རང་རྒྱལ་གྱི་སྐམས་ཤ་དང་ནང་འདྲེན་སྐམས་ཤའི་རིན་གོང་ལྡོག་ནས་ཡོད་ཅིང་ལོ་མཇུག་སྔོན་ལ་སྐམས་ཤའི་རིན་གོང་སྔར་བཞིན་འཕར་རྒྱུ་རེད།

རང་རེའི་དྲ་བའི་འཕྲིན། ཀྲུང་དབྱང་བརྙན་འཕྲིན་ནོར་སྲིད་འཕྲིན་ལམ་ནས་རྒྱུས་ལོན་པ་ལྟར་ན། ཟླ9པའི་ཚེས19ཉིན། པེ་ཅིང་ས་ཁུལ་གྱི་སྐམས་ཀྱི་བྲང་ཤའི་རིན་གོང་རྒྱ་མ་རེར་སྒོར37.5ཡིན་པས། ཟླ་སྔོན་མ་དང་བསྡུར་ན3%གྱིས་འཕར་འདུག །ཉེ་ཆར་སྐམས་ཤའི་རིན་གོང་འཕར་ནའང་འཛད་སྤྱོད་པ་སྔར་བཞིན་མང་པོ་ཞིག་ཡོད་པ་རེད།

གསར་འགོད་པས་པེ་ཅིང་གི་ཚོང་ར་ཞིག་ནས་རྒྱུས་ལོན་བྱས་པ་ལྟར་ན། དུས་ཆེན་གྱི་དབང་གིས་སྐམས་ཤའི་འཛད་སྤྱོད་ཚད་ཇེ་མང་ལ་སོང་སྟེ། སྔོན་མ་དང་བསྡུར་ན30%ཡིས་འཕར་ཡོད། ཚོང་རས་ཉིན་རེར་ཐེངས་གཉིས་ནས་ཐེངས་གསུམ་ལ་སྐམས་ཤ་ནང་འདྲེན་བྱ་དགོས་ཤིང་། རྒྱུགས་ཆེ་བའི་ཤ་གཙོ་བོ་ནི་རྩིབ་ཤ་དང་བྲང་ཤ། དཔྱི་ཤ་བཅས་སོ། །རང་རྒྱལ་གྱི་སྐམས་ཤ་དང་བསྡུར་ན་ཕྱི་རྒྱལ་ནས་ནང་འདྲེན་བྱས་པའི་སྐམས་ཤའི་ཕྱིར་འཚོང་ཚད་མངོན་གསལ་གྱིས་ཇེ་མང་ལ་སོང་ཡོད། ཚོང་ར་དེར་དཔེ་བཞག་ནའང་། ལོ་སྟོད་ཚུན་ལ་ནང་འདྲེན་སྐམས་ཤའི་ཕྱིར་འཚོང་ཚད30%ཡིས་ཇེ་མང་ལ་སོང་ཡོད་པ་རེད།

རྒྱལ་ནང་ནས་ཕྱིར་འཚོང་ཚད་ཆེས་བཟང་བའི་སྐམས་ཀྱི་བྲང་ཤར་དཔེ་བཞག་པ་ཡིན་ན། ད་སྔར་རང་རྒྱལ་གྱི་སྐམས་ཤ་རྒྱལ་ཡོངས་ནས་རྒྱ་མ་རེར་སྒོར50དང་ནང་འདྲེན་སྐམས་ཤའི་རིན་གོང་རྒྱ་མ་རེར་སྒོར35-40བར་རེད། ལས་གཉེར་མི་སྣས་བཤད་རྒྱུར། ཉེ་བའི་ལོ་འདི་འགར། རང་རྒྱལ་གྱི་སྐམས་ཤ་དང་ནང་འདྲེན་སྐམས་ཤའི་རིན་གོང་ལྡོག་ནས་ཡོད། ཉེ་ཆར། སྐམས་ཤ་ནང་འདྲེན་ཚད་ཇེ་ཉུང་ལ་སོང་ཡོད་པས། སླད་ཕྱིན་གྱི་སྐམས་ཤའི་རིན་གོང་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ནས། སྔོན་རྩིས་ལྟར་ན་ལོ་མཇུག་སྔོན་ལ་སྐམས་ཤའི་རིན་གོང་སྔར་བཞིན་འཕར་རྒྱུ་རེད་ཟེར།

པར་ཙིར་རྒྱལ་ཁབ་ནི་རང་རྒྱལ་གྱིས་སྐམས་ཤ་ནང་འདྲེན་བྱེད་སའི་ཐོན་སྐྱེད་ས་ཁུལ་གལ་ཆེན་གྲས་ཀྱི་གཅིག་ཡིན། ཉེ་ཆར། པར་ཙིར་རྒྱལ་ཁབ་ནས་གླང་སྨྱོན་ནད་དུག་ཕོག་པའི་ནད་དཔེ་གཉིས་གཏན་འབེབས་ཤེས་རྟོགས་བྱུང་། ས་གནས་དེ་གའི་ཞིང་ལས་སྡེ་ཁག་གིས་རྟོག་ཞིབ་མཇུག་འབྲས་ལས། ཐེངས་འདིའི་གླང་སྨྱོན་ནད་དུག་དེ་གཟན་ཆས་ལ་འབྲེལ་བ་མེད་ཅིང་། མཁོ་འདོན་བྱེད་པའི་སྐམས་ཤར་འཇིགས་སྐུལ་མི་ཐེབས་པ་ར་སྤྲོད་བྱས་ནའང་། ཀྲུང་གོས་མིང་རྟགས་བཀོད་པའི་འཕྲོད་བསྟེན་ཆིངས་ཡིག་ལྟར། ཟླ9པའི་ཚེས4ཉིན་ནས་བཟུང་པར་ཙིར་རྒྱལ་ཁབ་ནས་རང་རྒྱལ་ལ་སྐམས་ཤའི་ཕྱིར་གཏོང་ཚད་མཚམས་བཞག་པ་རེད།

ད་སྔར། ཀྲུང་གོ་ནི་འཛམ་གླིང་ནས་ཆེས་ཆེ་བའི་སྐམས་ཤ་ནང་འདྲེན་བྱེད་སའི་རྒྱལ་ཁབ་དུ་གྱུར་ཡོད། སྐམས་ཤའི་འཛད་སྤྱོད་ཚད་ཇེ་མང་ལ་སོང་བ་དང་བསྟུན། རང་རྒྱལ་གྱི་སྐམས་ཤ་ནང་འདྲེན་བྱེད་སའི་རྒྱལ་ཁབ་རིམ་བཞིན་ཨོ་སི་ཁྲུ་ལི་ཡ་དང་ནེའུ་ཙི་ལན་ནས་མེ་གླིང་ལྷོ་མའི་རྒྱལ་ཁབ་ལ་ཁ་ཕྱོགས་ཡོད། པར་ཙིར་ཤ་རིགས་ཕྱིར་གཏོང་བཟོ་ལས་མཐུན་ཚོགས་ཀྱིས་བསྡོམས་རྩིས་བྱས་པའི་གཞི་གྲངས་ལྟར་ན། ད་ལོའི་ཟླ་དང་པོ་ནས8པའི་བར། པར་ཙིར་ནས་ཀྲུང་གོར་ཕྱིར་གཏོང་བྱས་པའི་སྐམས་ཤས་པར་ཙིར་རྒྱལ་ཁབ་ཀྱི་སྐམས་ཤའི་སྤྱིའི་ཕྱིར་གཏོང་ཚད་ཀྱི30%ཟིན་པ་རེད།

ཉེ་ཆར་པར་ཙིར་སྐམས་ཤའི་ནང་འདྲེན་ལ་བཀག་རྒྱ་བཟོས་རྗེས། ཨུ་རུ་སུའི་སྐམས་ཤའི་ནང་འདྲེན་ཚད་ཇེ་མང་ལ་སོང་། 2021ལོའི་ཟླ8པར། ལོ་འཁོར་ལྟར་རྩིས་ན། ཨུ་རུ་སུས་རང་རྒྱལ་ལ་སྐམས་ཤའི་ཕྱིར་གཏོང་ཚད་ཏུན1000(82%འཕར)ཇེ་མང་ལ་སོང་སྟེ་ཏུན2100ལ་བསླེབས་ཡོད། 2021ལོའི་ཟླ་དང་པོ་ནས8པའི་བར། ཀྲུང་གོའི་ཁྲོམ་རས་ཨུ་རུ་སུའི་སྐམས་ཤའི་སྤྱིའི་ཕྱིར་གཏོང་ཚད64%ཟིན་ཡོད།

ཀྲུང་གོའི་སྐམས་ཤའི་འཛད་སྤྱོད་པའི་དགོས་མཁོ་ཇེ་ཆེར་སོང་སྟེ། ནང་འདྲེན་གཅིག་པུར་བརྟེན་མི་རུང་བས། ནོར་ནག་གསོ་སྤེལ་ཐོན་ལས་སྔར་ལས་འཕེལ་རྒྱས་སུ་གཏང་དགོས། ད་ལོའི་ཟླ5པར། ཞིང་ལས་ཞིང་སྡེ་པུའུ་ཡིས་དཔར་འགྲེམ་བྱས་པའི《བཤའ་ཟོག་ཐོན་སྐྱེད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལོ་ལྔའི་ལས་འགུལ་ཇུས་གཞི》ལས་གསལ་པོར་བསྟན་དོན། སྐམས་ཤ་དང་ལུག་ཤ་གཙོ་ཁྲིད་ཐོན་ལས་ཡིན་པའི་གྲོང་རྡལ་སྟོབས་ཆེན་སྐོར་ཞིག་འཛུགས་སྐྲུན་བྱ་རྒྱུ་དང་། 2025ལོའི་བར་དུ། རང་གི་སྐམས་ཤ་དང་ལུག་ཤའི་མཁོ་འདོན་ཚད85%ཡས་མས་སུ་རྒྱུན་འཁྱོངས་བྱས་ཏེ། དེའི་ཁྲོད་སྐམས་ཤའི་ཐོན་སྐྱེད་ཚད་ཏུན་ཁྲི680ཡས་མས་ཟིན་ཐུབ་པར་བྱ་རྒྱུ་བཏོན་པ་རེད།

ལོ་ཙཱ་པ། ལྷ་ཆེན་རྒྱལ།