ང་ཡིས་མང་ཚོགས་ལ་དོན་དངོས་བསྒྲུབ་པར་བྱ། བདེ་ཐང་ཁག་ཐེག་ལ་རིན་མེད་བརྟག་དཔྱད་སྤེལ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། སྔར་ལས་ལྷག་པའི་སྒོ་ནས་ཞིང་བ་མང་ཚོགས་ལ་གཅེས་སྤྲས་དང་ཐུགས་ཁུར། ཞིང་བ་ལས་བཟོ་པས་ཁེ་དབང་ལ་ཁག་ཁུར། ཏང་གི་སྲིད་ཇུས་ལ་ཐུགས་ཁུར་དངོས་འབེབས་བྱེད་པ་བཅས་ཀྱི་ཆེད་དུ། མང་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཏང་གི་ལོ་རྒྱུས་སློབ་གསོའི་ཁྲོད་ཀྱི”ང་ཡིས་མང་ཚོགས་ལ་དོན་དངོས་སྒྲུབ་པར་བྱེད”ཅེས་པ་དང་འབྲེལ་ནས། ཞིང་ཆེན་ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་རྒྱབ་སྐྱོར་འོག་མ་དངུལ་སྒོར་ཁྲི6བསྡུ་རུབ་ཀྱིས་མི་རེར་ཆ་སྙོམས་སྒོར600རེ་བྱས་ཏེ། སྐབས་བཞི་པའི་སྤྲོ་སྐྱིད་ལྡན་པའི་ལོ་ལེགས་དུས་ཆེན་བསླེབ་ལ་ཉེ་བའི་ཟླ9པའི་ཚེས23ཉིན། ཞིང་ཆེན་ཁམས་གསོ་སྨན་ཁང་གི་སྐད་གྲགས་ཅན་གྱི་སྨན་པ13གདན་འདྲེན་སྒོས། མང་རྫོང་མོའུ་ཁང་ཆེད་ལས་སྐྱེ་ཁམས་གླིང་དང་གཞུང་ལམ་ཞིག་གསོའི་སྲུང་སྐྱོང་རུ་ཁག་སོགས། ཁེ་ལས་མི་འདྲ་བ15ཡི་ཞིང་བ་ལས་བཟོ་པ་མི་གྲངས100ལ་རིན་མེད་བདེ་ཐང་བརྟག་དཔྱད་བྱས་པ་རེད།

བརྟག་དཔྱད་བྱ་འགུལ་གྱིས་ཞིང་བ་མང་ཚོགས་ཀྱི་དགོས་མཁོ་གཞིར་བཟུང་སྟེ། ཁོག་ནད་དང་ཕྱི་ནད་ཚན་ཁག ཁྲག་གི་རྒྱུན་ལྡན་ཚད་གཞི སྒྲ་བརྒལ། བྲང་ཁོག་པར་ལེན་སོགས་རྣམ་གྲངས14ལ་ཞིབ་བཤེར་ནན་མོ་བྱས་ཏེ། རྒྱ་ཆེའི་ཞིང་བ་ལས་བཟོ་པ་དང་མང་ཚོགས་ཀྱིས་སོ་སོར་ཕོག་ཡོད་པའི་ནད་སྔ་མོ་ནས་ཤེས་པ་དང་སྔ་མོ་ནས་ངོས་འཛིན། སྔ་མོ་ནས་སྨན་བཅོས་སྒོས་བཟོ་ཚོགས་རྩ་འཛུགས་ཀྱིས་རྒྱ་ཆེའི་ཞིང་བ་མང་ཚོགས་ལ་ཐུགས་ཁུར་དང་སེམས་ཁུར་བྱེད་པ་མངོན་དུ་བཅུག་ཡོད། ད་རུང་དཀའ་སྡུག་གི་རྨོན་འདེབས་ལ་བརྩོན་པ་དང་རྔུལ་ཆུ་གཏོང་བའི་རྒྱ་ཆེའི་ཞིང་བ་མང་ཚོགས་ཀྱིས་བཟོ་ཚོགས་རྩ་འཛུགས་ཀྱི་བརྩེ་བ་དྲོན་མོ་རུམ་ལ། བྱ་སྒྲོའི་ལྭ་བ92མར་གནང་ཡོད།

ཐེངས་འདིའི་ཞིང་བ་ལས་བཟོ་པ་ལ་ཐུགས་ཁུར་བྱེད་པའི་བྱ་འགུལ་གྱིས་ཞིང་བ་ལས་བཟོ་པའི་གཟི་བརྗིད་དང་སྐྱིད་སྣང་མཐོར་འདེགས་སུ་བཏང་ཞིང་། རྒྱ་ཆེའི་ཞིང་བ་མང་ཚོགས་ཀྱི་ཡིད་ཆེས་རང་བཞིན་ཇེ་ཆེར་བཏང་ཡོད། དེར་མཐུད་མང་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཞིང་བ་ལས་བཟོ་པར་རིན་མེད་བདེ་ཐང་བརྟག་དཔྱད་ཀྱི་བྱ་བ་སྒྲུབ་པ་སྔར་ལས་ཞིབ་ངེས། དེར་མ་ཟད་རྒྱ་ཆེའི་ཞིང་བ་མང་ཚོགས་ཀྱི་ལུས་པོའི་བདེ་ཐང་ཐད་ལའང་སྲ་བརྟན་འགྱུར་མེད་ཀྱི་འགན་སྲུང་དང་རྒྱབ་རྟེན་ཐོབ་ཡོད། རྫོང་ཡོངས་ཀྱི་རྒྱ་ཆེའི་ཞིང་བ་མང་ཚོགས་ལ་སྣེ་ཁྲིད་དེ་བློ་བརྟན་འགྱུར་མེད་སྒོས་ཏང་གི་ཁ་ལ་ཉན་པ་དང་ཏང་གི་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་མང་རྫོང་གསར་པའི་འཛུགས་སྐྲུན་ཐད་ལ་སྔར་མེད་བྱས་རྗེས་འཇོག་རྒྱུར་སྐུལ་འདེད་བཏང་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།