མཚོ་སྔོན་ཞིང་ཆེན་གྱི2022ལོའི་རྒྱལ་ཡོངས་ཀྱི་ཞིབ་འཇུག་སློབ་མའི་རྒྱུགས་ལ་མིང་ཐོ་འགོད་པའི་བརྡ་ཐོ།

རང་རེའི་དྲ་བའི་འཕྲིན། སློབ་གསོ་པུའུ་ཡི《2022ལོའི་རྒྱལ་ཡོངས་ཀྱི་ཞིབ་འཇུག་སློབ་མ་བསྡུ་བའི་བྱ་བའི་དོ་དམ་གཏན་འབེབས》དང་། 《རང་ཞིང་གི2022ལོའི་རྒྱལ་ཡོངས་ཀྱི་ཞིབ་འཇུག་སློབ་མའི་རྒྱུགས་ལེན་མིང་ཐོ་འགོད་གནས་ཀྱི་འབྲེལ་ཡོད་དོན་ཚན་སྐོར་གྱི་བརྡ་ཐོ》(མཚོ་བསྡུ་ཨུ་ལྷན་གཞུང་སྒྲུབ་ཁང〔2021〕ཨང་རྟགས45པ)གཞིར་བཟུང་སྟེ། རང་ཞིང་གི2022ལོའི་རྒྱལ་ཡོངས་ཀྱི་ཞིབ་འཇུག་སློབ་མའི་རྒྱུགས་ལ་མིང་ཐོ་འགོད་པའི་བརྡ་ཐོ་གཤམ་གསལ་ལྟར།

གཅིག དྲ་ཐོག་ནས་མིང་ཐོ་འགོད་པའི་དུས་ཚོད།

1.དྲ་ཐོག་ནས་མིང་ཐོ་འགོད་པའི་དུས་ཚོད། 2021ལོའི་ཟླ10པའི་ཚེས5ནས25ཉིན་བར།

2.མིང་ཐོ་འགོད་སའི་དྲ་ཚིགས། ཀྲུང་གོ་ཞིབ་འཇུག་སློབ་མའི་ཆ་འཕྲིན་དྲ་བ(https://yz.chsi.com.cn)།

3.ཡིག་རྒྱུགས་ལེན་པའི་དུས་ཚོད། 2021ལོའི་ཟླ12པའི་ཚེས25ནས26ཉིན་བར། ཆུ་ཚོད3ལས་བརྒལ་པའི་བསླབ་ཚན་གྱི་རྒྱུགས་གཞི་ཟླ12པའི་ཚེས27ཉིན་བཀོད་སྒྲིག་བྱ་རྒྱུ།

4.རྒྱུགས་སྤྲོད་འཛིན་ཡིག་ལེན་པའི་དུས་ཚོད། 2021ལོའི་ཟླ12པའི་ཚེས18ནས27ཉིན་བར།

5.གྲོན་དངུལ་ཚད་གཞི། མི་རེས་ནས་སྒོར160སྤྲད་དགོས།

གཉིས། སློབ་གསོ་པུའུ་ཡིས་གཏན་འབེབས་བྱས་པའི་མིང་ཐོ་འགོད་པའི་ཆ་རྐྱེན།

1.རང་ཞིང་གི་ཁོངས་གཏོགས་སློབ་གྲྭ་ཆེན་མོའི་ད་ལོའི་མཐར་ཕྱིན་སློབ་མ།

2.མཚོ་སྔོན་གྱི་མི་ཡིན་པའི་སྤྱི་ཚོགས་སྟེང་གི་རྒྱུགས་ལེན་སློབ་མ།

3.རང་ཞིང་ནས་བྱ་བ་གཉེར་བཞིན་པའི་མཚོ་སྔོན་པ་མིན་པའི་སྤྱི་ཚོགས་སྟེང་གི་རྒྱུགས་ལེན་སློབ་མ།

གསུམ། མཚོ་སྔོན་ཞིང་ཆེན་གྱི་ཞིབ་འཇུག་སློབ་མ་རྒྱུགས་སྤྲོད་སའི་སློབ་གྲྭ།

1.མཚོ་སྔོན་སློབ་ཆེན(6303)། 2.མཚོ་སྔོན་དགེ་ཐོན་སློབ་ཆེན(6304)། 3.མཚོ་སྔོན་མི་རིགས་སློབ་ཆེན(6305)། 4.ཟི་ལིང་གྲོང་ཁྱེར་སློབ་གསོ་རྒྱུགས་ལེན་གླིང་(6302)བཅས་སོ།།

བཞི། དྲ་ཐོག་ནས་གཏན་འཁེལ་བྱེད་པ།

ཞིབ་འཇུག་སློབ་མའི་མིང་ཐོ་འགོད་པའི་ཁྲོད་དྲ་ཐོག་ནས་མིང་ཐོ་འགོད་པ་དང་དྲ་ཐོག་ནས་གཏན་འཁེལ་བྱེད་པའི་དུས་རིམ་གཉིས་ཡོད། རྒྱུགས་ཞུགས་སློབ་མ་ཚང་མས་གཏན་འབེབས་བྱས་པའི་དུས་ཚོད་ནང་དྲ་ཐོག་ནས་གཏན་འཁེལ་བྱ་དགོས། དུས་ཚོར་འཛུར་ན་རྩིས་མེད་ཡིན། དྲ་ཐོག་ནས་གཏན་འཁེལ་བྱེད་པའི་ཞིབ་ཕྲའི་བླང་བྱ་ཟླ10པའི་ཟླ་མཇུག་ནས་ཟླ11པའི་ཟླ་སྟོད་ལ་ཁྱབ་སྒྲོག་བྱ་རྒྱུ།

རང་ཞིང་གི་ཞིབ་འཇུག་སློབ་མའི་རྒྱུགས་གཞིའི་འབྲེལ་ཡོད་ཆ་འཕྲིན་མཚོ་སྔོན་ཞིང་ཆེན་གྱི་སློབ་གསོ་རྒྱུགས་ལེན་གཞུང་ཕྱོགས་དྲ་ཚིགས(www.qhjyks.com)དང་སྐད་འཕྲིན་སྤྱི་སྟེགས་བརྒྱུད་ནས་རྒྱུས་ལོན་བྱ་ཆོག །

ལྔ། བློ་འདྲི་བྱ་ཡུལ།

ལོ་ཙཱ་པ། ལྷ་ཆེན་རྒྱལ།