུབ་བྱེད་དགོས་ལ།“འདུ་ཤེས་བཞི”དངོས་གནས་ཇེ་དྲག་དང“རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཏེ། རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་དད་པ་བརྟན་པོ་ཡོད་མཁན་དང་ལག་བསྟར་རྣམ་དག་བྱེད་མཁན་ཞིག་བྱེད་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་རྒྱལ་ཁའི་ཉམས་མྱོང་ནན་ཏན་གྱིས་སྤྱི་སྡོམ་བྱས་པ་དང་། རྒྱུན་རྣམ་ཅན་དང་། ཡུན་ཕན་ཅན་གྱི་ལམ་ལུགས་ནང་རྐྱེན་བཙུགས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འབྲས་བུ་སྲ་བརྟན་དུ་གཏོང་བ་དང་རྒྱ་སྐྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གསར་ཤོས་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་དུས་ཐོག་ཏུ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་ཀྲུང་དབྱང་གི་ཞིང་སྡེ་བྱ་བའི་གྲོས་ཚོགས། དེ་མིན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་བཅས་སློབ་སྦྱོང་ནན་ཏན་དང་ལག་ལེན་མཐར་ཕྱིན་བྱེད་པ། འཕེལ་ཕྱོགས་ཆེན་པོ་དང་འགན་ནུས་སྒྲུབ་པའི་ཁ་ཕྱོགས་ཁོང་དུ་ཆུད་པར་བྱེད་པ་བཅས་ཀྱིས་མི་དམངས་སྲིད་གྲོས་ཀྱིས་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་བྱ་བའི་རྩ་དོན་སྔར་ལས་ལེགས་པར་མཚོན་དགོས། ཉིན་རྒྱུན་གྱི་ཆེད་དོན་སློབ་སྦྱོང་སློབ་གསོ་ལེགས་འཛིན་དང་། “གཙོ་འཛིན་གྱི་དགོངས་པ་སློབ་སྦྱོང་བྱས་ནས། འགན་འཁྲི་ཨུ་ཡོན་དུ་འགྱུར་བ་བརྩོན་ལེན་བྱེད”ཅེས་པའི་བརྗོད་དོན་ལག་བསྟར་བྱ་འགུལ་ཟབ་སྤེལ་བྱེད་པ། ཨུ་ཡོན་གྱི་དཔེ་ཀློག་བྱ་འགུལ་ཏན་ཏིག་གིས་སྤེལ་བ་དང་། ཨུ་ཡོན་གྱིས་རང་འགན་འཁྲི་སྒྲུབ་བྱེད་པའི་ནང་གནས་སྒུལ་ཤུགས་རྒྱུན་མཐུད་ངང་སྐུལ་སྤེལ་བཅས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཧུར་བརྩོན་ཅན་གྱི་ཉམས་འགྱུར་བཟུང་ནས་དུས་རབས་གསར་བའི་རྒྱང་སྐྱོད་གསར་པར་ཞུགས་དགོས།
     (གཉིས།) ཐོག་མཐའ་བར་གསུམ་དུ་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་སྤྱི་ཡོངས་ལ་དམིགས་ནས་སྲིད་དོན་གྲོས་བསྡུར་བྱེད་དགོས། 
       རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་རྒྱ་ཁྱབ་ཏུ་བསམ་འཆར་བསྡུ་ལེན་བྱས་པ། གྲོས་མོལ་གྲོས་བསྡུར་གང་ལེགས་བྱས་པའི་རྨང་གཞིའི་སྟེང་ཞིང་ཆེན་སྲིད་གྲོས་ཀྱི2022ལོའི་གྲོས་མོལ་འཆར་གཞི་བཟོས་ཏེ། བསྡོམས་པས་གྲོས་མོལ་བྱ་འགུལ་ཐེངས40སྤེལ་བ་དང་དེའི་ནང“མཚོ་སྔོན་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་མདུན་གྲལ་དུ་སྐྱོད་པའི་ཐབས་ལམ་དང་ཐབས་ཇུས། ” “རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་བསྐྲུན་ནས།ཐཱན་རྩེར་སོན་དང་ཐཱན་སྙོམས་འཛིན་གྱི་དམིགས་འབེན་མངོན་འགྱུར་ལ་རོགས་འདེགས་བྱེད་པ”ཞེས་པར་དམིགས་ནས་ཆེད་དོན་སྲིད་གླེང་རང་བཞིན་གྱི་རྒྱུན་ཨུའི་གྲོས་ཚོགས་ཐེངས2ལ་འཚོགས་པ་དང་།“སྐྱེ་ཁམས་བདག་སྐྱོང་གི་ལས་གནས་སྣ་ཚོགས་གཅིག་གྱུར་འཆར་འགོད་དང་སྡེབ་སྒྲིག་བྱས་ནས། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་། བྱེ་མ་འཁྱགས་ཀླུང་བཅས་གཞི་གཅིག་ཅན་དུ་དོ་དམ་བྱེད་པ། ”“རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་ས་བསྐྲུན་ནས། རབ་མཛེས་མཚོ་སྔོན་གྱི་ཆས་རྟགས་རིན་ཐང་དང་ཤུགས་རྐྱེན་མཐོར་འདེགས་གཏོང་བ” “རང་ཞིང་གི་ཞིང་ཕྱུགས་ཐོན་རྫས་ཚད་ལྡན་ཅན་དུ་ཐོན་སྐྱེད་བྱེད་པའི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བྱེད་པ”“རང་ཞིང་གི་ཞང་དང་གྲོང་རྡལ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས། ཞང་དང་གྲོང་རྡལ་གྱི་སྤྱི་པའི་ཞབས་ཞུའི་ནུས་པ་མཐོར་འདེགས་གཏོང་བ། ” “《ལོ་ན་མ་སོན་པའི་མི་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས》ལག་ལེན་མཐར་ཕྱིན་བྱས་ནས། ལོ་ན་མ་སོན་པའི་མི་རྣམས་བདེ་ཐང་ངང་འཚར་ལོངས་འབྱུང་བར་བདག་སྲུང་བྱེད་པ”བཅས་ལ་དམིགས་ནས་ཟླ་ཟུང་གྲོས་མོལ་གྱི་བཞུགས་མོལ་ཚོགས་འདུ་ཐེངས5འཚོགས།“རྨ་ཆུའི་འབབ་རྒྱུད་ཀྱི་མཚོ་སྔོན་རྒྱུད་ཀྱི་སྲུང་སྐྱོང་དང་བཅོས་སྐྱོང་”“འབྲུ་རིགས་གསོག་འཇོག་དང་མྱུར་བསྟུན་འགན་སྲུང་མ་ལག་འཛུགས་པ་འཐུས་ཚང་དུ་གཏོང་བ”ཞེས་པར་དམིགས་ནས་ཀྲུའུ་ཞིའི་དམངས་གཙོའི་ལྟ་སྐུལ་ཐེངས2ལ་རྩ་འཛུགས་བྱས།“སྐྱེ་ཁམས་ཡུལ་སྐོར་ལམ་ཐིག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ”དང“མཚོ་སྔོན་བོད་བརྒྱུད་ནང་བསྟན་གྱི་གཞི་རིམ་བཅོས་སྐྱོང་གི་ཉམས་མྱོང་དང་ཐབས་ཇུས”ལ་དམིགས་ནས་རིམ་པ་བཞིའི་སྲིད་གྲོས་ཨུ་ཡོན་རྩ་འཛུགས་བྱས་ནས་ལྟ་སྐུལ་རང་བཞིན་གྱི་མཉམ་འབྲེལ་གཟིགས་ཞིབ་ཐེངས2ལ་སྤེལ།
      “ཚྭ་མཚོའི་བཟོ་ལས་ཚན་རྩལ་ཞིབ་འཇུག་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་ནས། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་བསྐྲུན་པར་རོགས་སྐྱོར་བྱེད་པ”དང་།“རང་ཞིང་གི་སྨན་བཅོས་འགན་སྲུང་ལམ་ལུགས་ཀྱི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ”“ཀུན་ཕན་རང་བཞིན་གྱི་བཅོལ་གསོ་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ”ཞེས་པར་དམིགས་ནས་ལས་རིགས་ཁག་མཉམ་འབྲེལ་གྱིས་བརྟག་དཔྱད་གྲོས་མོལ་ཐེངས3ལ་སྤེལ་ཞིང་། ད་དུང་ཆེད་དོན་ཨུ་ཡོན་ལྷན་ཁང་གི་དམངས་གཙོའི་ལྟ་སྐུལ་ཐེངས2 དང་། ཁ་གཏད་གྲོས་མོལ་ཐེངས5། ཁྲིམས་འཛུགས་གྲོས་མོལ་ཐེངས4། གཙོ་གནད་གྲོས་གཞི་སྐུལ་སྒྲུབ་བྱེད་པའི་གྲོས་མོལ་ཐེངས15བཅས་སྤེལ་ཏེ། རྒྱུན་ལྡན་གྱི་བརྟག་ཞིབ་གྲོས་མོལ་གཏིང་ཟབ་དུ་སྤེལ་བར་མ་ཟད། དམངས་གཙོའི་ལྟ་སྐུལ་གྱི་སྡུད་ཚད་ཀྱང་ཇེ་མང་དུ་བཏང་བས། མཚོ་སྔོན་གྱི “ལོ་ལྔའི་འཆར་འགོད་བཅུ་བཞི་བའི”འཆར་འགོད་རྩ་གནད་ཀྱི་དགོངས་དོན་དང་ཞིང་ཆེན་ཡོངས་ཀྱི་ལོ་འཁོར་མོའི་གཙོ་གནད་བྱ་བའི་བླང་བྱ་ཅུང་ལེགས་པར་མཚོན་ཞིང་། སྲིད་གྲོས་འགན་སྒྲུབ་ཀྱི་བླང་བྱ་གསར་པ་དང་མཐུན་ལ། དམིགས་སའི་རང་བཞིན་དང་རྒྱང་ལྟའི་རང་བཞིན་ཆེན་པོ་ལྡན་པ་རེད། ང་ཚོས་གྲོས་མོལ་སྲིད་གླེང་གི་བྱ་འགུལ་སྣ་ཚོགས་གཅིག་གྱུར་གྱིས་བཀོད་སྒྲིག་ལེགས་པོ་བྱེད་པ་དང་། གྲོས་མོལ་སྲིད་གླེང་ཞེས་པའི་ཁྲིད་གཞི་འདིའི་གོ་དོན་དང་བླང་བྱ་རེ་རེ་ཡང་དག་པར་ཁོང་དུ་ཆུད་པ། གནད་དོན་གྱི་ཁྲིད་ཕྱོགས་དང་སྤུས་ཚད་ཀྱི་བླང་བྱ་འབུར་དུ་ཐོན་པར་བྱེད་པ། སྲིད་དོན་ཇུས་འབུལ་དང་ཐུན་མོང་གི་ངོས་འཛིན་གཅིག་མཐུན་ཡོང་བའི་ཕན་འབྲས་དངོས་མུ་མཐུད་དུ་ཤུགས་ཆེར་གཏོང་བ་བཅས་བྱས་ཏེ། གྲོས་མོལ་ཐེངས་གཅིག་བྱས་ན་ཁྱབ་ཁོངས་གཅིག་གི་གཙོ་གནད་ལས་དོན་ལ་སྐུལ་འདེད་གཏོང་ཐུབ་པའི་དམིགས་འབེན་གང་ནུས་ཀྱིས་འགྲུབ་དགོས།
    (གསུམ།) ཐུན་མོང་གི་ངོས་འཛིན་ཇེ་ཟབ་དང་མཐུན་སྒྲིལ་ལ་སྐུལ་མ་གཏོང་བའི་བྱ་བ་ནན་ཏན་གྱིས་ལེགས་པོར་སྒྲུབ་དགོས།
       ཐོག་མཐའ་བར་གསུམ་དུ་བསམ་བློའི་ཆབ་སྲིད་ཀྱིས་སྣེ་ཁྲིད་པར་ཤུགས་སྣོན་པ་དང་། ཐུན་མོང་གི་ངོས་ཟིན་རྒྱ་ཁྱབ་ཀྱིས་གཅིག་ཏུ་བསྡུ་བའི་འགན་སྒྲུབ་ཀྱི་གནད་འདི་རྒྱུན་འཁྱོངས་བྱས་པ་དང་། སྲིད་གྲོས་ཨུ་ཡོན་གྱི་འབྲེལ་གཏུག་བྱེད་ཡུལ་རྒྱ་ཆེ་བའི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ནས། མི་རིགས་སོ་སོ་དང་ལས་རིགས་སོ་སོའི་མང་ཚོགས་ལ་ཁ་ཕྱོགས་ནས་ཀྲུང་གུང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་སློབ་སྦྱོང་དང་དྲིལ་སྒྲོག་གང་ལེགས་བྱས་ཐོག མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་དྲང་ནུས་ཆེན་པོ་རྒྱུན་ཆད་མེད་པར་གཅིག་ཏུ་བསྡུ་དགོས། རྣམ་པ་གསར་པའི་སྲིད་ཏང་ལམ་ལུགས་རྒྱུན་འཁྱོངས་བྱས་ཏེ། མུ་མཐུད་དུ་རིགས་ལམ་གསར་གཏོད་དང་ནང་རྐྱེན་འཐུས་ཚང་དུ་གཏོང་བ། སྟེགས་བུ་སྐྲུན་པ་བཅས་བྱས་ནས།དམངས་གཙོའི་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། མི་དམངས་ཚོགས་པ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་དང་རྒྱུན་མི་ཆད་པར་མཉམ་ལས་མཉམ་སྒྲུབ་གཏིང་ཟབ་བྱེད་དགོས། མི་རིགས་ཆོས་ལུགས་ལས་རིགས་ཁག་གི་ཨུ་ཡོན་གྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་དང་། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དྲིལ་སྒྲོག་རྒྱ་ཆེར་བྱེད་པ། མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་བཅས་ལ་མཐོང་ཆེན་བྱེད་ཅིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་གཙོ་བོར་བཟུང་ནས་འབྲེལ་གཏུག་བྱེད་པའི་ལས་རིགས་ཁག་གི་མང་ཚོགས་ལ་སློབ་གསོ་དང་ཁྲིད་སྟོན་བྱེད་པར་ཤུགས་བསྣན་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་གསར་འཛུགས་བྱ་བར་ཁྱོན་ཡོངས་ནས་རོགས་སྐུལ་བྱེད་དགོས། སྲིད་གྲོས་ཀྱི་སྟེགས་བུར་བརྟེན་ནས་ཏང་ཕྱིའི་ཤེས་ལྡན་མི་སྣ་དང་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ། སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣ་བཅས་ལ་འབྲེལ་གཏུག་བྱས་ནས། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་ཡར་ཞུ་བྱེད་པ་དང་།ལས་སྐྲུན་གསར་གཏོད་བྱ་བར་རོགས་སྐུལ་བྱེད་པའི་བྱ་བ་ལེགས་པོར་སྒྲུབ་དགོས། ཞང་ཀང་དང་ཨའོ་མོན་གྱི་ཨུ་ཡོན་བྱ་བར་མཐོང་ཆེན་བྱེད་པ་དང་། ཨུ་ཡོན་གྱི་སྣེ་ཁྲིད་དེ་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་དང་སྲིད་འཛིན་དཔོན་གྱིས་ཁྲིམས་ལྟར་སྲིད་སྐྱོང་བར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་ནས། མཚོ་སྔོན་གསར་པ་བསྐྲུན་པར་ཧུར་ཐག་གིས་ཐབས་འདོན་ཇུས་འབུལ་བྱེད་དགོས།

( བཞི། ) སྲིད་གྲོས་ཀྱི་བྱ་བ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་བར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས། །
       འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོས་བཏོན་པའི་བླང་བྱ་གསར་པ་ལྟར། སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོ་ལག་ལེན་ཟབ་སྤེལ་དང་འཚོལ་ཞིབ་བྱས་ཏེ། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ལམ་ལུགས་ཀྱི་ཕན་ནུས་ཧུར་ཐག་གིས་མཐོར་འདེགས་བཏང་སྟེ། ས་གནས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྔར་ལས་བཟང་བའི་སྒོ་ནས་ཞབས་འདེགས་ཞུ་དགོས། ལམ་ལུགས་དང་ལམ་སྲོལ་འཛུགས་སྐྲུན་འགན་སྲུང་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། སྲིད་གྲོས་ཁོངས་གཏོགས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བའི་ལོ་གསུམ་འགུལ་སྐྱོད་ལས་བླངས་པའི་གྲུབ་འབྲས་བཟང་པོ་སྲ་བརྟན་དང་མཐོར་འདེགས་གཏོང་དགོས། ཆེད་དོན་ཨུ་ཡོན་ལྷན་ཁང་གི་རྨང་གཞིའི་རང་བཞིན་གྱི་ནུས་པ་དང་ཨུ་ཡོན་གྱི་གཙོ་གཞིའི་ནུས་པ། ལས་ཁུངས་ཀྱི་ཞབས་ཞུའི་འགན་སྲུང་ནུས་པ་བཅས་འདོན་སྤེལ་གང་ལེགས་བྱས་ཏེ། གྲོས་མོལ་གཙོ་བོར་འཛིན་པའི་འགན་སྒྲུབ་བྱ་བ་སྣ་ཚོགས་གཅིག་གྱུར་འཆར་འགོད་ཀྱིས་ལེགས་པོར་འཛིན་དགོས། སྤུས་ཚད་དང་བླང་བྱ་འབུར་དུ་ཐོན་པར་བྱས་ཏེ། གྲོས་གཞི་དང་གསར་འགྱུར་དྲིལ་སྒྲོག རིག་གནས་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་མཚོན་པའི་ཆ་འཕྲིན། ཡིག་ཆ་སྤེལ་བ་དང་གྲོས་ཚོགས་སྒྲུབ་པ་སོགས་རྨང་གཞིའི་བྱ་བ་ནན་ཏན་གྱིས་ལེགས་པར་བསྒྲུབས་ཏེ།ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཆ་འཕྲིན་ཅན་དུ་འགྱུར་བའི་འཛུགས་སྐྲུན་དང་ཞིང་ཆེན་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་ཁང་འཛུགས་པའི་བྱ་བར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་དགོས། གཞི་རིམ་ལ་མཛུབ་སྟོན་བྱེད་པའི་སྲིད་གྲོས་བྱ་བའི་འགན་འཁྲི་ལག་བསྟར་ནན་ཏན་བྱེད་པ་དང་། ཀྲུང་གུང་ཀྲུང་དབྱང་གིས་ཉེ་ལམ་དཔར་འགྲེམ་བྱས་པའི 《དུས་རབས་གསར་པའི་གྲོང་ཁྱེར་དང་རྫོང་གི་སྲིད་གྲོས་བྱ་བར་ཤུགས་སྣོན་པ་དང་ལེགས་བཅོས་བྱེད་པའི་སྐོར་གྱི་བསམ་འཆར》ལག་བསྟར་ཟབ་མོ་བྱེད་པ། དུས་དང་བསྟུན་ནས་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་བྱ་བའི་ཉམས་མྱོང་སྤེལ་རེས་ཚོགས་འདུ་བསྡུས་ཏེ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་ཕན་འབྲས་དངོས་སྤྱི་བསྡོམས་ནན་ཏན་བྱས་ནས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། “གཉོམ་ས་གཉིས”ཀྱི་གནད་དོན་ཐག་གཅོད་པར་མུ་མཐུད་དུ་སྐུལ་འདེད་གཏོང་བ། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་འགན་ནུས་ཤུགས་ཆེར་གཏོང་བ་བཅས་ཀྱིས་དུས་རབས་གསར་པ་དང་བླང་བྱ་གསར་པར་སྔར་ལས་འཚམ་པོ་ཡོང་བར་བྱེད་དགོས།

(ལྔ།) ཏང་གིསསྲིད་གྲོས་བྱ་བར་ཕྱོགས་ཡོངས་ནས་མགོ་ཁྲིད་པར་ཤུགས་སྣོན་དགོས། 
        ཐོག་མཐའ་བར་གསུམ་དུ་ཏང་གིས་མགོ་ཁྲིད་པ་དེ་སྲིད་གྲོས་བྱ་བའི་ཕྱོགས་སོ་སོའི་བརྒྱུད་རིམ་ཡོངས་སུ་བསྟར་ལ་བརྒྱུས་པ་དང་། ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས། དེ་མིན་རྒྱལ་ཡོངས་སྲིད་གྲོས་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དང་བླང་བྱ་སྣ་ཚོགས་ལག་བསྟར་ཟབ་མོ་བྱེད་པ་དང་། དོན་དག་གལ་ཆེན་དགོངས་སྐོར་ཞུ་བའི་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ། སྲིད་གྲོས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་འོག་རང་འགུལ་གྱིས་འགན་འཁུར་བ་དང་།མཐུན་སྦྱོར་གཅིག་གྱུར་གྱིས་བྱ་བ་སྤེལ་བར་ཁག་ཐེག་བྱེད་དགོས། ཏང་གི་ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་ལམ་སྲོལ་གཟབ་ནན་ཡོང་བ་དང་། རང་རྟོགས་སྒོས་ཏང་ནང་གི་ཆབ་སྲིད་འཚོ་བའི་རྩ་འཛིན་ལག་བསྟར་བྱེད་པ། དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ། སྲིད་གྲོས་ཏང་གི་འཛུགས་སྐྲུན་དང་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲ་བ། གྲོས་མོལ་སྲིད་གླེང་། དཔུང་སྡེ་འཛུགས་སྐྲུན་སོགས་བྱ་བ་གལ་ཆེན་ལ་ཏང་ཙུའུ་ཐུན་མོང་གིས་ཞིབ་འཇུག་བྱས་ནས་ཐག་གཅོད་པ་རྒྱུན་འཁྱོངས་བཅས་བྱས་ཏེ། སྲིད་གྲོས་ཏང་ཙུའུ་ཡིས་ཁ་ཕྱོགས་འཛིན་པ་དང་། སྤྱི་ཡོངས་ལ་དོ་དམ་བྱེད་པ། དོན་འཁྱོལ་ཐུབ་པར་ཁག་ཐེག་བྱེད་པ་བཅས་ཀྱི་ནུས་པ་གལ་ཆེན་དངོས་གནས་འདོན་སྤེལ་གང་ལེགས་བྱེད་དགོས། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་ནན་ཏན་གྱིས་དོན་འཁྱོལ་བྱེད་པ་དང་། ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བའི་གཙོ་གཞིའི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ།ཏང་གི་ཆབ་སྲིད་འཛུགས་སྐྲུན་སྤྱི་འདོམས་སུ་འཛིན་པའི་སྲིད་གྲོས་ཏང་འཛུགས་སྐྲུན་གྱི་བྱ་བ་སོ་སོ་ཏན་ཏིག་ངང་ལེགས་པོར་སྒྲུབ་པ་བཅས་བྱས་ཏེ། དུས་དང་བསྟུན་ནས་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱི་ཏང་འཛུགས་སྐྲུན་བྱ་བའི་སྐུལ་སྤེལ་ཚོགས་འདུ་འཚོགས་ཏེ། ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བ་དང་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བར་ཤུགས་ཆེན་པོས་སྐུལ་འདེད་གཏོང་དགོས། ལས་ཁུངས་ཏང་ཙུའུ་དང་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཡན་ལག་ཏང་ཙུའུ་དང་ལས་ཁུངས་ཀྱི་ཏང་ཀྲི་པུའུ་བཅས་འཛུགས་སྐྲུན་བྱེད་པར་རྒྱུན་མཐུད་དུ་ཤུགས་སྣོན་པ་དང་། ཏང་འཛུགས་དང་ཏང་སྲོལ་སྲིད་གཙང་། འདུ་ཤེས་འཛིན་སྟངས་བཅས་ཀྱི་འགན་འཁྲི་ལམ་ལུགས་ཁྱོན་ཡོངས་ནས་དངོས་འབེབས་བྱེད་པ། སྲིད་གྲོས་ལས་ཁུངས་ཀྱི “ཏང་འཛུགས་སྐྲུན+འགན་སྒྲུབ ”ཀྱི་མིང་རྟགས་གསར་སྐྲུན་བྱེད་པ། དཔེ་སྟོན་ལས་ཁུངས་གསར་འཛུགས་ལ་སྐུལ་འདེད་ཧུར་ཐག་བྱེད་པ་བཅས་ཀྱིས། སྲིད་གྲོས་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྲུན་སྤུས་ཚད་དང་ཆུ་ཚད་མཐོར་འདེགས་གང་ནུས་གཏོང་དགོས།
        ཀྲུང་དབྱང་གི་གཏན་འཁེལ་བརྒྱད་དང་དེའི་ལག་བསྟར་ཞིབ་ཕྲའི་དགོངས་དོན་ནན་ཏན་གྱིས་དངོས་འབེབས་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་རྒྱུན་མཐུད་དུ་བཅོས་སྐྱོང་བྱེད་པ། ཞིང་ཆེན་ཏང་ཨུས་སྐོར་གཟིགས་ཚུར་ལྡོག་བྱས་པའི་གནད་དོན་དག་ཐེར་བཅོས་སྐྱོང་དང་དོན་འཁྱོལ་ནན་འཛིན་བྱེད་པ་དང་།ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པའི་སློབ་གསོའི་དོ་དམ་ལ་ཤུགས་སྣོན་པ་དང་། ལམ་ལུགས་དང་སྒྲིག་ལམ་གྱིས་གཅུན་འདོམས་ནན་མོ་བྱེད་པ། སྔ་མོ་ནས་འཛིན་པ་དང་ཆུང་དུས་ནས་འཛིན་པ། གནད་དོན་ཤེས་མ་ཐག་ནས་འཛིན་པ་བཅས་གཙིགས་སུ་བཟུང་ནས། གཟབ་ནན་ཡིན་པའི་བྱེད་ཕྱོགས་གཙོ་བོ་ཡུན་རིང་བོར་བརྟན་པོ་ཡོང་བ་རྒྱུན་འཁྱོངས་བྱས་ནས། ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བའི་སྣེ་ཁྲིད་འགན་སྲུང་གི་ནུས་པ་དངོས་གནས་འདོན་སྤེལ་གང་ལེགས་བྱེད་དགོས།ཨུ་ཡོན་རྣམ་པ། རྒྱང་སྐྱོད་གསར་པས་མི་རྣམས་མདུན་དུ་སྐུལ་ཞིང་། ལས་འགན་གསར་པར་སྔར་ལས་ཐེག་ཁུར་ཡོད་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་པོ་དང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་བརྟན་པོའི་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ལོ་རྒྱུས་མེ་ལོང་དུ་བཟུང་ནས་མ་འོངས་གསར་གཏོད་ཀྱི་བླང་བྱ་གལ་ཆེན་ཡིད་ལ་བརྟན་པོར་བཅངས་ནས། སེམས་ཤུགས་གཅིག་སྒྲིལ་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དུས་བསྟུན་མདུན་སྐྱོད་ཀྱིས་རྣམ་པ་གསར་པ་བཏོད་དེ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པར་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་བ་དང་། མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་མངོན་འགྱུར་ཡོང་བར་སྔར་ལས་ཆེ་བའི་བྱས་རྗེས་གསར་པ་འཇོག་དགོས། །

གྲོས་ཚོགས་ཐེངས་ལྔ་བའི་ལོ་ཙཱ་ཚན་སྐོར་གྱིས་བསྒྱུར།