ཚེས12ཉིན་ནས་བཟུང་དམངས་ཕན་བྱེད་ཐབས་གསར་པ་ཁག་གསུམ་ལག་བསྟར་བྱ་རྒྱུ་རེད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།ཚེས12ཉིན་གསར་འགོད་པས་ཞིང་ཆེན་སྤྱི་བདེ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར“ལོ་ལོན་གྱི་ལག་ཁྱེར་གཉེར་བར་སྟབས་བདེ་སྐྲུན་པའི་བྱ་ཐབས་དྲུག་དང་། 12367རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་དོ་དམ་ཞབས་ཞུའི་ལས་སྟེགས”གཉིས་ཁྱབ་གདལ་བཏང་བའི་རྨང་གཞིའི་སྟེང་། ཕྱི་བསྐྱོད་ལམ་ཡིག་ཡིག་ཟམ་ནས་བསྐུར་བའི་བརྒྱུད་རིམ་ལེགས་སུ་གཏང་བ་དང་། ཟི་ལིང་གྲོང་ཁྱེར་གྱི་ཁྱབ་ཁོངས་ནང་གི་ཕྱི་རྒྱལ་བ་དང་གནས་སྡོད་ཆོག་འཐུས་ཀྱི“སྒེའུ་ཁུང་གཅིག་ནས་གཉེར་ཆོག་པ་དང་མཉམ་དུ་གཉེར་ཆོག་པའི”དམངས་ཕན་ཁེ་ལས་ཀྱི་བྱེད་ཐབས་གསུམ་བསྐྱར་དུ་བཏོན་ནས་ཚེས12ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུའི་གཏན་འབེབས་བྱས།

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། བྱེད་ཐབས་གསར་པ་ལག་ལེན་བསྟར་རྗེས།མཚོ་སྔོན་ཞིང་ཆེན་གྱི་གྲོང་མིས་ཕྱི་བསྐྱོད་ལམ་ཡིག་ཡིག་ཟམ་ནས་བསྐུར་སྐབས་ཡུལ་དངོས་ནས་ཨང་བཤེར་དང་། APP ཞབས་ཞུའི་དྲ་ཚིགས། གོ་རིམ་ཆུང་གྲས་མ་ལག་སོགས་ཀྱི་བྱེད་ཐབས་ཐོག ཡིག་ཟམ་ནས་བསྐུར་ཡུལ་འབྲི་བ་དང་འབྲེལ་བསྐུར་གླ་ཡང་སྤྲོད་ཆོག་པར་མ་ཟད། ལག་ཁྱེར་ཁྱིམ་དུ་འབྱོར་བར་གཅིག་འཐུས་རྣམ་པའི་ཞབས་ཞུ་ལོངས་སྤྱོད་བྱེད་ཆོག་པ་དང་། ཞིང་ཆེན་ཚན་རྩལ་ཐིན་གྱི་ཕྱི་རྒྱལ་གྱི་མཁས་དབང་ཅུའུ་དང་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡི་ས་མཚམས་ནས་འགྲོ་འོང་དོ་དམ་ཁང་བསྡུ་སྒྲིལ་གྱི་སྐར་ཁུང་གཉེར་བ་དང་། ཟི་ལིང་གྲོང་ཁྱེར་གྱི་ཁྱབ་ཁོངས་ནང་གི་ཕྱི་རྒྱལ་བས་ལས་དོན་གཉེར་འཐུས་རེ་ཞུ་དང་།གནས་སྡོད་ཆོག་འཐུས་ཆ་འཕྲིན་གཞི་གྲངས་མཉམ་སྤྱོད་བྱས་ཏེ། “ལས་སྒྲུབ་སྒེའུ་ཁུང་གཅིག་ནས་གཉེར་ཆོག་པ་དང་།ཡུག་སྦྲེལ་གྱིས་གཉེར་ཆོག་པ”མངོན་འགྱུར་བྱས་ནས་མཚོ་སྔོན་དུ་ཡོད་པའི་ཕྱི་རྒྱལ་བས་རྒྱལ་གྲོལ་མཆན་འགོད་དུས་འགྱངས་དང་གནས་སྡོད་ཆོག་འཐུས་འགྲོ་ལུགས་གཉེར་རྒྱུར་སྟབས་བདེ་བསྐྲུན་ནས།རེ་ཞུ་མཁན་གྱི་ལག་ཁྱེར་གཉེར་བའི་དུས་ཚོད་གྲོན་ཆུང་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་གྲོང་མིས་རྫོང་རིམ་པའི་སྤྱི་བདེ་ལས་ཁུངས་ཀྱི་རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་སྒེའུ་ཁུང་ལ་ཐད་ཀར་རེ་ཞུ་ཕུལ་ནས་གྲོང་ཁྱེར(ཁུལ)སྤྱི་བདེ་ལས་ཁུངས་ཀྱིས་ཞིབ་བཤེར་གཏན་འབེབས་དང་ཞིབ་བཤེར་ཆོག་མཆན་སྤྲད་པ་དང་།ཞིང་ཆེན་སྤྱི་བདེ་ཐིན་ས་མཚམས་ནས་འགྲོ་འོང་དོ་དམ་ཅུའུ་ཡིས་ལག་ཁྱེར་བཟོས་ཏེ་སླར་ཡང་ཞིང་ཆེན་སྤྱི་བདེ་ཐིན་ས་མཚམས་ནས་འགྲོ་འོང་དོ་དམ་ཅུའུ་ལ་རེ་ཞུའི་དཔྱད་གཞིའི་ཡིག་རིགས་ཐོ་འགོད་བྱེད་དགོས་ཀྱི་མེད། རེ་འདུན་ཞུ་མཁན་གྱིས་སྣེ་ལེན་བྱེད་གནས་གཅིག་ཏུ་ཐེངས་གཅིག་ལ་ལས་ཞུ་བྱེད་པའི་འགྲོ་ལུགས་ཚང་མ་གཅིག་བསྡུས་ཀྱིས་ལེགས་འགྲུབ་ཡོང་བར་འགན་ལེན་ཏན་ཏིག་བྱས། རེ་ཞུ་བྱེད་མཁན་གྱིས་སྤྱིར་བཏང་གི་ལམ་ཡིག་རེ་ཞུ་བྱེད་སྐབས་རྫོང(ས་ཁུལ)དང་། གྲོང་ཁྱེར(ཁུལ)ཞིང་ཆེན་ཐིན་བཅས་ཀྱི་རྒྱལ་མཚམས་ནས་འགྲོ་འོང་དོ་དམ་ཅུའུ་ཡི་དངོས་ཡོད་དཀའ་ངལ་ཐག་གཅོད་ནུས་ལྡན་བྱས།

སླར་མར། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་སློབ་གསོ་དག་ཐེར་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བ་དང་། “ངས་མང་ཚོགས་ལ་བྱ་བ་དངོས་བསྒྲུབ་པར་བྱ”ཞེས་པའི་ལག་ལེན་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་བ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱ་ཐབས་གསར་པ་དེ་བས་མང་བ་བཏོན་པ། མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་ཏན་ཏིག་གཏང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུ་བ་བཅས་བྱས་ཏེ།མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་གསར་པ་ཧུར་ཐག་འབུལ་རྒྱུ་ཡིན།

ཤ་མོ་འཚོས་བསྒྱུར།