སྟོང་སྐོར་རྫོང་གིས་གཞིས་ཁུལ་རྙིང་བར“བཅོས་སྒྱུར་ཕྲན་ཙམ”བྱས་པ་དེས“མཐོར་འདེགས་ཆེན་པོ”བྱུང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། མང་ཚོགས་ཀྱིས་རེ་ལྟོས་བྱེད་པའི་གཞིས་ཁུལ་རྙིང་བར་ལེགས་བཅོས་བྱ་ཆེད། མི་རྣམས་གཙོ་བོར་འཛིན་པའི་དོན་དངོས་ཀྱི་འདུ་ཤེས་ལེགས་པོར་རྐང་བཙུགས། དེ་ལས་སྟོང་སྐོར་རྫོང་གིས་མུ་མཐུད་དུ་སེམས་པ་གནད་ལ་ཕབ་སྟེ་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་དང་བརྩེ་བར་བརྟེན་ནས་དོན་དངོས་བསྒྲུབས་ནས། མི་དམངས་མང་ཚོགས་ཀྱི་འཚོ་བའི་དགོས་མཁོའི་ནང་དོན་གསར་པ་དང་རེ་ཞུ་གསར་བར་གོ་བ་ཟབ་མོ་བླངས་ཏེ། མང་ཚོགས་ཀྱི་རེ་ལྟོས་གསར་པ་མུ་མཐུད་དུ་བསྐངས་སོ། །

སྟོང་སྐོར་ཕྱུགས་ལས་སློབ་གྲྭའི་གཞིས་ཁུལ་དུ་སྡོད་པའི་ཨ་མྱེས་ཀྲང་གིས་རང་ཁྱིམ་གྱི་གཞིས་ཁུལ་རྙིང་བའི་ལེགས་བཅོས་ལ་ཡིད་ཚིམ་པའི་སྒོ་ནས་བཤད་རྒྱུར། གཞིས་ཁུལ་རྙིང་བར་ལེགས་བཅོས་བྱས་པ་དེས། མང་ཚོགས་ཀྱི་འདུས་སྡོད་ཁོར་ཡུག་ལ་ལེགས་བཅོས་ཐོབ་པར་མ་ཟད། བདེ་འཇགས་ཀྱི་འགལ་རྐྱེན་མང་པོ་ཡང་མེད་པར་བཟོས་པས། འདི་ནི་ངོ་མས་མང་ཚོགས་ལ་བསྒྲུབས་པའི་དོན་དངོས་རེད་ཟེར།

གྲོང་ཁྱེར་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་སོང་བ་དང་བསྟུན་ནས། ཁོར་ཡུག་མཛེས་བཟོ་དང་བྱེད་ནུས་འཐུས་ཚང་ཅན་གྱི་རྣམ་པ་གསར་པའི་སྡོད་ཁང་གཞིས་ཁུལ་མུ་མཐུད་དུ་བྱུང་ལ། དེ་དག་དང་སྡུར་ན་གཞིས་ཁུལ་རྙིང་བ་སྐོར་ཞིག་སྔར་བཞིན་མདོག་མེད་མདངས་མེད་དུ་ལུས་ཡོད། དེ་ལྟའི་གནས་སྟངས་འོག་གི་མང་ཚོགས་ཀྱི་འཚོ་བའི་རྒྱུ་སྤུས་མཐོར་འདེགས་སུ་གཏང་ཆེད། སྟོང་སྐོར་རྫོང་མཁར་གྲོང་གྲོང་རྡལ་གྱི་འབྲེལ་ཡོད་གཞིས་ཁུལ་དག་གིས་ཧུར་ཐག་སྒོས་རྫོང་སྡོད་ཁང་འཛུགས་སྐྲུན་ཅུའུ་ལ་རམ་འདེགས་རོགས་སྒྲུབ་སྒོས་གཞིས་ཁུལ་རྙིང་བ་ལེགས་བཅོས་ཀྱི་ལས་ཀ་སྤེལ་ཞིང་། རྨང་གཞིའི་སྒྲིག་ཆས་ལ་ཁྱོན་ཡོངས་ནས་ལེགས་བཅོས་ཐོབ་པ་དང་། དེ་ལྟར་གཞིས་ཁུལ་གྱི་ངན་མདོག་གསལ་འཚེར་དུ་བཏང་བ་རེད།

སྔོན་མའི་དུས་ཀྱི་རྩད་ཞིབ་བརྒྱུད། རོགས་སྒྲུབ་སྙོམས་སྒྲིག་གཏན་འབེབས་བྱས་པའི2021ལོའི་གཞིས་ཁུལ་རྙིང་བའི་ལེགས་བཅོས་ལ་རྣམ་གྲངས་མི་འདྲ་བ2ཡོད་ལ། གཞིས་ཁུལ15ཡི་ཁྱིམ་ཚང1014ལ་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི2320བཏང་ཡོད། ལས་སྐྲུན་གཙོ་བོར་བཙོག་ཆུ་འདྲེན་པ་དང་གློག་སྐུད་བརྗེ་བ། ལམ་སྒྲོན་གསར་སྣོན། གློག་ཤུགས་མཁོ་སྤྲོད། དབུགས་མཁོ་འདོན་ལེགས་བཅོས་དང་ལྗང་སྒྱུར། ཨར་འདམ་གྱི་ལམ་ལས་པ། སྐས་རྐང་ལ་པུ་ཤུ་གསར་སྣོན་སོགས་རྨང་གཞིའི་སྒྲིག་ཆས་འཐུས་ཚང་གི་ལེགས་བཅོས་རྣམ་གྲངས་ཡིན། ད་ལྟའི་བར། སན་ཅན་གཞིས་ཁུལ་དང་ཕྱི་ཕྱོགས་ཉོ་འཚོང་གཞིས་ཁུལ་གྱི་ལས་གཞི་ཡོངས་འགྲུབ་བྱུང་། དེ་ལས་རྒྱང་སྒྲོག་ཅུའུ་ཡི་གཞིས་ཁུལ་སོགས་གཞིས་ཁུལ6ལ་སྐྱག་དོང་དང་དྲོད་འདོན། བཙོག་ཆུ་ཕྱིར་འདྲེན། གྱང་ངོས་ཞིག་གསོའི་ཚོན་སྒྱུར་སོགས་རྨང་གཞིའི་སྒྲིག་ཆས་འཐུས་ཚང་དུ་བཏང་། ཕྱུགས་ལས་སློབ་གྲྭའི་གཞིས་ཁུལ་སོགས་གཞིས་ཁུལ་རྙིང་བ7གྱི་བཙོག་ཆུའི་འདྲེན་སྦུགས་དང་སྐྱག་དོང་སྒྲིག་འཛུགས། ཆར་ཆུའི་འདྲེན་སྦུགས། དྲོད་འདོན་སྒྲིག་ཆས་ལེགས་སྒྱུར་སོགས་ཡོངས་འགྲུབ་བྱུང་། གཞིས་ཁུལ་རྙིང་བ་སོ་སོའི་ནང་ཁུལ་དུ་ཨར་འདམ་གྱི་ལམ་བཏིངས་ཟིན་པས། སྔོན་ཆད་ཆར་བ་བབས་ན་གང་སར་ཆུ་འཁྱིལ་བའི་རྣམ་པ་དེ་མེད་པར་བཏང་ཞིང་། ར་སྐོར་གྲལ་དག་ཅིང་དྲོད་རླངས་དྲོས་པ། ལམ་སྒྲོན་གསལ་བ། ཆུ་འདྲེན་སྦུ་གུ་དང་བཙོག་ཆུའི་འདྲེན་སྦུགས་མི་ཁེག་པ། མང་ཚོགས་ཀྱི་སེམས་འདུན་ཡང་སེལ་དཀྲོལ་བྱས་ཡཡོད། ཤར་ལམ་སྲང་ཆེན་སྒོ་ཨང10པའི་ཨ་ནེ་ལིས་ཀྱིས་དགའ་སྤྲོའི་ངང་ནས་བཤད་རྒྱུར། “ཐོག་ཁང་འདིའི་སྐས་རིམ་གྱི་ལག་བསྐྱོར་སྒྲིག་འཇུག་བྱས་པ་ཧ་ཅང་ལེགས་ཤིང་། ང་ཚོ་རྐང་ལག་མི་བདེ་པའི་རྒན་རྒོན་དག་ལ་སྟབས་བདེ་མི་དམན་པ་ཞིག་བསྐྲུན་ཡོད”ཟེར།

མཁར་གྲོང་ཙམ་མིན་པར་སྟོང་སྐོར་རྫོང་གི་གྲོང་གསེབ་དག་ལ་ཡང་མུ་མཐུད་དུ་ལེགས་བཅོས་ཐོབ་བཞིན་ཡོད། སྡེ་བའི་ནང་དུ་སྤྱོད་ཁང་ཡོད་ལ། ར་སྐོར་ངོས་སུ་དྲོད་འཛིན་རིམ་པ་ཞིག་སྦྱར་ཡོད། སྒེའུ་ཁུང་ཡང་གསར་དུ་བརྗེས་ཡོད། སྡེ་མི་དག་གིས་བསྟོད་བསྔགས་དང་བཅས། ད་ལྟ་གྲོང་གསེབ་ཀྱི་སྡོད་ཁང་དག་གྲོང་ཁྱེར་གྱི་ཐོག་ཁང་དང་ཁྱད་པར་ཆེན་པོ་མེད་ཟེར། སྟོང་སྐོར་རྫོང་གི་ཞིང་ཁྱིམ་མང་པོ་ཞིག་གི་སྡོད་ཁང་གི་གྱང་ངོས་ལ་དྲོད་སྲུང་རིམ་པ་མེད་པ་དང་དགུན་ཚུགས་སྐབས་སུ་ཁང་བའི་ནང་དྲོད་འཛིན་གྱིས་མི་འདང་པ་སོགས་ཀྱི་གནད་དོན་ལ་ཁ་གཏད་དེ། རྫོང་སྡོད་ཁང་འཛུགས་སྐྲུན་ཅུའུ་ཡིས་བྱེད་ནུས་འདོན་སྤེལ་གང་ལེགས་སྒོས། ་ཞིང་ཆེན་དང་གྲོང་ཁྱེར་གྱི་འབྲེལ་ཡོད་ཞིང་འབྲོག་སྡོད་དམངས་ཀྱི་སྡོད་ཁང་ཆ་རྐྱེན་ལ་ལེགས་བཅོས་བྱེད་པའི་བཟོ་སྐྲུན་ལས་གཞི་གཞིར་བཟུང་སྟེ་ཞིང་ཁྱིམ་དག་ལ་ཅི་ཞིག་ཆད་པ་དང་ཅི་ཞིག་མཁོ་པའི་རྩ་དོན་གཞིར་བཟུང་སྟེ། ར་སྐོར་སྟེང་དུ་གྲོན་ནུས་དྲོད་སྲུང་དང་ཁང་ཀླད་དུ་ཆུ་འགོག་དྲོད་སྲུང་། སྡོད་ཁང་གི་སྒེའུ་ཁུང་གསར་བརྗེ། སྒྲོམ་གཞི་རང་བཞིན་གྱི་ཉི་ནུས་དྲོད་ཁང་། སྤྱོད་ཁང་ལེགས་བཅོས། བཙོག་ཆུ་ཕྱིར་འདོན་སྦུ་གུ་འདྲེན་པ། ཁང་བའི་སྔ་གཞུག་ཏུ་བརྩིགས་པའི་མཁར་གྱང་ཞིག་རོ་དང་ཁྱིམ་ཚང་གི་ལྗང་སྒྱུར་མཛེས་བཟོ་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཁྱོན་ཡོངས་ནས་སྡོད་ཁང་དང་འདུག་སྡོད་ཁོར་ཡུག་ལ་ལེགས་བཅོས་ཐོབ་པ་དང་སྡེ་བའི་ཕྱིའི་རྣམ་པ་ཡང་མཐོར་འདེགས་བྱུང་ཡོད། མིག་སྔའི་བར་དུ་རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ6གིས་རོང་འབྲོག་པའི་སྡོད་ཁང་གི་ཆ་རྐྱེན་ལེགས་བཅོས་ཐོབ་པའི་ཁྱིམ་ཚང778ཁྲོད་ད་ལྟ་ཁྱོན་ཡོངས་ནས་ལས་སྐྲུན་འགོ་བཙུགས་སྟེ་ཁྱིམ་ཚང390ལྷག་གི་ལས་ཀ་ཡོངས་འགྲུབ་བྱུང་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།