སྐྱེ་ཁམས་ལེགས་བཅོས་ལ་འདབ་ཆགས་རང་འཁོར།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།སྤྱི་ཟླ10པའི་ཚེས8ཉིན། གསར་འགོད་པས་མཚོ་ཤར་གྲོང་ཁྱེར་གཞོང་ཐང་ཧའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཀུའུ་ཙེ་གྲོང་རྡལ་ཆུ་མཛོད་ཁུལ་དུ་བྱ་ཁྲ10པར་བླངས་པ་དང་། ཉེ་བའི་ལོ་ཤས་རིང་། གཞོང་ཐང་རྫོང་གིས“རི་ལྗང་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོ་བཙུགས་ནས། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ལ་སྐུལ་འདེད་ཐོག །རྨ་ཆུ་དང་ཙོང་ཆུའི་འབབ་རྒྱུད་དེ་ཆུའི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་སོང་ནས།ངང་དཀར་དང་། བྱ་དཀར། སོ་བྱ་སོགས་རྩ་ཆེའི་འདབ་ཆགས་རིགས་མང་པོ་ཞིག་གནས་འདིར་མགྲོན་ལ་བཀུག་ཡོད།

ཤ་མོ་འཚོས་བསྒྱུར།