སྐད་འཕྲིན་གྱིས་སྤྱོད་གོ་ཆེ་བའི་བྱེད་ནུས་གསར་པ་བཏོན་འདུག

སྐད་འཕྲིན་ནི་སྤྱི་ཚོགས་འབྲེལ་བར་སྤྱོད་པ་མ་ཟད་གཞུང་དོན་སྒྲུབ་པའི་ལག་ཆ་གལ་ཆེན་ཞིག་ཀྱང་ཆགས་ཡོད་མོད། ཡིག་ཆ་ཆེན་པོ་སྐུར་སྐབས་སྐད་འཕྲིན་གཞན་གྱི་གློག་ཀླད་ནང་ཐོ་འགོད་བྱས་ནས་སྐུར་དགོས་འབྱུང་གི་ཡོད་པས། མི་སྒེར་གྱི་ཆ་འཕྲིན་གསང་སྲུང་བྱེད་མི་བདེ་བའི་གནས་ཚུལ་ཐོན་གྱི་ཡོད།

གཏམ་གསར།


སྐད་འཕྲིན་ཐོ་འགོད་བྱེད་མི་དགོས་པར་ཡིག་ཆ་ཆེན་པོ་སྐུར་ཐུབ་པའི་བྱེད་ནུས་ཞིག་བཏོན་འདུག

↓↓↓

བྱེད་ནུས་དེ་བེད་སྤྱོད་བྱེད་ཐབས།

(Windowsཁོ་ན་དཔེར་བཀོད་པ།)

①ཐོག་མར་གློད་ཀླད་སྐད་འཕྲིན་གྱི་དཔར་གཞི་རིམ་སྤོར་བྱེད་དགོས།

གློད་ཀླད་པར་གཞིའི་སྐད་འཕྲིན་གྱི་“སྒྲིག་བཀོད་”ནང་རིམ་སྤོར་བཙལ་ནས་རིམ་སྤོར་བྱེད་དགོས

②སྐད་འཕྲིན་རིམ་སྤོར་བྱས་ན་སྐད་འཕྲིན་རྙིང་པ་ཕྱིར་ཐོན་པ་ཡིན། རིམ་སྤོར་བྱས་རྗེས་སྐད་འཕྲིན་ཐོ་འགོད་མ་བྱས་པར་ཡིག་ཆ་སྐུར་པ་ཡིན།

གློག་ཀླད་པར་གཞིའི་སྐད་འཕྲིན་ཁ་ཕྱེ་ཚེ་གཤམ་འོག་ཏུ་“ཡིག་ཆ་ཁོ་ན་སྐུར་བ་”ཞེས་པ་ཞིག་ཡོད།


དེ་འཕྲོས་ཀྱི་དཔར་དངོས་ནང་རྩ་གཉིས་ཨང་རྟགས་ཞིག་མངོན་ཡོང་བ་བཤེར་ནས་ཐོ་འགོད་བྱེད་དགོས། དེ་ནི་དུས་ཐོག་གསར་བརྗེ་བྱེད་པ་ཡིན་བས་བདེ་འཇགས་ལ་སེམས་ཁྲལ་བྱེད་དགོས་མེད།
↓↓↓
རྩ་གཉིས་ཨང་རྟགས་བཤེར་རྗེས་ཁ་པར་དང་གློག་ཀླད་བར་པར་རིས་ཡིག་ཆ་སོགས་སྐུར་ཆོག

འདི་ལྟར་སྤྱོད་སྐབས་ཡིག་ཆ་ཁོ་ན་སྐུར་བ་ལས་གློག་ཀླད་གཤམ་འོག་ཏུ་སྐད་འཕྲིན་གྱི་པར་རིས་ཐོན་མི་སྲིད་ལ་མི་གཞན་དད་ཁ་བརྡའང་བྱེད་མི་ཐུབ། ཁ་པར་ནང་“དྲ་ལམ་དཔར་གཞིའི་ཡིག་སྐུར་རོགས་རེས་”ཞེས་མངོན་པ་ཡིན།

③ཤ་ཚའི་དྲན་སྐུལ། དུས་ལྟར་ཕྱིར་ཐོན་རྒྱུ་མ་བརྗེད་པ་གནང་རོགས།

བྱེད་ནུས་འདི་སྐད་འཕྲིན་ཨང་བཤེར་བེད་སྤྱོད་དང་སྦྲགས་སུ་སྤྱད་ཆོག་པས། ཁ་པར་གྱི་ཨང་བཤེར་ཐོ་འགོད་བྱས་ཚེ་ཁ་པར་ནང་“སྒྲིག་ཆས་2ནང་ཐོ་འགོད་བྱས་འདུག་”ཅེས་མངོན་པ་ཡིན།

གནས་སྐབས་བེད་སྤྱོད་བྱེད་པ་ཡིན་ཚེ།

དུས་ལྟར་ཁ་པར་རམ་གློག་ཀླད་ནས་ཕྱིར་ཐོན་དགོས།

ཁ་པར་ནང་ནས་“དྲ་ལམ་དཔར་གཞིའི་ཡིག་སྐུར་རོགས་རེས་”ཞེས་པ་བཙལ་ནས་“ཕྱིར་ཐོན་”ཞེས་པ་བསྣན་ན་ཕྱིར་ཐོན་ཐུབ།

↓↓↓

དྲ་བའི་དཔར་གཞིར་མཚོན་ན། “དྲ་ལམ་དཔར་གཞིའི་ཡིག་སྐུར་རོགས་རེས་”ཞེས་པའི་པར་དངོས་སུxབསྣན་ན་ཕྱིར་ཐོན་ཐུབ།

↓↓↓


དྲ་གྲོགས་ཀྱི་དཔྱད་བརྗོད།