མཚོ་སྔོན་གྱི་བཅོས་སྒྱུར་གླེང་སྟེགས་སྐབས་ལྔ་པ་ཁ་སང་ཚོགས་འགོ་ཚུགས།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10པའི་ཚེས12ཉིན། མཚོ་སྔོན་གྱི་སྐབས་ལྔ་པའི་མཚོ་སྔོན་བཅོས་སྒྱུར་གླེང་སྟེགས་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭར་ཚོགས་འགོ་ཚུགས་པ་རེད། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་མི་རིགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་དོན་གྲུབ་ངག་དབང་འབུམ་འགོ་ཚུགས་མཛད་སྒོར་ཞུགས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཀྱིས《ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་གཙོ་རྐང་དུ་བྱས་ནས། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གཏིང་ཟབ་ཏུ་གཏང་དགོས》ཞེས་པའི་གཙོ་དོན་སྙན་ཞུ་གནང་བ་རེད།

མགོན་པོ་བཀྲ་ཤིས་ཀྱིས་བཤད་རྒྱུར། མཚོ་སྔོན་དུ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་ལོ་རྒྱུས་ཡུན་རིང་ཞིང་། དངོས་ཡོད་ཀྱི་རྨང་གཞི་བརྟན། གསོན་ཉམས་དོད་པའི་ལག་ལེན་གྱི་རྨང་གཞི་ལྡན་པ་བཅས། མཚོ་སྔོན་འཕེལ་རྒྱས་ལ་ཁྱབ་པའི་རྩ་བ་དང་དམིགས་བསལ་གྱི་གཞི་རྒྱུ་ཞིག་རེད། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་སྔོན་ལ་གཏོད་རྒྱུ་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐོག་མཐའ་བར་གསུམ་གྱི་ཁྱོན་ཡོངས་དང་།“དཔེ་སྟོན་ཞིང་ཆེན་ལྔའི”འཛུགས་སྐྲུན་གྱི་འཐབ་ཇུས་གལ་ཆེན་ཞིག་ཡིན་ལ། མཚོ་སྔོན་གྱི་བཅོས་སྒྱུར་གསར་གཏོད་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན་པས། རྒྱལ་ཁབ་ཀྱི་འཐབ་ཇུས་ནང་བཅུག་ནས་ཀྲུང་དབྱང་གི་ཡིག་ཆའི་ནང་འགོད་རྒྱུ་དང་། ཏང་དང་རྒྱལ་ཁབ་ཀྱིས་མཚོ་སྔོན་ལ་སྤྲད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་སྤུས་ཚད་མཐོ་པོས་ལེགས་སྒྲུབ་བྱ་དགོས། ང་ཚོས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་གཙོ་རྐང་དུ་བྱས་ཏེ། ཉམས་མྱོང་ཕྱོགས་སྡོམ་དང་བབ་བསྟུན་འཕྲལ་སྒྲུབ་ཀྱིས་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་དང་འཚོལ་ཞིབ་བྱས་ཏེ་རྒ། ལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་གཏོད་རྒྱུར་སྐུལ་འདེད་གཏིང་ཟབ་གཏང་དགོས།

སྐབས་འདིའི་གླེང་སྟེགས་སྟེང་། “ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་པོར་བཙུགས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གཏིང་ཟབ་བྱ་དགོས”ཞེས་པ་བརྗོད་བྱ་གཙོ་བོར་བྱས། དེའི་དམིགས་ཡུལ་ནི་མི་རིགས་བྱ་བར་ཤུགས་སྣོན་དང་ཇེ་ལེགས་སུ་གཏང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཀྲུང་དབྱང་གི་མི་རིགས་བྱ་བའི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་མི་རིགས་བྱ་བ་ཡག་པོར་བསྒྲུབ་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་ངོས་འཛིན། ལག་ལེན་གྱི་རང་རྟོགས་བཅས་ཆེ་རུ་གཏང་ཆེད་རེད། དུས་ཡུན་ཉིན1དང་ཕྱེད་ཀ་ཙམ་གྱི་གླེང་སྟེགས་ནང་། ཞིང་ཆེན་ཕྱི་ནང་གི་ཆེད་མཁས་པ་དང་མཁས་དབང11གིས་བརྗོད་དོན་གཙོ་བོའི་གཏམ་བཤད་བྱས་པ་དང་འབྲེལ། ཞིང་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་དམངས་ཁྲོད་ལས་བྱེད་པའི་འཐུས་མི་དང་བགྲོ་རེས་ བྱས་པ་རེད།

གཡང་སྐྱིད་ཀྱིས་བསྒྱུར།