མཚོ་སྲིད་གཞུང་ལས་ཐིན[2021]ཨང25བ།

ཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱི་མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་ཀྱི་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་ལ་མཐུན་སྦྱོར་སྐུལ་འདེད་སྒྲིག་འཛུགས་འཛུགས་པའི་སྐོར་གྱི་བརྡ་སྦྱོར།

གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་གཞུང་ལས་ཁང་། ཐིན། ཅུས་སོ་སོ་བཅས་ལ།

འབྱུང་འཕྲོད་སྐྱེ་ལྡན་གྱི་ཞིང་ཕྱུགས་ལས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་ནུས་ཤུགས་ཡོད་རྒུས་བཏོད་དེ་གྲོང་གསེབ་ཀྱི་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་སྟོབས་ཆེར་གཏོང་བ་དང་། ས་མཐོའི་དེང་རབས་གྲོང་གསེབ་ཀྱི་ཐོན་ལས་མ་ལག་གཏོད་པ། ཞིང་ཕྱུགས་ལས་ཀྱི་སྤུས་ཚད་མཐོ་ཞིང་ཕན་འབྲས་ཆེ་བ་དང་། རོང་འབྲོག་ཁུལ་གྱི་འཚོ་སྡོད་དང་བྱ་གཞག་ལ་འཚམ་པོར་ཡོང་བ། རོང་འབྲོག་མང་ཚོགས་ཕྱུག་པོར་འགྱུར་བ་བཅས་ལ་སྐུལ་འདེད་གཏོང་ཆེད། གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་ཡག་པོ་བྱེད་པ་དང་། ཞིང་ལས་དང་ཞིང་སྡེ་མགྱོགས་མྱུར་ངང་དེང་རབས་ཅན་དུ་གཏང་དགོས། བྱ་བའི་དགོས་མཁོ་གཞིར་བཟུང་སྟེ་ཞིང་ཆེན་སྲིད་གཞུང་གིས་ཞིབ་འཇུག་བྱས་ནས་མོས་མཐུན་བྱུང་བ་བརྒྱུད་དེ། གྲོང་གསེབ་ཀྱི་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་འཕེལ་རྒྱས་ལ་མཐུན་སྦྱོར་སྐུལ་འདེད་སྒྲིག་འཛུགས་བཙུགས་པ་ཡིན།

གཅིག མཐུན་སྦྱོར་སྐུལ་འདེད་སྒྲིག་འཛུགས་ཀྱི་ཁོངས་མི།

ཚན་གཙོ།  ལིའུ་ཁྲའོ། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ།

ཚན་གཙོ་གཞོན་པ། མ་རུའེ། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ།

ཝང་ཡུས་ཧུའུ། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱི་ཐིན་ཀྲང་གཞོན་པ།

ཁོངས་མི། མ་ཐུང་པང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ།

ཀྲང་ཧྲན་མིང་། ཞིང་ཆེན་ནོར་སྲིད་ཐིན་གྱི་ཐིན་ཀྲང་གཞོན་པ།

ཞུས་ཁྲུན། ཞིང་ཆེན་ཚན་རྩལ་ཐིན་གྱི་ཐིན་ཀྲང་གཞོན་པ།

ལུའོ་པའོ་ཝེ། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་གྱི་ཐིན་ཀྲང་གཞོན་པ།

ཀུང་ཨའེ་ཆི། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱི་ཐིན་ཀྲང་གཞོན་པ།

མ་ཆིང་ཏེ། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱི་ཐིན་ཀྲང་གཞོན་པ།

ཞུས་ཧུང་ཝུའེ། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱི་ཐིན་ཀྲང་གཞོན་པ།

ལི་ཅན་ལི། ཞིང་ཆེན་ས་གནས་དངུལ་རྩ་ལྟ་སྐུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ།

མཐུན་སྦྱོར་སྐུལ་འདེད་སྒྲིག་འཛུགས་ཀྱི་གཞུང་ལས་ཁང་དེ་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་རུ་བཙུགས་ཡོད་ཅིང་། ཝང་ཡུས་ཧུའུ་ཡིས་གཞུང་ལས་ཁང་གི་ཀྲུའུ་རིན་གྱི་འགན་གཅིག་ལྕོགས་སུ་འཁུར་བ་དང་། ཀྲང་ཧྲན་མིང་དང་གུང་ཨའེ་ཆི་གཉིས་ཀྱིས་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པའི་འགན་གཅིག་ལྕོགས་སུ་འཁུར་ཡོད།

གཉིས། མཐུན་སྦྱོར་སྐུལ་འདེད་སྒྲིག་འཛུགས་དང་དེའི་གཞུང་ལས་ཁང་གི་འགན་འཁྲི་གཙོ་བོ།

(གཅིག) མཐུན་སྦྱོར་སྐུལ་འདེད་སྒྲིག་འཛུགས་ཀྱི་འགན་འཁྲི་གཙོ་བོ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་བའི་མཚོ་སྔོན་འཐུས་མིའི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཟབ་མོ་བྱེད་པ་དང་། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས“དཔེ་སྟོན་ཞིང་ཆེན་ལྔ”འཛུགས་སྐྲུན་དང་། “དཔལ་འབྱོར་རྣམ་པ་བཞི”སྐྱེད་སྲིང་བྱེད་པའི་ཁྲོད་དུ་རང་འགུལ་གྱིས་མཉམ་འདྲེས་བྱེད་ཅིང་ཞབས་འདེགས་ཞུ་དགོས་པ་དང་། གྲོང་གསེབ་ཀྱི་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱ་བར་གཅིག་གྱུར་གྱིས་སྐུལ་འདེད་གཏང་དགོས། འབྲི་གཡག་དང་བོད་ལུག་སོགས་ཁྱད་ལྡན་ལེགས་ཆ་ཆེ་བའི་གཙོ་ཁྲིད་ཐོན་ལས་ལ་དམིགས་ནས་གྲོང་གསེབ་ཀྱི་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་སྒྲིག་གཞི་ལེགས་སྒྲིག་བྱ་དགོས། “སྡེ་རེར་ཁྱད་རྫས་རེའི”དཔེ་སྟོན་སྡེ་བ་དང་གྲོང་རྡལ་དང་ཞིང་ལས་ཐོན་ལས་སྟོབས་ཆེའི་གྲོང་རྡལ། དེང་རབས་ཞིང་ལས་ཐོན་ལས་གླིང་། ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་འདུ་ཚོགས་བཅས་ཀྱི་འཛུགས་སྐྲུན་ལ་ཞིབ་འཇུག་བྱས་ནས་སྐུལ་འདེད་བཏང་སྟེ། གནས་རྒྱུད་ཁྱོན་གསུམ་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བའི་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གཏོད་དགོས། ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་ལེགས་སྒྱུར་རིམ་སྤར་ལ་ཞིབ་འཇུག་བྱས་ནས་སྐུལ་འདེད་གཏོང་བ་དང་འབྱུང་འཕྲོད་སྐྱེ་ལྡན་གྱི་ཞིང་ཕྱུགས་ལས་ཐོན་རྫས་ཕྱིར་གཏོང་གི་ནུས་པ་ཆེ་རུ་གཏང་དགོས། གྲོང་གསེབ་ཀྱི་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་འགུལ་ནུས་གསར་བ་དང་ཚོང་རྟགས་གྲགས་ཅན་གསོ་སྐྱོང་བྱེད་པར་ཞིབ་འཇུག་དང་བཀོད་སྒྲིག་བྱ་དགོས། གྲོང་གསེབ་ཀྱི་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་འཆར་འགོད་དང་། ཆེད་དམིགས་འཆར་འགོད། འབྲེལ་ཡོད་ལམ་ལུགས་དང་བྱེད་ཐབས་བཅས་ལ་ཞིབ་འཇུག་བྱ་དགོས། འབྲེལ་ཡོད་སྡེ་ཚན་གྱིས་གྲོང་གསེབ་ཀྱི་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ལས་གཞི་དང་མ་དངུལ་གྱི་རྒྱབ་སྐྱོར་བརྩོན་ལེན་བྱེད་པར་མཐུན་སྦྱོར་བྱ་དགོས། བྱ་བའི་ཁྲོད་ཐོན་པའི་མངོན་གསལ་དོད་པའི་གནད་དོན་ལ་ཞིབ་འཇུག་བྱས་ནས་ཐག་གཅོད་པ་དང་། གྲོང་གསེབ་ཀྱི་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་འཕེལ་རྒྱས་གཏོང་ཐབས་དོན་འཁྱོལ་བྱེད་པར་མཐུན་སྦྱོར་ངང་སྐུལ་འདེད་གཏང་དགོས།

(གཉིས)མཐུན་སྦྱོར་སྐུལ་འདེད་སྒྲིག་འཛུགས་ཀྱི་གཞུང་ལས་ཁང་གི་འགན་འཁྲི་གཙོ་བོ་ནི། སྒྲིག་འཛུགས་ཀྱི་ནམ་རྒྱུན་གྱི་བྱ་བར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བའི་འགན་འཁུར་ནས་སྤྱི་འདོམས་མཐུན་སྦྱོར་དང་ལྟ་སྐུལ་ཞིབ་བཤེར་སོགས་ཕྱོགས་བསྡུས་རང་བཞིན་གྱི་བྱ་བ་ལེགས་སྒྲུབ་བྱེད་པར་གཞོགས་འདེགས་དང་། བྱ་བའི་འཆར་གཞི་བཟོ་བ་དང་བརྟག་དཔྱད་ཞིབ་འཇུག་བྱེད་པར་རྩ་འཛུགས་བྱེད་པ། མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔའི་འཆར་འགོད་བཅུ་བཞི་བའི”གྲོང་གསེབ་ཀྱི་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་གོང་སྤེལ་འཆར་འགོད་བཟོ་རྒྱུར་སྣེ་ཁྲིད་བྱས་ཐོག འབྲེལ་ཡོད་ཆེད་དོན་འཆར་འགོད་མཐུན་སྦྱོར་ངང་བཟོ་དགོས། མཐུན་སྦྱོར་སྐུལ་འདེད་སྒྲིག་འཛུགས་ཀྱི་ཚོགས་འདུའི་གྲོས་ཞིབ་དོན་ཚན་སྐོར་གྱི་བསམ་འཆར་དང་གྲོས་གཞི་འདོན་པ་དང་། ཚོགས་འདུའི་བཀོད་སྒྲིག་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏང་དགོས། དུས་རིམ་སོ་སོའི་དམིགས་འབེན་ལས་འགན་བགོས་ཏེ་གཤམ་སྤྲོད་བྱེད་པ་དང་ཁོངས་ཞུགས་སྡེ་ཚན་སོ་སོའི་འགན་འཁྲི་ལས་བགོས་ཞིབ་ཕྲར་བཟོ་བ། ཁོངས་ཞུགས་སྡེ་ཚན་སོ་སོས་བྱ་བ་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་དང་ལག་བསྟར་གྱི་ཕན་འབྲས་ལ་དཔྱད་ཞིབ་སོགས་བྱེད་པར་སྐུལ་འདེད་གཏང་དགོས། དྲིལ་བསྒྲགས་དང་འབྲེལ་གཏུག ཆ་འཕྲིན་འཚོལ་བསྡུ་བཅས་ཀྱི་བྱ་བ་ལེགས་པར་སྒྲུབ་པ་དང་། དུས་བཅད་ལྟར་ཕན་འབྲས་དང་ཉམས་མྱོང་ཕྱོགས་བསྡོམས་བྱས་ནས་འཆར་འགོད་ལ་དུས་ཐོག་ཏུ་ལེགས་སྒྲིག་དང་བཟོ་བཅོས་བྱས་ནས་འཐུས་ཚང་དུ་གཏང་དགོས་ཤིང་། མཐུན་སྦྱོར་སྐུལ་འདེད་སྒྲིག་འཛུགས་ཀྱིས་བཀོད་སྒྲིག་བྱས་པའི་བྱ་བ་གཞན་དག་ལེགས་འགྲུབ་བྱ་དགོས།

གསུམ། མཐུན་སྦྱོར་སྐུལ་འདེད་སྒྲིག་འཛུགས་ཀྱི་མངའ་འོག་ཏུ་ཚན་ཆུང་གསུམ་བཙུགས་ཡོད།

(གཅིག)ཕྱོགས་བསྡུས་མཐུན་སྦྱོར་ཚན་ཆུང་།

ཚན་གཙོ། ཀུང་ཨའེ་ཆི།

ཁོངས་མི། མ་ཐུང་པང་། ཀྲང་ཧྲན་མིན། ལུའོ་པའོ་ཝེ། ཞུས་ཁྲུན། ལི་ཅན་ལི། འགན་འཁྲི་ནི། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཀྱི་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་ཀྱི་ལས་གཞི་འཛུགས་སྐྲུན་གྱི་ཇུས་གཞི་བཟོ་བ་དང་། གྲོང་གསེབ་ཀྱི་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་ཀྱི་ལས་གཞི་སྐྲུན་པར་མཐུན་སྦྱོར་ངང་སྐུལ་འདེད་གཏང་དགོས། ཞིང་ཕྱུགས་ཐོན་རྫས་ལེགས་ཆ་ཅན་ལས་སྣོན་བྱེད་པའི་ཆུ་ཚད་ཇེ་མཐོར་བཏང་སྟེ་ཞིང་ཕྱུགས་ལས་ཐོན་རྫས་ཀྱི་ཚོང་རྟགས་གྲགས་ཅན་བསྐྲུན་དགོས། “སྡེ་རེར་ཁྱད་རྫས་རེའི”དཔེ་སྟོན་སྡེ་བ་དང་གྲོང་རྡལ། ཞིང་ལས་ཐོན་ལས་སྟོབས་ཆེའི་གྲོང་རྡལ། དེང་རབས་ཞིང་ལས་ཐོན་ལས་གླིང་། ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་ཀྱི་འདུ་ཚོགས་དང་ཞིང་ལས་ཐོན་རྫས་ལས་སྣོན་གླིང་། ཕ་ཡུལ་ལམ་གྲོང་གསེབ་ཏུ་ལོག་ནས་བྱ་གཞག་གསར་གཏོད་བྱེད་པའི་སྡེ་གླིང་སོགས་ལས་སྟེགས་བསྐྲུན་དགོས། གྲོང་གསེབ་ཀྱི་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་ཀྱི་སྤུས་རྟགས་བཏོད་དེ་ཐོན་ལས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་དང་། ཁྱད་ལྡན་ཐོན་ལས་ལེགས་ཆ་ཅན་ལེགས་སྒྱུར་རིམ་སྤར་དང་། ཐོན་ལས་སྦྲེལ་ཐག་ཇེ་རིང་དང་རིན་ཐང་སྦྲེལ་ཐག་ཇེ་མཐོ། མཁོ་སྤྲོད་སྦྲེལ་ཐག་འཐུས་ཚང་། ཕྱིར་འཚོང་གི་སྦྲེལ་ཐག་རྒྱ་ཆེན་བཅས་སུ་འགྲོ་བར་མཐུན་སྦྱོར་ངང་སྐུལ་འདེད་བཏང་ནས། འབྱུང་འཕྲོད་སྐྱེ་ལྡན་གྱི་ཞིང་ཕྱུགས་ལས་ཐོན་རྫས་ཕྱིར་གཏོང་གི་ནུས་པ་ཆེ་རུ་གཏང་དགོས། མཐུན་ཚོགས་ཀྱི་རིག་མཛོད་འཛུགས་པ་དང་སྣེ་འདྲེན་ཁེ་ལས་རྒྱ་ཆེར་འཕེལ་རྒྱས་སུ་བཏང་ཐོག ཞིང་ལས་ཐོན་ལས་ཅན་གྱི་མཉམ་འབྲེལ་སྒྲིག་གཞི་སྐྱེད་སྲིང་བྱ་དགོས། ཁེ་ཕན་མཉམ་འབྲེལ་གྱི་ལམ་སྲོལ་འཐུས་སྒོ་ཇེ་ཚང་དུ་བཏང་ནས་གན་རྒྱ་འཇོག་པ་དང་ཁེ་འབབ་བགོ་བའི་རྣམ་པ་དང་། རྐང་དབང་གི་རྣམ་པའི་ཁེ་ཕན་མཉམ་འབྲེལ་བྱེད་སྟངས་ཁྱབ་གདལ་དུ་བཏང་ནས། རོང་འབྲོག་མང་ཚོགས་ལ་ཐོན་ལས་ཀྱི་གནས་ཐང་འཕར་བའི་ཕན་འབྲས་ཐོབ་ཚད་ཆེ་རུ་གཏང་དགོས།

(གཉིས། )ཚན་རྩལ་འདེགས་སྐྱོར་འཆར་འགོད་ཚན་ཆུང་།

ཚན་གཙོ། མ་ཆིང་ཏེ།

ཁོངས་མི། མ་ཐུང་པང་། ཀྲང་ཧྲན་མིང་། ཞུས་ཁྲུན།

འགན་འཁྲི་ནི། རྫོང(གྲོང་ཁྱེར་དང་། ཆུས། སྲིད་འཛིན་ཨུ་ལྷན)སོ་སོས་ས་ཁོངས་ཀྱི་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་གོང་སྤེལ་འཆར་འགོད་བཟོ་བར་མཛུབ་སྟོན་བྱེད་པ་དང་། འབྱུང་འཕྲོད་སྐྱེ་ལྡན་གྱི་ཞིང་ཕྱུགས་ལས་ཐོན་རྫས་ཁས་ལེན་དཔང་འདོན་ལ་སྐུལ་འདེད་བཏང་ནས། ལེགས་ཆ་ཆེ་བའི་ཐོན་ལས་ཀྱི་སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞིང་ཕྱུགས་ལས་ཐོན་རྫས་ཚད་ལྡན་ཅན་དུ་ཐོན་སྐྱེད་བྱེད་པར་སྐུལ་འདེད་གཏང་དགོས། ཐོན་སློབ་ཞིབ་གསུམ་ཟུང་དུ་སྦྲེལ་བའི་ལག་བསྟར་ལམ་སྲོལ་བཙུགས་ནས་གཉེར་སྐྱོང་བྱེད་པོས་ལག་རྩལ་གསར་གཏོད་བྱེད་པར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏང་དགོས། གྲོང་གསེབ་ཀྱི་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་འཛུགས་སྐྲུན་ཁྲོད་འཕྲད་པའི་ལག་རྩལ་གྱི་གནད་དོན་གལ་ཆེན་ཞིབ་འཇུག་བྱས་ནས་ཐག་བཅད་དེ། རང་ཞིང་གི་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་ཀྱི་འགྲན་རྩོད་ནུས་ཤུགས་ཆེ་རུ་གཏང་དགོས།

(གསུམ)དཔྱད་ཞིབ་གདེང་འཇོག་ཚན་ཆུང་།

ཚན་གཙོ། ཞུས་ཧུང་ཝེ།

ཁོངས་མི། མ་ཐུང་པང་། ཀྲང་ཧྲན་མིང་། ལི་ཅན་ལི།

འགན་འཁྲི་ནི། རྒྱལ་ཁབ་ཀྱི་གྲོང་གསེབ་ཀྱི་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་ཀྱི་དཔྱད་ཞིབ་དམིགས་ཚད་མ་ལག་གཞིར་བཟུང་སྟེ། དོན་དངོས་ལ་གཞིགས་ནས་དཔྱད་ཞིབ་དམིགས་ཚད་ཞིབ་ཕྲར་བཟོ་བ་དང་ཚད་བཅད་དེ་ལས་རྗེས་དཔྱད་ཞིབ་བྱ་བ་བསྒྲུབས་རྗེས། བླང་བྱ་ལྟར་ཞིང་ལས་ཞིང་སྡེ་པུའུ་དང་ནོར་སྲིད་པུའུ་ལ་དཔྱད་ཞིབ་བྱས་འབྲས་སྙན་སེང་ཞུ་དགོས། གྲོང་ཁྱེར་དང་ཁུལ་། རྫོང(ཆུས། གྲོང་ཁྱེར། སྲིད་འཛིན་ཨུ་ལྷན)སོ་སོའི་གྲོང་གསེབ་ཀྱི་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་ལས་གཞི་ལ་མཛུབ་སྟོན་དང་། མ་དངུལ་དོ་དམ། ལྟ་སྐུལ་ཞིབ་བཤེར་བཅས་བྱེད་པར་ཤུགས་བསྣན་དགོས།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།

2021ལོའི་ཟླ3པའི་ཚེས4ཉིན།