མཚོ་སྔོན་ཚགས་པར་ལས་རིགས་འགྲེམས་སྤེལ་ཚོང་འགྲེམས་ཚད་ཡོད་ཀུང་སིས་ལས་བྱེད་མི་སྣ་བསྡུ་བའི་བརྡ་སྦྱོར།

མཚོ་སྔོན་ཚགས་པར་ལས་རིགས་འགྲེམས་སྤེལ་ཚོང་འགྲེམས་ཚད་ཡོད་ཀུང་སི་ནི། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་གཤམ་འོག་གི་གཞུང་ཁོངས་མ་རྩ་ཁེར་འཇོག་ཁེ་ལས་ཤིག་ཡིན་ཞིང་། བྱ་བ་དང་ལས་སྒོ་འཕེལ་རྒྱས་ཀྱི་དགོས་མཁོ་ལྟར། ད་ལྟ་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་ལས་བྱེད་མི་སྣ་བསྡུ་རྒྱུ་ཡིན་པ་གཤམ་གསལ་ལྟར།    

1.དངུལ་གཉེར། མི2།

རེ་བ་གཤམ་གསལ།

(1)རྩིས་གཉེར་དང་ནོར་དོན་ཆེད་ལས་ཀྱི་དངོས་གཞིའི་ཚན་ཁག་ཡན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་པ།

(2)ལོ་གཉིས་ཡན་གྱི་ཁེ་ལས་ཀྱི་དངེལ་གཉེར་གྱི་བྱ་བའི་ཉམས་མྱོང་ལྡན་པ།

(3)officeགཞུང་སྒྲུབ་མཉེན་ཆས་དང་ནོར་སྲིད་འབྲེལ་ཡོད་མཉེན་ཆས་སྤྱོད་ཤེས་པ།   

2.ཚོང་རའི་ཁྱབ་སྤེལ་གཏོང་མཁན། མི8།

རེ་བ།

(1)ལོ20ནས45བར་ཡིན་པ་དང་། ཕོ་མོ་ཚད་བཀག་མེད།

(2)ཆེད་སྦྱོང་སློབ་གྲྭ་ཆེ་མོ་དང་དེའི་ཡན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་ཞིང་། འབྲེལ་ཡོད་ལས་སྒྲུབ་ཉམས་མྱོང་ཡོད་མཁན་གྱི་ཆ་རྐྱེན་འོས་འཚམ་གྱིས་ལྷུག་ཏུ་བཏང་ཆོག

(3)ལོ་གཅིག་ཡན་གྱི་བྲིན་ཚོང་བྱ་བའི་ཉམས་མྱོང་ཡོད་མཁན་སྔོན་ལ་བསྡུ་རྒྱུ།

3.གློག་རྡུལ་ཚོང་དོན་གྱི་ལས་གཉེར་པ། མི5།

རེ་བ།

(1)ཆེད་སྦྱོང་སློབ་གྲྭ་ཆེན་མོ་དང་དེའི་ཡན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་པ། ཚོང་རའི་ཚོང་གཉེར་སོགས་ཀྱི་ཆེད་ལས།

(2)དྲ་ཐོག་ཚོང་དོན་འཁོར་སྐྱོད་ཚོང་གཉེར་གྱི་བྱ་བར་རྒྱུས་མངའ་ཡོད་པ། དཔེར་ན། ཚོང་ཚོང་གོང་འོག་དབར་དང་། གཞི་གྲངས་དབྱེ་ཞིབ། འགུལ་སྐྱོད་ཇུས་འགོད། ཁྱབ་གདལ་སོགས་ཡིན།

(3)ལོ་གཉིས་དང་དེའི་ཡན་གྱི་གློག་རྡུལ་ཚོང་དོན་གྱི་འབྲེལ་ཡོད་བྱ་བའི་ཉམས་མྱོང་། ཐའོ་པའོ་དང་། སུའུ་ཉིན། ཅིན་ཏུང་སོགས་ལས་སྟེགས་གཉེར་སྐྱོང་ཉམས་མྱོང་ཡོད་མཁན་སྔོན་ལ་བྱ་དགོས།

(4)དྲ་ཐོག་བྲིན་ཚོང་ལ་དོ་དམ་དང་ཇུས་འགོད་བྱེད་མཁས་པ། ཇུས་འགོད་དང་ལག་བསྟར་བྱེད་ནུས་བཟང་པོ་ལྡན་དགོས།    

མིང་ཐོ་འགོད་སྟངས།

ཡུལ་དངོས་སུ་མིང་ཐོ་འགོད་དགོས།

མིང་ཐོ་འགོད་པའི་དུས་ཚོད། 2021ལོའི་ཟླ10པའི་ཚེས11ཉིན་ནས་ཚེས15ཉིན་བར།

དགོས་ངེས་ཀྱི་དཔྱད་གཞིའི་ཡིག་ཆ།

རྒྱུགས་སྤྲོད་སློབ་མས་མིང་ཐོ་འགོད་སྐབས་ངེས་པར་དུ་གཤམ་གསལ་གྱི་དཔྱད་གཞིའི་ཡིག་ཆ་ཁག་འཁྱེར་དགོས་པ་སྟེ། ཚུན་གཉིས་ཀྱི་འདྲ་པར་གཉིས་དང་། རང་ཉིད་ཀྱི་ངོ་སྤྲོད་མདོར་བསྡུས། ཐོབ་ཐང་ལག་ཁྱེར། མཐར་ཕྱིན་འཛིན་ཡིག། སློབ་གནས་འཛིན་ཡིག། ཁྱིམ་ཐོའི་རང་ཉིད་ཀྱི་ཤོག་ངོས། སློབ་སྦྱོང་དང་ཆ་འཕྲིན་དྲ་བའི་སློབ་རྒྱུས་ཀྱི་ཞིབ་བཤེར་སྙན་ཞུ་སོགས་མ་ཡིག་དང་དཔར་མ་དགོས།   

འབྲེལ་ཡོད་འཛིན་ཡིག།

ལས་གནས་བླང་བྱའི་འབྲེལ་ཡོད་ཐོབ་ཐང་ལག་ཁྱེར་དང་། མ་ཡིག་དཔར་མ་བཅས་གཅིག་རེ་དགོས།

གླ་ཕོགས།

གོང་གསལ་མི་སྣའི་ཚོད་ལྟའི་ལས་ཀའི་དུས་ཡུན་ཟླ་གསུམ་ཡིན་ལ། ཚོད་ལྟའི་དུས་ཡུན་ལོངས་རྗེས་གདན་ཞུས་བཀོལ་སྤྱོད་ཀྱི་གན་རྒྱ་བཞག་སྟེ། ཀུང་སིའི་ལམ་ལུགས་ལྟར་ཉེན་འགོག་སྣ་ཚོགས་སྤྲོད་པ་དང་། གླ་ཕོགས་དང་རྒྱལ་ཁབ་ཀྱི་ཁྲིམས་སུ་བཀོད་པའི་དུས་ཆེན་དང་ངལ་གསོའི་ཉིན་མོ་ལོངས་སྤྱོད་བྱས་ཆོག །    

མའོ་མའོ་ཡུས་ཆུ་མོག་གསོལ་ཁང(མིན་ཧའེ་གྲོང་གསོལ་ཁང)

མཚོ་སྔོན་མའོ་མའོ་ཡུས་བཟའ་བཏུང་རྒྱུད་འབྲེལ་ཚད་ཡོད་ཀུང་སིའི་མའོ་མའོ་ཡུས་ཆུ་མོག་ཚོང་སྦྲེལ་བཟའ་བཅའ་ནི། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་གཞུང་ཁོངས་ཁེ་ལས་དང་རྨ་ལྷོ་སོག་རྫོང་མི་དམངས་སྲིད་གཞུང་གིས་སེམས་ནུས་ཡོད་རྒུས་བཟོས་པའི་ཀྲུང་དབྱང་ཐབ་ཚང་ནས་མཁོ་འདོན་བྱས་པ་ཞིག་ཡིན་པ་དང་། ད་ལྟ་ཟི་ལིང་མིན་ཧའེ་གྲོང་གིས་ཡན་ལག་ཚོང་ཁང་བཙུགས་ནས། སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་ལས་མི་བསྡུ་རྒྱུ་ཡིན་པ་གཤམ་གསལ་ལྟར།    

1.མ་བྱན། མི2།

རེ་བ།

(1)ལོ45ནང་ཚན་ཡིན་པ། ཕོ་མོའི་ཚད་བཀག་མེད།

(2)སྟབས་བདེའི་ཚལ་གྱི་ལས་སྣོན་གཡོས་སྦྱོར་གྱི་ནུས་པ་ལྡན་པ་དང་ཉམས་མྱོང་ཡོད་པ།

(3)སློབ་གཉེར་བརྒྱུད་རིམ་ལ་ཚད་མེད།

2.དངུལ་བསྡུ་མཁན། མི1།

རེ་བ།

(1)ལོ30ནང་ཚན་ཡིན་ལ། བུད་མེད་ཡིན་དགོས།

(2)གཟུགས་བརྙན་ཡག་པོ་དང་། འགན་འཁྲི་འཁུར་སེམས་ཡོད་པ། སློབ་སྦྱོང་བྱེད་མཁས་པོ་བཅས་ཡིན་དགོས།

(3)འབྲིང་རིམ་ཆེད་ལས་སློབ་གྲྭ་དང་དེ་ཡན་གྱི་སློབ་གཉེར་ལྡན་དགོས།    

3.ཞབས་ཞུ་བ། མི2།

རེ་བ།

(1)ལོ30ནང་ཚན་ཡིན་དགོས།

(2)ཚོགས་པའི་མཉམ་ལས་ཀྱི་སྙིང་སྟོབས་ཡོད་པ་དང་ལས་ཀ་ཏན་ཏིག་བྱ་དགོས།

(3)སློབ་གཉེར་བརྒྱུད་རིམ་ལ་ཚད་མེད།

གླ་ཕོགས།

མ་མཐའི་གླ་ཕོགས+ལས་ཞུགས་ཡོངས་ཀྱི་བྱ་དགའ+ལས་རྗེས་བྱ་དགའ།

འབྲེལ་གཏུག་པ། རྒན་ཀྲའོ་ལགས།18797311534

ཁ་པར་ཨང་གྲངས། 0971—8457228

ས་གནས། མཁར་དབུས་ཁུལ་ཁྲང་ཅང་ལམ་ཨང5པ། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་ནུབ་ཁང་དྲུག་པའི601འགྲེམས་སྤེལ་ལྟེ་གནས།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།