“རྒན་རྒོན་དུས་ཆེན”མ་བསླེབ་འདིར་ཁུང་ཡོང་རྒན་གསོའི་སྡེ་ཁག་དང་རྒན་རྒོན་ལ་འཚམས་འདྲིར་ཕྱིན།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10པའི་ཚེས12ཉིན། རྒྱལ་ཡོངས་རྒན་རྒོན་དུས་ཆེན་ཐེངས་དགུ་པ་ཐོན་ལ་ཉེ་བའི་སྐབས་འདིར། ཧྲིན་ཀྲང་གཞོན་པ་ཁོང་ཡུང་ཟི་ལིང་གྲོང་ཁྱེར་རྒན་རྒོན་བྱ་འགུལ་ལྟེ་གནས་སུ་སོང་ནས་འཛུགས་སྐྲུན་དོ་དམ་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། གཞིས་ཁུལ་དུ་ཟབ་ཞུགས་བྱས་ནས་རྒན་རྒོན་རྣམས་ལ་འཚམས་འདྲི་བྱས་པར་མ་ཟད། ཁོ་ཚོར་དུས་ཆེན་གྱི་སྨོན་འདུན་ཞུས།

ཁོང་ཡུང་གིས་བསྟན་དོན། རྒན་རྒོན་ལ་བརྩི་བཀུར་དང་རྒན་རྒོན་ལ་གཅེས་སྐྱོང་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་ཡིན་པ་དང་། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་གཞོལ་ཐབས་མེད་པའི་འགན་འཁྲི་ཡིན། མིག་སྔར། མི་གྲངས་རྒན་རྒོན་ཅན་དུ་འགྱུར་ཚད་ཇེ་མགྱོགས་སུ་སོང་སྟེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་པ་དང་། རྒན་གསོ་ཞབས་ཞུས་གདོང་གཏོད་དགོས་པའི་འཕེལ་རྒྱས་འགན་འཁྲི་སྔར་ལས་ཆེ་རུ་སོང་བས། རང་ཞིང་གིས་རྒན་གསོ་ཞབས་ཞུ་རྒྱ་བསྐྱེད་དེ་ནུས་ཡོད་འདོན་སྤྲོད་བྱེད་པའི་ཐད་ལ་བླང་བྱ་སྔར་ལས་མཐོན་པོ་བཏོན་ཟེར།

ཁོང་ཡུང་གིས་ནན་གྱིས་བསྟན་དོན། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་མི་དམངས་བླ་ན་མེད་པའི་འཕེལ་རྒྱས་བསམ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་པ་དང་། རྒན་རྒོན་རྣམས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་ལ་དམིགས་ནས་ཕྱོགས་བསྡུས་ཇུས་བསྟར་དང་མི་འདང་ས་ཁ་གསབ། རྒན་གསོ་ཞབས་ཞུའི་སྤུས་ཚད་བར་མ་ཆད་པར་མཐོར་འདེགས་གཏང་བ་བཅས་བྱས་ནས། རང་ཞིང་གི་རྒན་གསོ་བྱ་བ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏང་དགོས། ལམ་ལུགས་མ་ལག་འཛུགས་སྐྲུན་དང་འཐུས་ཚང་དུ་གཏང་བ་དང་། ཁྱིམ་སྡོད་རྨང་གཞི་ཡིན་པ་དང་གཞིས་ཁུལ་རྒྱབ་བརྟེན་ཡིན་པ། སྡེ་ཁག་གིས་ཁ་གསབ་བྱེད་པ། སྨན་བཅོས་དང་རྒན་གསོ་ཟུང་སྦྲེལ་བྱེད་པའི་རྒན་གསོ་ཞབས་ཞུའི་མ་ལག་མགྱོགས་མྱུར་འཛུགས་སྐྲུན་དགོས་པ་དང་། ཁྱིམ་ཚང་དང་གཞིས་ཁུལ། རྒྱལ་ཁབ་བཅས་ཀྱིས་འགན་འཁྲི་མཉམ་ཁུར་བྱེད་པའི་རྒན་གསོའི་ཞུབས་ཞུའི་སྒྲིག་གཞི་མྱུར་དུ་གྲུབ་པར་བྱེད་དགོས། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་པ་དང་རྒན་གསོ་ཞབས་ཞུའི་སྡེ་ཁག་མྱུར་དུ་འཛུགས་སྐྲུན་བྱེད་པ། ཁེབས་ཚད་ཆེ་རུ་གཏང་བ། འདོན་སྤྲོད་སྤུས་ཚད་ཇེ་མཐོར་གཏང་བ། ད་ཡོད་རྒན་གསོ་སྡེ་ཁག་གི་ཞབས་ཞུའི་ཆུ་ཚད་ཚད་ལྡན་དུ་གཏང་བ། རྒན་གསོ་སྡེ་ཁག་གི་ལྟ་སྐུལ་དོ་དམ་སོགས་འཐུས་ཚང་དུ་གཏང་བ་བཅས་བྱས་ནས། རྒན་གསོ་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏང་བ་དང་བདེ་འཇགས་འཕེལ་རྒྱས་ཡོང་བར་འགན་སྲུང་བྱེད་དགོས། ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏང་བ་དང་རྒན་གསོ་ཞབས་ཞུ་ཁྲོམ་རའི་སྒྲིག་ལམ་འཛུགས་སྐྲུན་དང་འཐུས་ཚང་དུ་བཏང་སྟེ། རྒན་རྒོན་རྣམས་ལ་སྔར་ལས་བཟང་པོའི་ཞབས་ཞུ་འདོན་སྤྲོད་བྱེད་དགོས་པ་དང་། རྒན་རྒོན་རྣམས་ཀྱིས་སྤུས་ལེགས་ཞབས་ཞུ་ལོངས་སུ་སྤྱོད་པར་འགན་སྲུང་བྱེད་པ། རྒན་རྒོན་རྣམས་ཀྱི་འཚོ་བའི་སྤུས་ཚད་དང་བདེ་སྐྱིད་ཚད་གཞི་ཇེ་མཐོར་གཏང་དགོས་ཟེར།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།