མཚོ་སྔོན་ཞིང་ཆེན་རྟེན་རྫས་བཤམས་མཛོད་ཁང་སྒྱུར་བཀོད་རིམ་སྤར་དང་འབྲེལ་ནས་གཏེར་ལམ་རྫོང་ཆུ་ཁོལ་བང་སོ་ནས་རྙེད་པའི་རིག་དངོས་ཁག་ཅིག་ཐོག་མར་འགྲེམ་སྟོན་བྱས་འདུག།

ཟླ11ཚེས29ཉིན། མི་དམངས་དྲ་བས་ཟི་ལིང་དུ་སྤེལ་བའི་གནས་ཚུལ། ཟླ11ཚེས29ཉིན། མཚོ་སྔོན་ཞིང་ཆེན་རྟེན་རྫས་བཤམས་སྟོན་ཁང་གིས“1+3”ཞེས་པའི་འགྲེམ་སྟོན་སྤེལ་ནས། མཚོ་སྔོན་ཞིང་ཆེན་གྱི་རྟེན་རྫས་བཤམས་སྟོན་ཁང་སོ་སོར་ཉར་ཚགས་བྱས་པའི་རིག་དངོས་རྩ་ཆེན་མང་པོ་ཞིག་འགྲེམ་སྟོན་བྱས་ཡོད། དེའི་ཁྲོད་གཏེར་ལམ་རྫོང་གི་ཆུ་ཁོལ་བང་སོ་ཁག་ལས་བཏོན་པའི་རིག་དངོས་དུ་མ་ཡང་ཐེངས་དང་པོར་འགྲེམ་སྟོན་བྱས་ཡོད།

ཤེས་གསལ་ལྟར་ན། “1+3”ཞེས་པའི་འགྲེམ་སྟོན་གྱིས“མཚོ་སྔོན་ལོ་རྒྱུས་རིག་དངོས་འགྲེམ་སྟོན”གཙོར་བྱས་ཤིང་། “མཚོ་སྔོན་ཞིང་ཆེན་མངོན་མིན་རིག་གནས་ཤུལ་བཞག་སྤུས་ལེགས་འགྲེམ་སྟོན”“མཚོ་སྔོན་གནའ་རྫས་རྟོག་ཞིབ་གྲུབ་འབྲས་འགྲེམ་སྟོན”“ལོ་བརྒྱའི་མཚོ་སྔོན་གསར་བརྗེ་རིག་དངོས་དཀར་ཆག་འགྲེམ་སྟོན”བཅས་ཕལ་བར་བཟུང་ནས། རྒྱ་ཁྱོན་སྨི་ངོས་སྙོམས་གྲུ་བཞི་མ9450རུ་རིག་དངོས་ཆ་ཚང1331(རེ་རེ2405ཡོད་པ)འགྲེམ་སྟོན་བྱས་ཡོད་པ་དང་། དེའི་ནང་རིམ་པ་དང་པོའི་རིག་དངོས191དང་། རིག་དངོས་རྩ་ཆེན་ཆ་ཚང་བ248བཅས་འགྲེམ་སྟོན་བྱས་ཡོད།

མཚོ་སྔོན་གྱི་གནའ་བོའི་རྫ་རིས་འགྲེམ་སྟོན་ཁུལ།

“མཚོ་སྔོན་ལོ་རྒྱུས་རིག་དངོས་འགྲེམ་སྟོན”གྱིས་མཚོ་སྔོན་གྱི་ལོ་རྒྱུས་བྱུང་འཕེལ་དང་ས་ཁུངས་མང་འདུས་ཀྱི་རིག་གནས་ཁྱད་ཆོས་དང་ཟུང་དུ་སྦྲེལ་ནས། གནའ་བོའི་མཚོ་སྔོན་ས་ཁུངས་ཀྱི་ཆའང་ལམ་དབུས་མ་དང་། ཐུ་ལུ་ཧུན་ལམ། ཐང་བོད་གནའ་ལམ། གྱི་ཐང་ལམ། ཇ་རྟའི་གནའ་ལམ་སོགས་ཀྱི་འགྲིམ་འགྲུལ་བྱེད་ནུས་དང་ལོ་རྒྱུས་ཀྱི་ཉམས་བཟང་བོ་ཡང་བསྐྱར་ངོམ་པར་མ་ཟད། མཚོ་སྔོན་གྱི་མཱ་ཚང་གི་རྫ་ཆས་རིག་གནས་དང་། རྫོང་རི་རིག་གནས། ཆི་ཚང་གི་རིག་གནས། ཞིན་ཏུན་རིག་གནས། མཁར་རོ་རིག་གནས། ནོ་མོ་ཧོང་རིག་གནས་བཅས་ཀྱི་དཔེ་མཚོན་བསྟན་ནས། མཚོ་སྔོན་གྱི་དར་གོས་ཚོང་ལམ་དང་། ཐང་བོད་གནའ་ལམ། ཇ་རྟའི་གནའ་ལམ་བཅས་ཚོང་ལམ་གཙོ་བོའི་ལོ་རྒྱུས་ངོ་མ་དང་རིག་གནས་ཀྱི་འགོ་ཁུངས་ར་སྤྲོད་བྱས་ཡོད།

རྫ་ཁོག

རྫ་གཞོང་།

ཤིང་རྟ་འཁོར་ལོ།

ཟངས་ཀྱི་སྤོས་ཕོར་ཁྱུང་ཆེན་མ།

ལད་བཟོ་བྱས་པའི་ལིའུ་ཝན་གནའ་ཤུལ་གྱི་ཁང་པ།

གཡུ་རྒྱན་སྤྲོས་པའི་ཁྱུང་གི་སྐྲ་འཛིན། (གཏེརལམ་རྫོང་2018ལོའི་ཤེའུ་བང་སོ་དང་པོ་ལས་ཐོན།)


(གཏེར་ལམ་རྫོང་ཆུ་ཁོལ་བང་སོ་ཚོགས་ལས་བཏོན་པ། )



ན་བཟའ་འབྲུག་རིས་མ། (གཏེར་ལམ་རྫོང་ཆུ་ཁོལ་བང་སོ་ཚོགས་ལས་བཏོན་པ། )

“ལོ་བརྒྱའི་མཚོ་སྔོན་གྱི་གསར་བརྗེ་རིག་དངོས་དཀར་ཆག་འགྲེམ་སྟོན”གྱིས་མཚོ་སྔོན་ཞིང་ཆེན་གྱིས་ཁྱབ་སྒྲོག་བྱས་ཟིན་པའི་གསར་བརྗེ་རིག་དངོས་སྐོར་ཁག་དང་པོའི་མིང་ཐོར་གཞི་བཅོལ་ནས་ཞིང་ཆེན་ཡོངས་ཀྱི་དམར་པོའི་རིག་དངོས་གནས་སྤར་ཆོག་པ་དང་མི་ཆོག་པ་དག་ལེགས་སྒྲིག་ཐོག མཚོ་སྔོན་ཞིང་ཆེན་གྱི་དོན་སྙིང་ལྡན་པའི་ལོ་རྒྱུས་གལ་ཆེན་གྱི་དམར་པོའི་རྗེས་ཤུལ་དང་། གསར་བརྗེ་ལོ་རྒྱུས་དྲན་གསོ་ཁང་སོགས་དམར་པོའི་ཐོན་ཁུངས་བེད་སྤྱད་དེ། མཚོ་སྔོན་གྱི་གསར་བརྗེའི་ལོ་རྒྱུས་དང་དམར་པོའི་རིག་གནས་ཀྱི་ཟུངས་ཁྲག་འདུས་པའི་གཏམ་རྒྱུད་བརྗོད་པ་དང་། དམར་པོའི་རིག་གནས་ཀྱི་སྙིང་སྟོབས་རབས་བཤད་སྔོག་འདོན་བྱས་ནས་རྒྱང་སྐྱོད་སྙིང་སྟོབས་དང་། ནུབ་ལམ་དམག་གི་སྙིང་སྟོབས། “འབར་མདེལ་གཉིས་དང་འཁོར་སྐར་གཅིག”གི་སྙིང་སྟོབས། “ལམ་གཉིས”སྙིང་སྟོབས། “ཡུལ་ཤུལ་ཡོམ་འགོག་རྒུད་སྐྱོབ་”ཀྱི་སྙིང་སྟོབས། མཚོ་སྔོན་གསར་པའི་སྙིང་སྟོབས་སོགས་ལེགས་པར་བརྗོད་ཡོད།

ཟ་ལར་རིགས་ཀྱི་ཀོ་གྲུ།

ཞིང་པའི་རི་མོ། “མིག་མངས་རྩེ་བ”། 

གཞན་ཐེངས་འདིའི་འགྲེམ་སྟོན་གྱིས་འཕྲུལ་རྩིས་འགྲེམ་སྟོན། དྲ་ཐོག་གི་འགྲེམ་སྟོན་དང་དྲ་ཐོག་འགྲེལ་བརྗོད་སོགས་བྱེད་ཐབས་གསར་པ་སྤྱད་དེ། འགྲེམ་སྟོན་གྱི་མྱོང་རོལ་བྱེད་སྟངས་ཕུན་སུམ་ཚོགས་པར་བཀོད་སྒྲིག་བྱས་འདུག

ཁོན་ཐར་འཚོས་བསྒྱུར།