མང་རྫོང་གིས“མན་ངག་བཞི”སྤྱད་དེ་ཏང་ཡོན་དཔུང་སྡེའི་སྤྱི་ཡོངས་འཇོན་ཐང་མཐོ་རུ་བཏང་།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ད་ལོ་ནས་བཟུང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་གིས“ནན་མོ་དང་། གསོན་ཉམས་ལྡན་པ། གནད་ལ་འཁེལ་བ། ཏན་ཏིག”བཅས་ཀྱི་མན་ངག་བཞི་དོན་འཁྱོལ་བྱ་རྒྱུ་མཐའ་འཁྱོངས་སྒོས“འབྱུང་རྩ་དང་། རྒྱུན་མཁོ། གསོ་སྦྱོང་། རྟེན་གཞི”བཅས་ཀྱི་སྒོ་ནས་ཏང་ཡོན་གྱི་སློབ་གསོའི་བྱ་བ་ཡག་པོ་བསྒྲུབས་ཏེ། ཏང་ཡོན་དཔུང་སྡེའི་སྤྱི་ཡོངས་འཇོན་ཐང་མཐོར་འདེགས་ངོ་སྨིན་བཏང་བ།གཞི་རིམ་གྱི་ཏང་འཛུགས་སྐྱོང་བྱ་བའི་རྨང་གཞི་བརྟན་དུ་བཏང་ཡོད།

“ནན་མོ”གཙོར་བཟུང་སྟེ། འབྱུང་རྩའི་སློབ་གསོ་དམ་འཛིན་ལེགས་པོ་བྱེད་པའི་ཆ་ནས། ཏང་ཡོན་འཕེལ་རྒྱས་གཏང་བའི་བྱ་བ་དོན་འཁྱོལ་ནན་མོ་བྱས་ནས། མང་རྫོང་གི་ལས་རིགས་ལག་རྩལ་སློབ་གྲྭ་དང་ལས་རིགས་སློབ་གྲྭའི་ཏང་ཡོན་གསོ་སྦྱོང་རྟེན་གཞི་བརྒྱུད། ཕྱུགས་ལས་ཕྱུགས་རིགས་སྨན་པ་དང་གྲོང་ཚོ་རིམ་པའི་ནོར་དོན་སོགས་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ཏེ།བསམ་བློ་ཆབ་སྲིད་བཟང་བ་དང་རིག་གནས་འཇོན་ཐང་མཐོ་བ། ཞིང་ལས་ལ་རྒྱུས་མངའ་ཡོད་པ་དང་། གྲོང་གསེབ་ལ་དགའ་བ། ཞིང་པར་རྒྱུས་མངའ་ཡོད་པ་བཅས་ཀྱི་གྲོང་ཚོ་རིམ་པའི་ན་གཞོན་རྗེས་གྲབས་ཤེས་ལྡན་མི་སྣ་ཁག་གཅིག་གྲབས་གསོག་བྱ་དགོས་ལ། ད་ལོ་ནས་བཟུང་ཁྱོན་བསྡོམས་ཏང་ནང་ཞུགས་མཁན་ཧུར་བརྩོན་མཁན293དང་། གྲ་སྒྲིག་ཏང་ཡོན་འཕེལ་རྒྱས་བཏང་བའི་མི191གསར་དུ་ཏང་ཡོན་དངོས་གཞིར་བསྒྱུར་བའི་ཏང་ཡོན174བཅས་གསོ་སྐྱོང་བྱས།

“གསོན་ཤུགས”ཞེས་པའི་ཡིག་འབྲུ་འབུར་དུ་བཏོན་པའི་ཆ་ནས། དུས་རྒྱུན་གྱི་སློབ་གསོ་དམ་འཛིན་ལེགས་པོ་བྱས་ཏེ། “མང་རྫོང་གི་སློབ་ཁང་ཆེན་མོ”འཛུགས་པར་འཚོལ་ཞིབ་དང་། རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ། འཆད་ཁྲིད་སྟེགས་བུར་བསྐྱོད་པར་སྐུལ་འདེད་ཤུགས་ཆེན་གཏང་བ། ཟླ་རེར་དུས་བཅད་ལྟར་ཆེད་དོན་འཆད་ཁྲིད་ཐེངས2གཉེར་བ། ཏང་ཡོན་ལས་བྱེད་པའི་དཔུང་ཁག་ལ་རྒྱུན་ལྡན་རང་བཞིན་གྱི་བསམ་བློའི་སློབ་གསོ་རྒྱག་རྒྱུ་དམ་འཛིན་ལེགས་པོ་བྱེད་པ། “མི་ཚང་མ་འཆད་ཁྲིད་སྟེགས་བུའི་ཐོག་བསྐྱོད་པ་དང་། མི་ཚང་མ་སློབ་མ་བྱེད་པའི”སློབ་སྦྱོང་གི་ངང་ཚུལ་བཟང་པོ་ཆགས་པ་བཅས་བྱ་དགོས། “མཚར་སྡུག་གི་མང་རྫོང”གཞུང་ཕྱོགས་སྐད་འཕྲིན་གྱི་སྤྱི་དམངས་ཨང་རྟགས་བརྒྱུད“ཏང་འཛུགས་སྐྱོང་FMཡི་སྒྲ་ཕྱོད་སློབ་ཚན”གཉེར་ནས་ཏང་ཡོན་གྱི་སློབ་གསོའི་དྲ་ཐོག་དང་ཡུལ་དངོས“གཉིས་བགྲོད་མཉམ་སྤྱོད”ཐུབ་པ་བྱ་དགོས།

“གནད་འཁེལ”ཞེས་པ་མངོན་གསལ་དོད་པོ་ཡོང་བར་བྱས་ནས། གསོ་སྦྱོང་སློབ་གསོ་དམ་འཛིན་ཡག་པོ་བྱ་དགོས་པ་དང་། དགོས་མཁོ་ལྟར་མངག་ཐོའི་རྣམ་པའི་གསོ་སྦྱོང་བརྒྱུད། གནད་འཁེལ་སློབ་ཁྲིད་དང་ཕན་འབྲས་དངོས་ལ་དོ་སྣང་ཆེན་པོ་བྱ་དགོས། “ཏང་ཡོན་ཏང་གི་སློབ་གྲྭར་གཅིག་སྡུད་ཐོག་རེས་སྐོར་གསོ་སྦྱོང་བྱེད་པའི་བྱེད་སྒོ”དང་ཟུང་འབྲེལ་ཐོག་ཁྱབ་ཁོངས་ཁག་གི་ཏང་ཀྲི་པུའི་ཏང་ཡོན་དང་སྐབས་གསར་པའི་གྲོང་ཚོའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་ཁོངས་མིར་སྔ་རྗེས་སུ་གསོ་སྦྱོང་བྱས། རྫོང་ཏང་ཨུ་རྩ་འཛུགས་པུའུ་ཡིས་ཁྱབ་ཁོངས་ཁག་གི་ཏང་ཡོན་མི་ཐེངས600ལྷག་ཙམ་ལ་གསོ་སྦྱོང་བྱས་པ་དང་། གྲོང་ཚོའི(སྡེ་ཁུལ)ཏང་ཀྲི་པུའི་ཧྲུའུ་ཅིར་གཅིག་སྡུད་གསོ་སྦྱོང་བྱེད་པའི་དུས་ཚོད་ཆུ་ཚོད40ཡན་ཟིན་ཡོད།

“ཏན་ཏིག”མངོན་གསལ་དོད་པོ་ཡོང་བ་བྱས་ནས།རྟེན་གཞིའི་སློབ་གསོ་དམ་འཛིན་ཡག་པོ་བྱ་དགོས། རྫོང་ཏང་ཨུའི་ཏང་གི་སློབ་གྲྭ་གཙོ་བོར་བྱེད་པ་དང་། ཏང་སྲོལ་སྲིད་གཙང་ཉེན་ཟོན་སློབ་གསོའི་རྟེན་གཞི་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་འགྲེམས་ཁང་། བྱེ་སྣ་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་སློབ་གསོའི་རྟེན་གཞི། དཔའ་བོ་མོན་ཧོ་གསར་བརྗེའི་སློབ་གསོའི་རྟེན་གཞི། ཏང་གི་ལོ་རྒྱུས་སློབ་གསོའི་ཁང་བཅས་ཀྱིས་རམ་འདེགས་བྱེད་པའི“1+5”ཡི་ཏང་གཤིས་སློབ་གསོའི་རྟེན་གཞི་བེད་སྤྱོད་གང་ལེགས་བྱས་ནས། བྱེད་སྟངས་ལ་སྣང་ཆེན་མི་བྱེད་པ་དང་ནང་དོན་ལ་ཁྱད་ཆོས་ལྡན་པའི་སྒོ་ནས། ཏང་གཤིས་སློབ་གསོའི་བྱེད་སྒོ་སྤེལ་ཏེ།རྫོང་ཡོངས་ཀྱི་ཏང་ཡོན་གྱི་ཏང་གཤིས་བློ་སྦྱོང་ལེགས་སུ་བཏང་།

ཤ་མོ་འཚོས་བསྒྱུར།