ནང་ལོགས་དང་འདྲ་བའི་འབྲོག་ཡུལ་མདོ་ལར་ཡུལ་སྐོར་བ་རྒྱུན་ཆད་མེད་པར་བྱུང་།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། སྟོན་ཟླ་བཅུ་པར“མདོ་ལ་ལྷ་ཡི་ཞིང་ཁམས”ཞེས་འབོད་པའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་དུ་ཡུལ་སྐོར་བ་སྔར་བཞིན་རྒྱུན་ཆད་རྒྱུ་མེད་པར་བྱུང་། ད་ལོ་ནས་བཟུང་མདོ་ལ་རྫོང་གིས་རིམས་ནད་འགོག་ཟོན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བ་སོ་སོ།སྤྱི་འདོམས་བྱས་ནས“1234”ཡི་འཐབ་ཇུས་འཆར་འགོད་གཞིར་བཟུང་སྟེ། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ནུས་ཤུགས་ཡོད་རྒུས་མངོན་འགྱུར་བྱས་ཏེ།“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”མགོ་ཡག་པོར་བཙུགས་ཏེ་གོམ་སྟབས་ཡག་པོ་སྤོ་རྒྱུའི་འགན་ལེན་བྱས། འདི་ནི་ཟླ10པའི་ཚེས10ཉིན། ཧྲའན་ཤིས་ནས་ཡོང་བའི་ཡུལ་སྐོར་བས་སྤྲོ་སྣང་ཆེན་པོས་བཙུན་མོའི་སྒང་མཛེས་ལྗོངས་ཁུལ་དུ་དྲན་རྟེན་གྱི་པར་བརྒྱབ་པ་ཞིག་རེད།

ཤ་མོ་འཚོས་བསྒྱུར།