རྒྱལ་ནང་དུ་བཟོས་པའིWPSབོད་ཡིག་གཞུང་སྒྲུབ་མཉེན་ཆས་ཐོག་མ་དངོས་སུ་འགྲེམ་སྤེལ་བྱས།

རང་རེའི་དྲ་བའི་འཕྲིན། ཟླ10པའི་ཚེས21ཉིན། “ཚན་རྩལ་གྱི་ཟམ་པ་འདིང·གསར་གཏོད་ཀྱི་དར་སྤེལ་འདྲེན”ཞེས་པའི་ཆ་འཕྲིན་ལག་རྩལ་བཀོལ་སྤྱོད་གསར་སྐྲུན་ཐོན་ལས་འཕེལ་རྒྱས(བོད་ལྗོངས)མཐོ་རིམ་ལྷ་ས་རུ་བསྡུས་ཏེ། རྒྱལ་ནང་དུ་བཟོས་པའིWPS Officeབོད་ཡིག་གཞུང་སྒྲུབ་མཉེན་ཆས་ཐོག་མ་དངོས་སུ་འགྲེམ་སྤེལ་བྱས།

ཞིབ་འཇུག་གསར་སྤེལ་འགན་འཁུར་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། WPSབོད་ཡིག་གཞུང་སྒྲུབ་མཉེན་ཆས་དེ་བོད་ཡིག་དང་རྒྱ་ཡིག་མཉམ་བསྲེས་ཐོག་པར་གཞི་སྒྲིག་པ་དང་བོད་ཡིག་ཡིག་སྒྱུར། བོད་ཡིག་བྲིས་གཟུགས། བོད་ཡིག་པར་གཞི་བཅས་ཀྱི་རྩ་བའི་ཁྱད་ཆོས་བཞི་དང་ལྡན་ཟེར།

WPSབོད་ཡིག་གཞུང་སྒྲུབ་མཉེན་ཆས་དེར་ཚད་ལྡན་གྱི་ཨང་ཡིག་སྤྱད་དེ་འཆར་ངོས་དང་པར་གཞི་སྒྲིག་པའི་ནུས་པ་དང་ལྡན། དེ་དང་མཉམ་དུ། བོད་སྐད་ཀྱི་སྐད་བརྡའི་གོམས་གཤིས་ལྟར་བོད་ཡིག་གི་ཡིག་གྲངས་སྡོམ་རྩིས་བྱེད་པ་སོགས་ཀྱི་བྱེད་ནུས་ཡོད། ད་རུང་བོད་ཡིག་གི་གཞུང་ཡིགAIཔར་གཞི་བསྒྲིག་ཐུབ་པར་མ་ཟད། གཞུང་ཡིག་གི་པར་གཞིའི་བླང་བྱ་ལྟར་ཐིག་ཕྲེང་གི་སྣེ་གཉིས་སྙོམས་པ་དང་ཚེག་བར་ཚང་མ་དོ་མཉམ་བཟོ་བའི་དགོས་མཁོ་བསྐངས་ཡོད་པས། བོད་ཡིག་གི་པར་གཞིའི་དཀའ་གནད་རྩ་བའི་ཆ་ནས་སེལ་ཡོད།

ལོ་ཙཱ་པ། ལྷ་ཆེན་རྒྱལ།