མཚོ་སྔོན་ཞིང་ཆེན་གྱིས2021ལོའི་གཞུང་ཞབས་པ་བསྡུ་བའི་བརྡ་ཐོ།

གྲོང་ཚོའི(སྡེ་ཁུལ)ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་འགན་སྒྲུབ་འགན་འཁུར་དང་། ལས་སྒྲུབ་ལས་གཏོད་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ལེགས་བཅོས་བྱ་ཆེད། ཡུལ་ཚོ་དང་གྲོང་རྡལ(ཁྲོམ་གཞུང་གཞུང་དོན་ཁང་)ལས་ཁུངས་ཀྱི་གཞུང་ལས་པའི་ཡོང་ཁུངས་སྔར་བས་རྒྱ་ཆེར་གཏང་ཆེད། གྲོང་ཚོའི(སྡེ་ཁུལ)ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ལ་ཁ་ཕྱོགས་ནས་ཡུལ་ཚོ་དང་གྲོང་རྡལ(ཁྲོམ་གཞུང་གཞུང་དོན་ཁང་)ལས་ཁུངས་ཀྱི་གཞུང་ཞབས་པ་བསྡུ་བའི་འབྲེལ་ཡོད་དོན་ཚན་གཤམ་གསལ་ལྟར།

གཅིག ལས་རྐང་།

ཐེངས་འདིའི་གྲོང་ཚོའི(སྡེ་ཁུལ)ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིར་ཁ་ཕྱོགས་ནས་ཡུལ་ཚོ་དང་གྲོང་རྡལ(ཁྲོམ་གཞུང་གཞུང་དོན་ཁང)ལས་ཁུངས་ཀྱི་གཞུང་ཞབས་པ20བསྡུ་རྒྱུ་ཡོངས་བསྒྲགས་བྱས་པའི་བྱེ་བྲག་གི་ལས་རྐང་གཤམ་གསལ་ལྟར།

ཟི་ལིང་གྲོང་ཁྱེར་ནས་མི་གྲངས6།

མཁར་དཀྱིལ་ས་ཁུལ་གྱི་ནན་ཁྲོན་ནུབ་ལམ་བཅས་ཀྱི་ཁྲོམ་གཞུང་གཞུང་དོན་ཁང་གི་རིམ་པ་དང་པོའི་ཀྲུའུ་རེན་ཁོའོ་ཡོན་དང་དེ་མན་གྱི་མི1 །

མཁར་བྱང་ས་ཁུལ་མ་ཧྥང་ཁྲོམ་གཞུང་གཞུང་དོན་ཁང་གི་ཀྲུའུ་རེན་རིམ་པའི་ཁོའོ་ཡོན་དང་དེ་མན་གྱི་མི1།

རྟ་ཐང་རྫོང་པའོ་ཁུའུ་ཡུལ་ཚོའི་རིམ་པ་དང་པོའི་ཀྲུའུ་རེན་ཁོའོ་ཡོན་དང་དེ་མན་གྱི་མི1།

རྟ་ཐང་རྫོང་ཧོང་ཅ་ཀྲའེ་གྲོང་རྡལ་གྱི་རིམ་པ་དང་པོའི་ཀྲུའུ་རེན་ཁོའོ་ཡོན་དང་དེ་མན་གྱི་མི1།

སྟོང་སྐོར་རྫོང་ཉི་ཟླ་ཡུལ་ཚོའི་རིམ་པ་དང་པོའི་ཀྲུའུ་རེན་ཁོའོ་ཡོན་དང་དེ་མན་གྱི་མི1།

སྟོང་སྐོར་རྫོང་པ་ཡན་ཡུལ་ཚོའི་རིམ་པ་དང་པོའི་ཀྲུའུ་རེན་ཁོའོ་ཡོན་དང་དེ་མན་གྱི་མི1བཅས་ཡོད་པ་རེད།

མཚོ་ཤར་གྲོང་ཁྱེར་ནས་མི་གྲངས5།

ཧོར་གྲོང་རྫོང་རྒྱ་ཏིག་གྲོང་རྡལ་གྱི་རིམ་པ་དང་པོའི་ཀྲུའུ་རེན་ཁོའོ་ཡོན་དང་དེ་མན་གྱི་མི1།

ཡ་རྫི་རྫོང་རྡོ་སྦིས་ཡུལ་ཚོའི་རིམ་པ་དང་པོའི་ཀྲུའུ་རེན་ཁོའོ་ཡོན་དང་དེ་མན་གྱི་མི1།

གཞོང་ཐང་རྫོང་ཞི་ཀོའུ་ཡུལ་ཚོའི་རིམ་པ་དང་པོའི་ཀྲུའུ་རེན་ཁོའོ་ཡོན་དང་དེ་མན་གྱི་མི1།

ལུང་མདོ་ས་ཁུལ་ལིས་ཅ་ཡུལ་ཚོའི་རིམ་པ་དང་པོའི་ཀྲུའུ་རེན་ཁོའོ་ཡོན་དང་དེ་མན་གྱི་མི1།

དཔའ་ཞུང་རྫོང་ནང་སྟོད་གྲོང་རྡལ་གྱི་རིམ་པ་དང་པོའི་ཀྲུའུ་རེན་ཁོའོ་ཡོན་དང་དེ་མན་གྱི་མི1བཅས་ཡོད་པ་རེད།

མཚོ་ནུབ་ཁུལ་ནས་མི་གྲངས4།

གཏེར་ལེན་ཁ་གྲོང་ཁྱེར་མཚོ་ཆུང་གྲོང་རྡལ་གྱི་རིམ་པ་དང་པོའི་ཀྲུའུ་རེན་ཁོའོ་ཡོན་དང་དེ་མན་གྱི་མི1།

མང་ཡ་གྲོང་ཁྱེར་མང་ཡ་གྲོང་རྡལ་གྱི་རིམ་པ་དང་པོའི་ཀྲུའུ་རེན་ཁོའོ་ཡོན་དང་དེ་མན་གྱི་མི1།

གཏེར་ལམ་རྫོང་ཤང་ཅ་ཡུལ་ཚོའི་རིམ་པ་དང་པོའི་ཀྲུའུ་རེན་ཁོའོ་ཡོན་དང་དེ་མན་གྱི་མི1།

དབུས་ལམ་རྫོང་མཐོན་པོ་ཡུལ་ཚོའི་རིམ་པ་དང་པོའི་ཀྲུའུ་རེན་ཁོའོ་ཡོན་དང་དེ་མན་གྱི་མི1།

མཚོ་ལྷོ་ཁུལ་ནས་མི་གྲངས1།

བྲག་དཀར་རྫོང་ཆུ་སྔོན་གྲོང་རྡལ་གྱི་རིམ་པ་དང་པོའི་ཀྲུའུ་རེན་ཁོའོ་ཡོན་དང་དེ་མན་གྱི་མི1།

མཚོ་བྱང་ཁུལ་ནས་མི་གྲངས1།

མདའ་བཞི་རྫོང་ཝ་མགྱོགས་ཡུལ་ཚོའི་རིམ་པ་དང་པོའི་ཀྲུའུ་རེན་ཁོའོ་ཡོན་དང་དེ་མན་གྱི་མི1།

ཡུལ་ཤུལ་ཁུལ་ནས་མི་གྲངས1།

འབྲི་སྟོད་རྫོང་སྟོད་རྩེ་ཡུལ་ཚོའི་རིམ་པ་དང་པོའི་ཀྲུའུ་རེན་ཁོའོ་ཡོན་དང་དེ་མན་གྱི་མི1།

མགོ་ལོག་ཁུལ་ནས་མི་གྲངས1།

རྨ་ཆེན་རྫོང་རྟ་བོ་ཡུལ་ཚོའི་རིམ་པ་དང་པོའི་ཀྲུའུ་རེན་ཁོའོ་ཡོན་དང་དེ་མན་གྱི་མི1།

རྨ་ལྷོ་ཁུལ་ནས་མི་གྲངས1།

སོག་རྫོང་གསེར་ལུང་ཡུལ་ཚོའི་རིམ་པ་དང་པོའི་ཀྲུའུ་རེན་ཁོའོ་ཡོན་དང་དེ་མན་གྱི་མི1བཅས་བསྡུ་རྒྱུ་ཡིན་པ་རེད།

གཉིས། རྒྱུགས་སྤྲོད་ཡུལ་དང་ཆ་རྐྱེན།

(གཅིག)ཐོ་འགོད་རྒྱུགས་སྤྲོད་བྱ་ཡུལ། གྲོང་ཚོའི(སྡེ་ཁུལ)ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་འགན་འཁུར་བཞིན་ཡོད་ཅིང་། འཁུར་བཞིན་པ་ལོ3ཟིན་པའམ་ཡང་ན་གྲོང་ཚོའི(སྡེ་ཁུལ)ཀྲུའུ་རེན་དང་གྲོང་ཚོའི(སྡེ་ཁུལ)ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་འགན་འཁུར་ཡུན་ལོ3ཟིན་ཡོད་པ། ལས་འགན་འཁུར་པའི་དུས་ཚོད་དེ2021ལོའི་ཟླ9པའི་ཚེས22ཉིན་བར་བརྩི་རྒྱུ་ཡིན་པ་རེད།

ཐོ་འགོད་མཁན་གྱིས་རང་ཉིད་ལས་གནས་ཐོག་སྡོད་པའི་གྲོང་ཁྱེར་དང་ཁུལ་གྱི་ལས་རྐང་བདམས་ནས་ཐོ་འགོད་བྱས་ཆོག་དང་། མི་རེ་རེ་ནས་ལས་རྐང་གཅིག་གི་བདམས་དགོས།

(གཉིས)ཐོ་འགོད་ཆ་རྐྱེན།

1.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྡོད་དམངས་ཀྱི་ཐོབ་ཐང་ཡོད་་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བརྩི་སྲུང་བྱེད་པ། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བརྩི་སྲུང་བྱེད་པ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་ཡིན་པ།

2.ཏང་གི་སྒྲིག་ཁྲིམས་དང་སྒྲིག་སྲོལ།རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་བརྩི་སྲུང་བྱེད་པ་དང་། སྤྱོད་ལམ་ཡང་དག་ཡིན་པ། སྤྱོད་གཙང་སྤྱི་གཞོལ། སྤྱོད་ཚུལ་དམངས་གཙོ་ཡིན་པ།

3.གཞི་རིམ་གྱི་གནས་ཚུལ་ལ་རྒྱུས་མངའ་ཡོད་པ་དང་། མང་ཚོགས་ཀྱི་ལས་དོན་བསྒྲུབ་མཁས་པ་དང་། ལས་ལ་དགའ་ཞིང་བརྩོན་པ་དང་། གྲུབ་འབྲས་མངོན་གསལ་ཡིན་པ། རྩ་འཛུགས་ཀྱིས་ཁས་ལེན་པ། མང་ཚོགས་ཀྱིས་ཁས་ལེན་པ།

4.མཐོ་རིམ་སློབ་འབྲིང་དང་དེའི་ཡན་གྱི་སློབ་གཉེར་བརྒྱུད་རིམ་ཡོད་ཅིང་། རང་ལོ18ཡན་དང་། རང་ལོ45མན(1975ལོའི་ཟླ9པའི་ཚེས22ཉིན་ནས2003ལོའི་ཟླ9པའི་ཚེས་22ཉིན་བར)ཡིན་དགོས།

5.འགན་འཁྲི་རྒྱུན་གཏན་ལྟར་སྒྲུབ་པའི་གཟུགས་པོའི་ཆ་རྐྱེན་དང་སེམས་ཁམས་ཀྱི་བྱང་ཚད་ལྡན་པ་དང་། ལས་གནས་ཀྱི་བླང་བྱ་དང་མཐུན་པའི་ལས་ཀའི་འཇོན་ཐང་ལྡན་པ།

6.ཐོ་འགོད་མཁན་གྱིས་རྒྱུགས་སྤྲད་ནས་བྱ་བའི་ཁྲོད་བསྡུ་ལེན་བྱས་རྗེས་འབྲེལ་བ་ལས་གཡོལ་བའི་ལས་གནས་གྲུབ་མི་ཆོག

གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན་ཐོ་འགོད་བྱས་མི་ཆོག་པ་སྟེ།

1.ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་མེད་པར“ངོ་གཉིས་མ”བྱེད་མཁན།

2.སྒྲིག་འགལ་ཁྲིམས་འགལ་གྱི་དོགས་གཞི་ཡོད་པས་རྩ་འཛུགས་ཀྱི་བརྟག་དཔྱད་དང་ལེན་བྱས་ཀྱང་ད་དུང་མཇུག་བསྡོམས་བྱས་མེད་པའི་རིགས།

3.ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་ཕོག་ཀྱང་ཤུགས་རྐྱེན་ཐེབས་པའི་དུས་ཡུན་ནང་ཡིན་པ།

4.ཉེས་བསགས་པའི་རྐྱེན་གྱིས་ཉེས་དོན་གྱི་ཆད་པ་ཕོག་མྱོང་བའམ་ཡང་ན“འཆལ་རྒྱན་དུག་གསུམ་”སོགས་ཀྱི་བྱ་སྤྱོད་སྤེལ་རྐྱེན་སྲིད་འཛིན་ཐོག་ནས་བཀག་ཉར་བྱེད་མྱོང་རིགས།

5.ཉེ་བའི་ལོ་གསུམ་ནང་ཏང་ཡོན་གྱི་དམངས་གཙོའི་དཔྱད་བསྡུར་བྱས་ཀྱང་ཚད་མི་ལོན་པའམ་ཡང་ན་བྱས་འབྲས་ཞིབ་དཔྱད་བྱས་ཀྱང་ཚད་གཞི་མ་ལོན་པའི་རིགས།

6.ལས་འགན་འཁུར་རིང་གི་ལོ་གསུམ་ནང་ཚུན་གྲོང་ཚོའི(སྡེ་ཁུལ)ཏང་རྩ་འཛུགས་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་སུ་ངོས་འཛིན་བྱས་པ།

7.ཁྲིམས་ལྟར་ཡིད་རྟོན་མེད་པར་མཉམ་འབྲེལ་ཆད་གཅོད་བསླབ་འདོམས་བྱ་ཡུལ་དུ་བརྩིས་རིགས།

8.བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་གཞུང་ཞབས་པར་བསྡུ་མི་ཆོག་པའི་གནས་ཚུལ་གཞན་དག་ཡོད་རིགས་བཅས་ཡིན།

གསུམ། ཐོ་འགོད་དང་ཐོབ་ཐང་ཞིབ་བཤེར་བྱེད་པ།

ཐེངས་འདིར་ཡུལ་དངོས་སུ་མིང་ཐོ་འགོད་པ་དང་།ཡུལ་དངོས་སུ་ཐོབ་ཐང་ཞིབ་བཤེར་བྱ་དགོས་ཞིང་། མིང་ཐོ་འགོད་པའི་དུས་ཚོད་ནི2021ལོའི་ཟླ9པའི་ཚེས22ཉིན་ནས་ཟླ9པའི་ཚེས27ཉིན་བར་ཡིན་ཞིང་། ཟླ9པའི་ཚེས28ཉིན་གྱི་ཆུ་ཚོད་8:30ནས་17:00བར་ནི་སྙོམས་སྒྲིག་བྱ་དགོས་པ་རེད།

ཐོ་འགོད་བྱས་པའི་གྲོང་ཚོའི(སྡེ་ཁུལ)ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིར་ས་དེ་དེ་གའི་ཡུལ་ཚོ་དང་གྲོང་རྡལ(ཁྲོམ་གཞུང་དོན་གཅོད་ཁང་)ཏང་ཨུས་མོས་མཐུན་ཐོབ་རྗེས་རྫོང(གྲོང་ཁྱེར་དང་ས་ཁུལ)ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་པུའུ་རུ་མིང་ཐོ་འགོད་པར་སྐྱོད་དགོས་པ་དང་རྫོང(གྲོང་ཁྱེར་དང་ས་ཁུལ)ཨུ་ཡོན་ལྷན་ཁང་རྩ་འཛུགས་པུའུ་ཡིས་ཐོག་མའི་ཞིབ་བཤེར་བྱས་རྗེས་གྲོང་ཁྱེར(ཁུལ)ཨུ་ལྷན་རྩ་འཛུགས་པུའུ་ལ་ཞིབ་བཤེར་གཏན་འབེབས་བྱ་རྒྱུར་འབུལ་དགོས་ཀྱི་ཡོད་པ་རེད། མིང་ཐོ་འགོད་སྐབས་ངེས་པར་དུ《མཚོ་སྔོན་ཞིང་ཆེན་གྱི2021ལོར་གྲོང་ཚོའི(སྡེ་ཁུལ)ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཡོངས་བསྒྲགས་ཀྱི་ཡུལ་ཚོ་ང་གྲོང་རྡལ(ཁྲོམ་གཞུང་དོན་གཅོད་ཁང)ལས་ཁུངས་ཀྱི་གཞུང་ཞབས་པའི་ཐོ་འགོད་རེའུ་མིག》མ་ཡིག་གཅིག་དང་བུ་ཡིག་བཞི(པར་འགྲེམས་གློག་རྡུལ་པར་གཞིའི་ལག་ཁྱེར་པར་འདེབས)དང་། མི་སྒེར་གྱི་ཐོབ་ཐང་ལག་ཁྱེར། ཁྱིམ་ཐོ། བསླབ་རིམ་ལག་ཁྱེར། གཟི་བརྗིད་མཚན་སྙན་ལག་ཁྱེར། འགན་འཁུར་ཡིག་ཆ་བཅས་མ་ཡིག་གཅིག་རེ་དང་གློག་རྡུལ་པར་གཞིའི་ཉེ་དུས་ཀྱི་ཚུན2ཅན་རེ་སྤྲོད་དགོས། མིང་ཐོ་འགོད་པའི་རྒྱུ་ཆ་ནིA4ཤོག་བུ་ཡིས་དཔར་བའམ་བསྐྱར་དཔར་བྱ་དགོས།

བཞི། རྒྱུགས་ལེན་པའི་ནང་དོན་དང་། དབང་ཆ། དུས་ཚོད། ས་གནས།

རྒྱུགས་ལ་ཡིག་རྒྱུགས་དང་ཁ་རྒྱུགས་གཉིས་སུ་དབྱེ་ཡོད་པ་དང་། ཡིག་རྒྱུགས་ནི་ཞིང་ཆེན་གཞུང་ཞབས་པ་ཅུའུ་ཡིས་གཅིག་གྱུར་ཐོག་སྒྲིག་འཛུགས་དང་ལག་བསྟར་བྱས་པ་ཞིག་ཡིན་པ་དང་ཡིག་རྒྱུགས་ཀྱི་སློབ་ཚན་དེ《ཕྱོགས་བསྡུས་ནུས་པའི་ཚོད་ལེན》ཡིན་པ་དང་།དུས་ཚོད་ནི2021ལོའི་ཟླ་10པའི་ཚེས་16ཉིན་གྱི་ཆུ་ཚོད9:00ནས11:30བར་ཡིན་ཞིང་། བྱེ་བྲག་གི་ཡིག་རྒྱུགས་ས་གནས་དེ་ཡིག་རྒྱུགས་ཀྱི་ཆོག་འཐུས་ལག་ཁྱེར་ཚད་གཞིར་འཛིན་དགོས། རྒྱུགས་བསྡུའི་མི་གྲངས་ཀྱི་བསྡུར་གྲངས་ནི1:3གཏན་འཁེལ་བྱ་རྒྱུ་དང་།ཁ་རྒྱུགས་གྲོང་ཁྱེར(ཁུལ)ཨུ་ལྷན་རྩ་འཛུགས་པུའུ་ཡིས་སྒྲིག་འཛུགས་བྱས་ནས་ལག་བསྟར་བྱ་རྒྱུ་དང་བྱེ་བྲག་གི་དུས་ཚོད་དང་ས་གནས་ཡང་བསྐྱརབཀོད་སྒྲིག་བྱ་རྒྱུ་རེད།

ཡིག་རྒྱུགས་སྤྲོད་མཁན་ལ་ལས་ཀའི་སྤྱོད་ཚུལ་མངོན་གསལ་དོད་པོས་རྫོང་རིམ་པ་དང་། གྲོང་ཁྱེར་དང་ཁུལ་རིམ་པ། ཞིང་ཆེན་དང་པུའུ་རིམ་པ། རྒྱལ་ཁབ་རིམ་པ་བཅས་ཀྱི་གཟེངས་བསྟོད་ཐོབ་ཚེ་ཡིག་རྒྱུགས་ཀྱི་སྦྱངས་འབྲས་ནང་སྐར་མ1དང་། སྐར་མ3སྐར་མ5སྐར་མ7བཅས་སྣོན་རྒྱུ་ཡིན་པ་རེད།

ལྔ། བདེ་ཐང་བརྟག་དཔྱད་དང་རྟོག་ཞིབ།

ལུས་པོར་བརྟག་དཔྱད་དང་རྟོག་ཞིབ་བྱ་བའི་ཚད་གཞི་དང་བླང་བྱ་དེ་འབྲེལ་ཡོད་གཏན་འབེབས་ལྟར་ལག་བསྟར་བྱ་རྒྱུ་དང་། གྲོང་ཁྱེར(ཁུལ)སོ་སོའི་རྩ་འཛུགས་པུས་སྒྲིག་འཛུགས་ལག་བསྟར་བྱེད་འགན་འཁུར་རྒྱུ། ལུས་པོར་བརྟག་དཔྱད་དང་རྟོག་ཞིབ་བྱེད་པའི་གོ་རིམ་ཁྲོད་རིམ་གསབ་བྱ་དགོས་རིགས་ལས་གནས་དེའི་ཕྱོགས་བསྡུས་སྦྱངས་འབྲས་མཐོ་ཚད་ནས་དམའ་པོ་བར་རིམ་གསབ་ཐེངས་རེ་བྱ་དགོས།

དྲུག སྤྱི་བསྒྲགས་དང་བསྡུ་ལེན་བྱེད་པ།

གྲོང་ཁྱེར(ཁུལ)སོ་སོའི་རྩ་འཛུགས་པུས་གསར་འགྱུར་སྨྱན་སྦྱོར་དང་དེ་བཞིན་རང་གནས་སའི་ཡུལ་ཚོ་དང་གྲོང་རྡལ(ཁྲོམ་གཞུང་གཞུང་དོན་ཁང)དང་གྲོང་ཚོར(སྡེ་ཁུལ)བསྡུ་རྩིས་ཡོད་པའི་མི་སྣ་ཡོངས་བསྒྲགས་བྱ་རྒྱུའི་འགན་འཁུར་རྒྱུ་རེད། ཡོངས་བསྒྲགས་བྱས་རྗེས། གནད་དོན་གོང་ཞུ་བྱེད་པའམ་ཡང་ན་གོང་ཞུ་བྱེད་པའི་གནད་དོན་མེད་ཀྱང་བསྡུ་ལེན་བྱ་རྒྱུར་ཤུགས་རྐྱེན་མི་ཐེབས་པའི་རིགས་ལ་གཏན་འབེབས་བྱས་པའི་གོ་རིམ་ལྟར་གཞུང་ཞབས་པ་བསྡུ་ལེན་གྱི་ཞིབ་མཆན་འགོད་པའི་འགྲོ་ལུགས་གཉེར་དགོས།

ཐེངས་འདིའི་རྒྱུགས་ལེན་བསྡུ་ལེན་གྱི་ལས་ཀ་ཞིབ་ཕྲ་ས་གནས་དེ་གའི་རྫོང་(གྲོང་ཁྱེར་དང་ས་ཁུལ)གི་ཏང་ཨུ་རྩ་འཛུགས་པུའུ་དང་ཡང་ན་གྲོང་ཁྱེར་(ཁུལ་)གྱི་ཏང་ཨུ་རྩ་འཛུགས་པུའུ་ལ་འདྲི་རྩད་གནང་རོགས།

མཚོ་སྔོན་ཞིང་ཆེན་གཞུང་ཞབས་པ་ཅུའུ།

2021ལོའི་ཟླ9པའི་ཚེས་21ཉིན།

ཤ་མོ་འཚོས་བསྒྱུར།