སྲིད་འཛིན་ཁྲིམས་བསྟར་དང་སྲིད་འཛིན་ཞིབ་བཤེར་གཉིས་ཀྱིས་མཉམ་འབྲེལ་ཐོག་རང་བྱུང་ཐོན་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་སོགས་ཁྱབ་ཁོངས་ཀྱི་སྲིད་འཛིན་ཁྲིམས་ཆད་ལག་བསྟར་དཀའ་བའི་འགག་གནད་ཤུགས་ཆེན་པོས་སེལ་རྒྱུ་རེད།

ཟླ9ཚེས17ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་གསལ་ལྟར་ན། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ཁང་དང་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་བཅས་ཀྱིས《སྲིད་འཛིན་ཁྲིམས་བསྟར་དང་སྲིད་འཛིན་ཞིབ་བཤེར་མཉམ་འབྲེལ་གྱི་ནང་རྐྱེན་ལམ་ལུགས་གཟུག་པའི་སྐོར་གྱི་ལག་བསྟར་བསམ་འཆར》(གཤམ་ནས《བསམ་འཆར》ཞེས་འགོད་རྒྱུ)ལ་མིང་རྟགས་བཀོད་ཅིང་། དེས་རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་གཙོ་སྐྱོང་སྡེ་ཁག།ཞིབ་དཔྱོད་ལས་ཁུངས་ཀྱི་མཉམ་ལས་བརྗེ་སྤེལ་དང་། གྲོས་སྡུར་རམ་འདེགས། ལས་ཀ་མཉམ་སྒྲུབ་ལ་ཤུགས་སྣོན་དང་། སྲིད་འཛིན་ཁྲིམས་བསྟར་དང་སྲིད་འཛིན་ཞིབ་དཔྱོད་ལྟ་སྐུལ་གཉིས་ཀྱི་མཉམ་ལས་མཉམ་འབྲེལ་གྱི་ནང་རྐྱེན་ལམ་ལུགས་རིམ་བཞིན་ཆགས་པ། རང་བྱུང་ཐོན་ཁུངས་དང་། སྐྱེ་ཁམས་ཁོར་ཡུག་སོགས་ཁྱབ་ཁོངས་ཀྱི་སྲིད་འཛིན་ཁྲིམས་ཆད་ཐག་གཅོད་དང་ལག་བསྟར་དཀའ་གནད་ཤུགས་ཀྱིས་སེལ་བ་བཅས་སྲིད་འཛིན་ཁྲིམས་བཞིན་བསྟར་བ་དང་། ཁྲིམས་འཛིན་དྲང་གཞག་ཡོང་བར་སྐུལ་འདེད་ཧུར་ཐག་བཏང་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པར་ཁྲིམས་སྐྱོང་གི་འགན་སྲུང་འདོན་རྒྱུ་རེད།

ངོ་སྤྲོད་ལྟར་ན།《བསམ་འཆར》གྱིས་གཙོ་བོ་སྲིད་འཛིན་ཞུ་གཏུག་མིན་པའི་ལག་བསྟར་གྱོད་གཞིའི་ཁུངས་སྣེ་སྐྱེལ་བའི་ནང་རྐྱེན་ལམ་ལུགས་དམིགས་སུ་བཟུང་སྟེ། ཞིབ་བཤེར་ལྟ་སྐུལ་གྱི་ཆེད་དོན་བྱེད་སྒོ་མཉམ་འབྲེལ་ཐོག་སྤེལ་ནས་སྲིད་འཛིན་ཞུ་གཏུག་མིན་པའི་ལག་བསྟར་གྱི་ཞིབ་དཔྱོད་ལྟ་སྐུལ་ལས་ཀ་མཉམ་བསྒྲུབ་དང་། རྟོག་ཞིབ་དཔང་ལེན་དང་གསལ་འབྱེད་གཏན་འབེབས་ཀྱི་མཉམ་འབྲེལ་རམ་འདེགས་ལ་ཤུགས་སྣོན། འབྲེལ་ཡོད་ཁྲིམས་བསྟར་ཁྲིམས་འཛིན་གྱི་ཆ་འཕྲིན་མཉམ་སྤྱོད་ལམ་ལུགས་འཐུས་ཚང་བཟོ་བ། དཔེ་མཚོན་ཅན་གྱི་གྱོད་གཞི་ཁྱབ་སྒྲོག་ལམ་ལུགས་གསར་འཛུགས་སོགས་ཕྱོགས་དྲུག་ནས་རང་བྱུང་ཐོན་ཁུངས་དང་། སྐྱེ་ཁམས་ཁོར་ཡུག་གི་སྲིད་འཛིན་ཁྲིམས་སྐྱོང་ཁྱབ་ཁོངས་སུ་སྲིད་འཛིན་ཞུ་གཏུག་མིན་པའི་ཁྲིམས་བསྟར་གྱི་ཞིབ་དཔྱོད་ལྟ་སྐུལ་ནུས་པ་གང་ལེགས་འདོན་པ་དང་། ཁྲིམས་བསྟར་གཟབ་ནན་ཡིན་ལ། ཁྲིམས་འཛིན་དྲང་བཞག་ཡོང་བའི་ཕྱོགས་གཉིས་ནས་འབྲེལ་བ་དམ་པོ་བཟུང་སྟེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འགན་འཁྲི་ལག་བསྟར་ལ་སོགས་པའི་ནང་དོན་གཏན་འབེབས་བྱས་ཡོད་པ་རེད།

《བསམ་འཆར》ནང་། རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་གཙོ་སྐྱོང་སྡེ་ཚན་གྱིས་སྲིད་འཛིན་ཁྲིམས་ཆད་ཀྱི་གྱོད་གཞི་སྙན་ཞུ་བཙན་གྱིས་ལག་བསྟར་བྱེད་པའི་ཁྲོད་ཁྲིམས་འགལ་གྱི་གནས་ཚུལ་ཡོད་ཚེ། ལམ་སེང་ཞིབ་དཔྱོད་ལས་ཁུངས་ལ་ཁུངས་སྣེ་སྐྱེལ་དགོས་པ་དང་། ཞིབ་དཔྱོད་ལས་ཁུངས་ཀྱིས་ཞུ་གཏུག་མ་ཡིན་པའི་ལག་བསྟར་བྱ་སྤྱོད་ལ་ཁྲིམས་ངོས་ནས་ལྟ་རྟོག་བྱས་ཏེ། སྲིད་འཛིན་ཁྲིམས་ཆད་ཐག་བཅད་དེ་བཙན་གྱིས་བསྟར་བའི་དཀའ་གནད་སེལ་དགོས། རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་གཙོ་སྐྱོང་སྡེ་ཁག་གིས་ཞིབ་དཔྱོད་ལས་ཁུངས་ཀྱི་ཁྲིམས་བཞིན་ཞིབ་དཔྱོད་དབང་ཆ་སྤྱོད་པར་རྒྱབ་སྐྱོར་གང་ལེགས་བྱས་ནས་ཞིབ་དཔྱོད་ལས་ཁུངས་ཀྱིས་བདེན་དཔང་འཚོད་བསྡུ་དང་། རྩད་ཞིབ་ཆོད་སྡོམ་སོགས་བྱེད་པའི་བྱ་བར་རམ་འདེགས་བྱ་དགོས་པ་ནན་གྱིས་བསྟན་འདུག །

《བསམ་འཆར》ནང་། རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་སྲིད་འཛིན་ཁྲིམས་བསྟར་དང་སྲིད་འཛིན་ཞིབ་དཔྱོད་ལྟ་སྐུལ་མཉམ་འབྲེལ་གྱི་ཆ་འཕྲིན་སྟེགས་བུ་བཙུགས་ཏེ། འབྲེལ་ཡོད་ཁྲིམས་བསྟར་ཁྲིམས་འཛིན་གྱི་ཆ་འཕྲིན་མཉམ་སྤྱོད་དང་། རང་བྱུང་ཐོན་ཁུངས་དང་རང་བྱུང་ཁོར་ཡུག་གཙོ་སྐྱོང་སྡེ་ཁག་གིས་ཞིབ་དཔྱོད་ལས་ཁུངས་ལ་སྲིད་འཛིན་ཁྲིམས་ཆད་ཀྱི་ཆ་འཕྲིན་འདོན་སྤྲོད་དང་། སྲིད་འཛིན་བཙན་བསྟར་སྙན་ཞུའི་ཆ་འཕྲིན། དེ་མིན་ཁྲིམས་འགལ་སྒོས་ས་ཞིང་སྒེར་སྤྱོད་དང་སྐྱེ་ཁམས་ཁོར་ཡུག་བཙོག་བཟོའི་ཁུངས་སྣེ་སོགས་འདོན་སྤྲོད་བྱས་ཆོག ཞིབ་དཔྱོད་ལས་ཁུངས་ཀྱིས་རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་གཙོ་སྐྱོང་སྡེ་ཚན་ལ་འབྲེལ་ཡོད་སྲིད་འཛིན་ཞུ་གཏུག་མ་ཡིན་པའི་ཁྲིམས་བསྟར་གྱི་ཞིབ་དཔྱོད་ལྟ་སྐུལ་སོགས་གྱོད་གཞིའི་ཆ་འཕྲིན་འདོན་སྤྲོད་བྱ་དགོས་ཞེས་བླང་བྱ་བཏོན་ཡོད་པ་རེད།

《བསམ་འཆར》ནང་། ཕྱོགས་གཉིས་ཀའི་བློ་འདྲི་ལམ་ལུགས་བཙུགས་ནས་ལས་སྒོའི་འབྲེལ་འདྲིས་ལ་ཤུགས་བསྣན་དགོས། དེ་ཡང་འབྲེལ་ཡོད་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་མ་ཟིན་བཟོ་བ་དང་རྟོག་ཞིབ་བྱེད་པ། རིགས་པའི་ཁུངས་སྐྱེལ་ལ་སོགས་པའི་ལས་ཀའི་ཁྲོད་ཕན་ཚུན་གདན་ཞུས་ཏེ། འབྲེལ་ཡོད་ལས་སྒོའི་ཁྲོད་ཀྱི་དཀའ་གནད་ལ་བློ་འདྲི་བརྗེ་རེས་བྱེད་དགོས། དོན་དངོས་ཀྱི་གནས་ཚུལ་ལ་སྦྱར་ཏེ་ཆེད་མཁས་མཉམ་འབྲེལ་མཛོད་བཙུགས་ནས་གལ་ཆེ་ཞིང་། དོགས་གཞི་ཆེ་བ། རྙོག་འཛིན་ལྡན་པའི་གྱོད་གཞིར་རིགས་འདེད་ཁོངས་སྐྱེལ་ཕྱོགས་ནས་བསམ་ཚུལ་ཅི་ཡོད་བློ་འདྲི་བྱ་དགོས་ཤིང་། མཉམ་འབྲེལ་གྱི་ཟབ་སྦྱོང་ལམ་ལུགས་བཙུགས་ཏེ། སློབ་གསོའི་ཟབ་སྦྱོང་ཐོན་ཁུངས་མཉམ་སྤྱོད་བྱེད་དགོས། སྲིད་འཛིན་ཞུ་གཏུག་མིན་པའི་ཞིབ་དཔྱོད་ལྟ་སྐུལ་ཁྲིམས་བསྟར་གྱི་གྱོད་དཔེའི་དཔེ་སྟོན་སྣེ་འཁྲིད་ནུས་པ་གང་ལེགས་བཏོན་ནས། གཞི་རིམ་ཞིབ་དཔྱོད་ལས་ཁུངས་དང་རང་བྱུང་ཐོན་ཁུངས། སྐྱེ་ཁམས་ཁོར་ཡུག་གཙོ་སྐྱོང་སྡེ་ཚན་གྱི་ཉིན་རྒྱུན་གྱི་འབྲེལ་འདྲིས་དང་། མཉམ་ལས་མཉམ་འགུལ་ལ་སློབ་སྟོན་བྱེད་པར་སྐུལ་སྤེལ་དང་བཅས་ཁྲིམས་སྐྱོང་གི་མཉམ་ཤུགས་གཅིག་ཏུ་བསྡུ་དགོས་པ་བསྟན་ཡོད་དོ། །

ཁོན་ཐར་འཚོས་བསྒྱུར།