རྒྱལ་སྟོན་གུང་གསེང་གི་ཉིན7རིང་ལམ་གླ་ལེན་རྒྱུ་མ་རེད།

ཚེས26ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བསྡུས་ཤིང་། དེ་ལས་འགྲིམ་འགྲུལ་སྐྱེལ་འདྲེན་པུས་བསྟན་དོན། རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་རིང་རྒྱལ་ཡོངས་ཀྱི་གྲོན་བསྡུའི་གཞུང་ལམ་དུ་འདུག་སྟེགས7མན་གྱི་རླངས་འཁོར་ཆུང་བའི་རིགས་ཀྱིས་ལམ་ཁྲལ་སྤྲད་མི་དགོས་པ་བཟོས་འདུག

ལམ་ཁྲལ་སྤྲད་མི་དགོས་པའི་དུ་ཡུན།

ཟླ10པའི་ཚེས1ཉིན་གྱི་ཆུ་ཚོད00:00ནས་ཟླ10པའི་ཚེས7ཉིན་གྱི་ཆུ་ཚོད24བར།  

འགྲིམ་འགྲུལ་སྐྱེལ་འདྲེན་པུས་སྔོན་དཔག་བྱས་པ་ལྟར་ན། རྒྱལ་སྟོན་དུས་ཆེན་རིང་རྒྱལ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་དུ་ཉིན་རེར་ཆ་སྙོམས་འགྲུལ་བཞུད་བྱེད་ཚད་ཁྲི4500བསླེབ་རྒྱུ་ཡིན་ཞིང་། ཟླ8པ་དང་བསྡུར་ན། ཉིན་རེར་ཆ་སྙོམས་འགྲུལ་བཞུད་བྱེད་ཚད་ཁྲི3074ལ་བསླེབས་དང་། 46%ཙམ་འཕར་ཡོད་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།