ཧུར་ཐག་སྒོས་གཞི་རིམ་སྲིད་གྲོས་ཀྱི“ཞན་ཆ་གཉིས”ཀྱི་གནད་དོན་མེད་པར་བཟོས་པ།

མཚོ་ཤར་གྲོང་ཁྱེར་དམར་གཙང་ཁུལ་སན་ཧི་གྲོང་རྡལ་སྲིད་གྲོས་མཉམ་འབྲེལ་ཁང་གིས་ཨུ་ཡོན་རྩ་འཛུགས་བྱས་ཏེ་འགན་ནུས་ལག་བསྟར་བྱ་འགུལ་སྤེལ་བ་དང་། ཏང་ཨུ་སྲིད་གཞུང་གི་ལག་རོགས་པ་བཟང་པའི་བྱེད་ནུས་འདོན་སྤེལ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་སེམས་ཀྱི་ནོར་བུ་དང་ཨུ་ཡོན་གྱི་ལས་འགན་ལག་བསྟར་བྱེད་པའི་སྟེགས་བུ་གསར་པའི་ནུས་པ་ཐོན་ཡོད།

ཞིང་ཆེན་སྲིད་གྲོས་ཞིང་ལས་དང་ཞིང་སྡེ་ཨུ་ཡོན་ལྷན་ཚོགས་ཀྱིས་ཟི་ལིང་གྲོང་ཁྱེར་ཙོང་ཁ་ཆུས་ཀྱི“རང་ཞིང་གི་ཞིང་སྡེ་ཕྱུག་སྒྱུར་ངལ་རྩོལ་ནུས་ཤུགས་གཞན་སྒྱུར་ལས་ཞུགས་ལ་སྐུལ་འདེད་བྱེད་པ”ཞེས་པའི་བརྗོད་དོན་གྱི་ཙོང་ཁ་ཁུལ་སྐལ་བཟང་མེ་ཏོག་བོད་ལུགས་ཁྱིམ་ཆས་བཟོ་གྲྭ་རུ་སྤེལ་བ།

ཟླ8པའི་ཟླ་མཇུག་བར། རང་ཞིང་གི་གྲོང་ཁྱེར་དང་ཁུལ། རྫོང་དང་ཆུས། ཡུལ་ཚོ་དང་གྲོང་རྡལ་གྱི་སྐབས་བརྗེའི་འདེམས་བསྐོའི་བྱ་བ་བདེ་བླག་ངང་ཡོངས་འགྲུབ་བྱུང་ཡོད། ཐེངས་འདིའི་སྐབས་བརྗེའི་འདེམས་བསྐོའི་ཁྲོད་གཞི་རིམ་སྲིད་གྲོས་བྱ་བའི་སྟོབས་ཤུགས་ཀྱི་མི་འདང་པའི་གནད་དོན་ལ་ཁ་གཏད་དེ། སྲིད་གྲོས་ཨུ་ཡོན་གྱི་ཁ་གྲངས་དང་རིམ་མཉམ་དམངས་ཆེན་འཐུས་མིའི་ཁ་གྲངས་ཀྱི་གཞི་རྩའི་རེ་འདུན་གཞིར་བཟུང་ནས། ཨུ་ཡོན་གྱི་གཞི་ཁྱོན་འོས་འཚམ་སྒོས་རྒྱ་བསྐྱེད་པས། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་སྲིད་གྲོས་ཨུ་ཡོན་མི་གྲངས2380ཇེ་མང་དུ་སོང་ཤིང་། རྫོང་རིམ་པའི་སྲིད་གྲོས་ཨུ་ཡོན་ཡུལ་ཚོ་དང་གྲོང་རྡལ་ཡོངས་ལ་ཁེབས་སུ་བཅུག་པ་མངོན་འགྱུར་བྱུང་ཡོད།

འདི་ནི་རང་ཞིང་གིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་དུ་སྤེལ་བ་ཡིན་ལ། བསམ་བློ་བཅོས་སྒྱུར་དང་འདུ་ཤེས་གསར་སྐྲུན། དོན་དངོས་བྱེད་ཐབས་བཅས་ལ་བརྟེན་ནས”ཞན་ཆ་གཉིས”ཀྱི་གནད་དོན་གྲུབ་འབྲས་གལ་ཆེན་སྤེལ། གཞི་རིམ་སྲིད་གྲོས་བྱ་བའི་ཞན་ཆ་དང་མི་སྣའི་སྟོབས་ཤུགས་ཀྱི་ཞན་ཆའི་གནད་དོན་ཐག་གཅོད་སྒོས། གཞི་རིམ་སྲིད་གྲོས་ལག་བསྟར་ཐད་ལ་ཆ་རྐྱེན་གསར་སྐྲུན་སྒོས་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་དག་ཐེར་ནུས་ལྡན་དུ་བཏང་ལ། ཆེད་དུ་གྲོས་མཐུན་ལས་ཁུངས་ཀྱི་བཅོས་སྐྱོང་ཁྲོད་སྒུལ་ཤུགས་གལ་ཆེན་གྱི་ནུས་པ་ཐོན་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།