ཟི་ལིང་གི་འཁོར་བདག་ཚོས་འདིར་ཡིད་འཇོག་བྱོས་དང་ཁ་གསབ་མཐོ་ཤོས་ལ་སྒོར་ཁྲི3.6འདུག

ཟི་ལིང་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་སྤེལ་བའི་བརྡ་ཐོ། དེ་རིང་ནས2021ལོའི་ཟླ10ཚེས31ཉིན་བར། ཟི་ལིང་གྲོང་ཁྱེར་གྱིས་རླངས་འཁོར(ཁྲའེ་སྣུམ)རྙིང་གྲས་གསེས་འདོར་བྱས་པར་ཁ་གསབ་རིམ་བཞིན་ལག་བསྟར་བྱས་ནས། རྒྱལ་ཁབ་ཀྱི་དུས་རིམ་གསུམ་པའི་འཕྲུལ་འཁོར་དང་། རླངས་དུག་འབུད་ཚད་དེའི་མན་གྱི་ཁྲའེ་སྣུམ་ཟོང་འདྲུད་རླངས་འཁོར་རིམ་བཞིན་གསེས་འདོར་བྱ་དགོས་པར་སྐུལ་སློང་བྱ་རྒྱུ་རེད།

ཁ་གསབ་ཀྱི་ཁྱབ་ཁོངས་ནི། 2008ལོའི་ཟླ6ཚེས1ཉིན་ནས2008ལོའི་ཟླ12ཚེས31ཉིན་བར། ཟི་ལིང་གྲོང་ཁྱེར་སྲིད་འཛིན་ཁྱབ་ཁོབས་སུ་ཐོ་འགོད་བྱས་པའི་རྒྱལ་ཁབ་ཀྱི་དུས་རིམ་གསུམ་པའི་འཕྲུལ་འཁོར་དང་རླངས་དུག་འབུད་ཚད་དེའི་མན་གྱི་ཁྲའེ་སྣུམ་ཟོང་འདྲུད་རླངས་འཁོར་ཡིན།

སྙན་ཞུའི་གོ་རིམ་ནི།འཁོར་བདག་གིས་ཟི་ལིང་གྲོང་ཁྱེར་རླངས་འཁོར་རྙིང་བ་འདོར་བར་དང་ལེན་བྱེད་སར(ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཁག་གི་ཐོག་སོ་དང་པོའི་ཚོམས་ཆེན་ནུབ་མར)ཟི་ལིང་གྲོང་ཁྱེར་གྱི2021ལོའི་ཁྲའེ་སྣུམ་ཟོང་འདྲུད་རླངས་འཁོར་སྔ་འདོར་གྱི་ཁ་གསབ་སྙན་ཞུ་རེའུ་མིག་བསྐང་དགོས་པ་དང་། གཏན་འབེབས་ལྟར་ཟོང་འདྲུད་རླངས་འཁོར་སྔ་ནས་དོར་རྗེས་ཁ་གསབ་སྙན་ཞུ་ཡི་འགྲོ་ལུགས་བསྒྲུབ་དགོས།

གཤམ་གྱི་འགལ་རྐྱེན་འདི་ལས་གཅིག་ཡོད་ཚེ་ཁ་གསབ་མེད།

སྲིད་འཛིན་དོན་ལས་ལས་ཁུངས(རང་ལེན་རང་གཏོང་གི་དོན་ལས་ལས་ཁུངས)ཀྱི་ཡིན་པ།

རྒྱལ་ཁོངས་ཁེ་ལས(རྒྱལ་ཁོངས་སྒེར་གཉེར་ཀུང་སི་དང་། རྒྱལ་ཁོངས་མ་རྐང་ཚོད་འཛིན་ཀུང་སི)ཀྱི་ཡིན་པ།

2021 ལོའི་ཟླ1 ཚེས1ཉིན་གྱི་རྗེས་སུ་ཡུལ་གཞན་ནས་ཟི་ལིང་གྲོང་ཁྱེར་སྲིད་འཛིན་ཁུལ་དུ་སྤར་བ།

2021 ལོའི་ཟླ1 ཚེས1ཉིན་གྱི་རྗེས་སུ་སྲིད་འཛིན་དོན་ལས་ལས་ཁུངས་དང་། རྒྱལ་ཁོངས་ཁེ་ལས་མི་སྒེར་ལ་བསྐོར་བ།

《འཕྲུལ་སྒུལ་རླངས་འཁོར་བཙན་གྱིས་བེད་མེད་བཟོ་བའི་ཚད་གཞི་གཏན་འབེབས》ཁྲོད་བཙན་གྱིས་བེད་མེད་གཏང་དགོས་པའི་ཚད་ལ་བསླེབས་པ།

བཙན་གྱིས་བེད་མེད་གཏང་བའི་དུས་ཚད་ལོ་གཅིག་མ་ལོངས་པའམ། བསྟུད་མུར་ཐེངས་གསུམ་གྱི་ཞིབ་བཤེར་དུས་ཡུན་ནང་ཞིབ་བཤེར་ཚད་ལྡན་མཚོན་རྟགས་ལེན་ཐུབ་མེད་པ།

འགྲིམ་འགྲུལ་དོན་རྐྱེན་སོགས་རང་བཞིན་འགན་རྐྱེན་མ་ཡིན་པའི་འགལ་རྐྱེན་གཞན་རིགས་ལ་བརྟེན་ནས་ཐད་ཀར་བེད་མེད་དུ་གྱུར་བ།

ཁ་གསབ་ཡོད་པའི་རླངས་འཁོར་རིགས་ཕུད་པའི་རླངས་འཁོར་གཞན་དག

རླངས་འཁོར་གྱི་རིགས་མི་འདྲ་བར་ཁ་གསབ་ཀྱི་ཚད་ཀྱང་མི་འདྲ།

ཁྲའེ་སྣུམ་ཟོང་འདྲུད་རླངས་འཁོར་ལྕི་རིགས་གཅིག་ལ་ཁ་གསབ་སྒོར་ཁྲི36000རེ། འབྲིང་རིགས་གཅིག་ལ་ཁ་གསབ་སྒོར་ཁྲི22000རེ། ཡང་རིགས་གཅིག་ལ་ཁ་གསབ་སྒོར་ཁྲི9000རེ་ཡིན་ནོ། །

ཁ་གསབ་ལེན་པའི་སྙན་ཞུར་རྒྱུ་ཆ་འདི་དག་ཚང་དགོས།

2021ལོར་རླངས་འཁོར་རྙིང་བ(ཁྲའེ་སྣུམ་ཟོང་འདྲུད་རླངས་འཁོར)སྔ་མོ་ནས་གསེས་འདོར་བྱེད་པའི་ཁ་གསབ་སྙན་ཞུའི་རེའུ་མིག

འཁོར་བདག་གི་ཐོབ་ཐང་ལག་འཁྱེར་དང་དེའི་བསྐྱར་དཔར་རམ་ཡང་ན་ལས་ཁུངས་ཀྱི་དཔང་ཡིག་གསུམ་དང་དེའི་བསྐྱར་དཔར།

བེད་མེད་རླངས་འཁོར་ཕྱིར་བསྡུ་དཔང་ཡིག(དཔང་ཡིག་གསུམ་འབྲེལ)དང་། བེད་མེད་རླངས་འཁོར་ཕྱིར་སྡུད་ཁེ་ལས་ཀྱི་དམངས་བསལ་མཚོན་རྟགས་བཤག་པའི་བེད་མེད་རླངས་འཁོར(བེད་མེད་རླངས་འཁོར་གྱི་འཁོར་རྟགས། རླངས་འཁོར་ཆ་ཚང་། བེད་མེད་རླངས་འཁོར་ཕྱིར་སྡུད་དང་ཁེ་ལས་ཀྱི་དམིགས་བསལ་མཚོན་རྟགས་བཤག་པ)གྱི་པར་རིས།

འཕྲུལ་སྒུལ་རླངས་འཁོར་ཐོ་ཁུངས་ནས་བསུབས་པའི་དཔང་ཡིག་དང་དེའི་བསྐྱར་དཔར།

འཁོར་བདག་གི་དངུལ་བྱང་དང་དེའི་བསྐྱར་དཔར(བསྐྱར་དཔར་ལ་མི་སྒེར་ནས་མིང་འགོད་དགོས)རམ་ལས་ཁུངས་ཀྱི་ཐོ་ཁོངས་བཟོས་པའི་དཔང་ཡིག་དང་དེའི་བསྐྱར་དཔར།

ཁོན་ཐར་འཚོས་བསྒྱུར།